རང་ཞིང་གིས་ཚེ་གང་གི་ལས་རིགས་འཇོན་ནུས་གསབ་སྦྱོང་ལམ་ལུགས་དར་སྤེལ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དོན་སྤྱི་ཚོགས་ཐིན་གྱིས་ཞིང་ཆེན་སྲིད་གཞུང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པའི《ཚེ་གང་པོའི་ལས་རིགས་འཇོན་ནུས་གསབ་སྦྱོང་ལམ་ལུགས་ལག་བསྟར་བསམ་འཆར》(མཚོ་སྔོན་སྲིད་གཞུང〔2018ལོའི〕ཡིག་ཆ་ཨང95པ)ལྟར་ཞིང་ཆེན་ཡོངས་སུ་མི་ཚེ་ཧྲིལ་པོར་ལས་རིགས་འཇོན་ནུས་གསབ་སྦྱོང་ལམ་ལུགས་ལ་སྐུལ་འདེད་བྱས་པ་རེད།

ལག་བསྟར་བསམ་འཆར་དེས་མི་ཚེ་ཧྲིལ་པོའི་ལས་རིགས་འཇོན་ནུས་གསབ་སྦྱོང་གི་མཛུབ་སྟོན་དགོངས་དོན་དང་གཞི་རྩའི་རྩ་དོན། དམིགས་འབེན་འགན་འཁྲི་གཏན་ཁེལ་གསལ་པོ་བྱས་ཏེ། མི་ཚེ་ཧྲིལ་པོའི་ལས་རིགས་འཇོན་ནུས་གསབ་སྦྱོང་མ་ལག་དང་བྱ་བའི་སྒྲིག་གཞི་གསར་འཛུགས་བྱས་ནས། ལས་རིགས་འཇོན་ནུས་གསབ་སྦྱོང་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་པ། ལས་རིགས་འཇོན་ནུས་ཀྱི་གསབ་སྦྱོང་རྨང་གཞིའི་བྱེད་ནུས་འཛུགས་སྐྲུན་སོགས་ཀྱི་བྱ་བའི་བྱེད་ཐབས་གཙོ་བོར་ནུས་ཤུགས་འདོན་པ། རིམ་པ་སོ་སོའི་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོའི་ལས་རིགས་གསབ་སྦྱོང་བྱ་བ་དེ་མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་འགན་འཁྲི་གཙོ་བོར་བཟུང་སྟེ། གྲོས་ཆོད་གལ་ཆེན་གྱི་ཉིན་རྒྱུན་བྱེ་བྲག་བླང་བྱ་འདོན་སྤེལ་བྱས། དེ་དང་ཆབས་ཅིག་རིམ་པ་སོ་སོའི་སྲིད་གཞུང་གིས་རིམ་པ་སོ་སོའི་ལས་རིགས་གསབ་སྦྱོང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལ་ཤུགས་སྣོན་བྱེད་པའི་དགོས་མཁོ་དང་བསྟུན་ནས་མ་དངུལ་གཏོང་བའི་ཚད་གཞི་ཡང་ཇེ་ཆེར་གཏོང་བ། སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་གསར་འཛུགས་བྱས་ཏེ། མི་དོན་སྤྱི་ཚོགས་ཀྱི་གཅིག་གྱུར་མཉམ་སྦྱོར་འོག་བཅོས་སྒྱུར་འཕེལ་རྒྱས་དང་སློབ་གསོ། ཚན་རྩལ། བཟོ་ལས། བརྡ་འཕྲིན་ཅན། ནོར་སྲིད། དམངས་སྲིད། སྡོད་ཁང་། ཞིང་ལས་ཞིང་སྡེ། དབུལ་སྐྱོར་སོགས་སྡེ་ཁག་དག་གིས་རང་གི་འགན་འཁྲི་ཁུར་དུ་བླངས་ནས་ཕན་ཚུན་བར་ལ་རམ་འདེགས་གང་ལེགས་སྒོས་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་སོགས་རྒྱ་ཆེའི་མི་དམངས་ཀྱི་ཚོགས་སྤྱི་བྱ་བའི་སྒྲིག་གཞིའི་ཁྲོད་ཟབ་ཞུགས་བྱས་ཏེ་ལས་རིགས་ཀྱི་གསབ་སྦྱོང་བྱ་བ་དེ་ཐུན་མོང་སྒོས་སྐུལ་འདེད་བྱས་པ་རེད།

དེ་ལས་གཞན་མཚོ་སྔོན་ཞིང་ཆེན་མི་དོན་སྤྱི་ཚོགས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་མི་ཚེ་ཧྲིལ་པོར་ལས་རིགས་འཇོན་ནུས་གསབ་སྦྱོང་ལམ་ལུགས་ལག་བསྟར་བསམ་འཆར》ཞེས་པ་དེ་ལག་ལེན་མཐར་ཕྱིན་བྱེད་པ་གཙོ་གནད་དུ་བཟུང་ནས་གཅིག་བསྡུས་ཀྱིས་སྲིད་ཇུས་ཀློག་འགྲེལ་བྱེད་པ། ཚགས་པར་དང་དྲ་རྒྱ་སོགས་ཀྱི་དྲིལ་སྒྲོག་སྨྱན་བྱེད་བེད་སྤྱད་དེ་སྤྱི་ཚོགས་ཧྲིལ་བོའི་གཅིག་བསྡུས་སྒོས་མི་ཚེ་ཧྲིལ་པོའི་ལས་རིགས་འཇོན་ནུས་གསབ་སྦྱོང་ལམ་ལུགས་ལ་དྲིལ་སྒྲོག་སློབ་སྦྱོང་བྱེད་པ་དང་སྤྱི་ཚོགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དོན་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སློབ་སྦྱོང་བྱེད་པ་རྩ་འཛུགས་སྒོས་གཞུག་ཕྱོགས་ཀྱི་བྱ་བའི་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་དགོས་པ་བསྟན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།