2019ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྒྱུ་རྩལ་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞིའི་སྐར་མའི་ཚད་ཐིག་སྤྱི་བསྒྲགས་བྱས་པའི་ཐད་ཀྱི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་སློབ་བསྡུ་ཨུ་ཡོན་ལྷན་ཁང་།[2019]ཨང་རྟགས2པ།

མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་གིས2019ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྒྱུ་རྩལ་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞིའི་སྐར་མའི་ཚད་ཐིག་སྤྱི་བསྒྲགས་བྱས་པའི་ཐད་ཀྱི་བརྡ་སྦྱོར།

གྲོང་ཁྱེར(ཁུལ)དང་རྫོང(ས་ཁུལ)སོ་སོའི་སློབ་བསྡུའི་ཨུ་ཡོན་ལྷན་ཁང་།

མཚོ་སྔོན་ཞིང་ཆེན་གྱི2019ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞིའི་སྐར་མའི་ཚད་ཐིག་གཏན་འབེབས་བྱས་ཟིན་པ། ད་ལྟ་སྤྱི་བསྒྲགས་བྱ་རྒྱུ།

གཅིག རི་མོའི་རིགས། སྐར་མ། 173.00

གཉིས། མི་རིགས་བཟོ་རྩལ་རི་མོ། སྐར་མ། 229.00

གསུམ། རོལ་མོ་རིག་པ། སྐར་མ། 120.00

བཞི། རོལ་མོ་འཁྲབ་སྟོན། སྐར་མ། 120.00

ལྔ། ཞབས་བྲོའི་རིགས། སྐར་མ། 94.00

དྲུག སྙན་སྒྲོན་དང་མདོ་འཛིན་རིགས། སྐར་མ། 220.00

2019ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞིའི་སྐར་འབྲས་དང་ཚད་མཐུན་དཔང་ཡིག་རྒྱུགས་ཞུགས་སློབ་མའི་ཁྱིམ་ཐོ་ཡོད་སའི་རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་གིས་གཤམ་སྤྲོད་གནང་རྒྱུ། སྐར་འབྲས་དང་ཚད་མཐུན་དཔང་ཡིག་ལེན་པའི་དུས་ཚོད2019ལོའི་ཟླ1ཚེས18ཉིན་ནས་ཚེས19ཉིན་བར་ཡིན། ས་ཁུལ་སོ་སོའི་རྒྱུགས་ཁུལ་གཞུང་སྒྲུབ་ཁང་གིས་སྐར་འབྲས་དང་ཚད་མཐུན་དཔང་ཡིག་གཤམ་སྤྲོད་བྱེད་པའི་ལས་དོན་དུས་ལྟར་ལེགས་འགྲུབ་བྱ་དགོས།

མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་བསྡུ་ཨུ་ཡོན་ལྷན་ཁང་།

2019ལོའི་ཟླ1ཚེས16ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།