རང་ཞིང་ལ་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་གསར་པ5གསར་སྣོན་བྱུང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས9ཉིན། ཞིང་ཆེན་བཟོ་ལས་བརྡ་འཕྲིན་ཐིན་ནས་བསྒྲགས་པའི་འཕྲིན་བཟང་ལྟར་ན། རང་ཞིང་ལ་ཞིང་ཆེན་རིམ་པའི་ཁེ་ལས་ལྟེ་གནས་གསར་པ5གསར་འཛུགས་བྱུང་པ་དང་མིག་སྔའི་བར་ཞིང་ཆེན་ནང་ཁུལ་དུ་ཞིང་ཆེན་རིམ་པ་ཡན་གྱི་ལག་རྩལ་ལྟེ་གནས་ཁེ་ལས40ལྷག་ཡོད།

《མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལག་རྩལ་ལྟེ་གནས་ཀྱི་ངོས་ལེན་དང་བདག་དོམ་ཐབས་ལམ》གཞིར་བཟུང་སྟེ། རང་ཞིང་གིས་ཧུར་ཐག་སྒོས་ཁེ་ལས་གཙོ་བོ་ཡིན་པའི་ལག་རྩལ་གསར་གཏོད་ཀྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་ནུས་ཤུགས་གང་ཡོད་སྒོས་ཁེ་ལས་ཀྱི་གསར་གཏོད་ནུས་ཤུགས་ལ་སྐུལ་འདེད་བྱེད་པ། དེ་མིན་ཞིང་ཆེན་བཟོ་ལས་བརྡ་འཕྲིན་ཐིན་དང་ཞིང་ཆེན་བཅོས་སྒྱུར་འཕེལ་རྒྱས་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རྒྱལ་ཁབ་ཁྲལ་དོན་ཅུའུ། ཞིང་ཆེན་ས་གནས་ཁྲལ་དོན་ཅུའུ། དེ་མིན་ཟི་ལིང་གྲོང་ཁྱེར་མཚོ་འགག་བཅས་ཀྱིས་མཉམ་འབྲེལ་སྒོས་ཁྱབ་བསྒྲགས་བྱས་པའི་སྐབས་བཅུ་གསུམ་པའི་ཞིང་ཆེན་ཁེ་ལས་ལག་རྩལ་ལྟེ་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད་རང་ཞིང་གི་ཁེ་ལས་ལག་རྩལ་ལྟེ་གནས5ངོས་འཛིན་ཐོབ་ཡོད། ཁེ་ལས་མི་འདྲ་པ5སོ་སོ་ནི་མཚོ་ནུབ་ཧྭ་ཧེ་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་སྨན་རྫས་བཟོ་གྲྭའི་ཚད་ཡོད་ཀུང་ཟི། མཚོ་སྔོན་གཡང་འཛོམས་སྨན་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་དུས་རབས་བརྡ་འཕྲིན་ཚད་ཡོད་ཀུང་ཟི། མཚོ་སྔོན་ཅི་ཧྭ་འབྲི་ཆུའི་འགོ་ཁུངས་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཡིན།

ལོ་འདི་དག་གི་རིང་ལ། རང་ཞིང་གི་དཔལ་འབྱོར་རིམ་འཕར་གཞན་སྒྱུར་ལེགས་འགྲུབ་བྱེད་པར་ཤུགས་བསྣན་ནས། ཁེ་ལས་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ཞིང་ལག་རྩལ་གསར་གཏོད་བྱེད་ནུས་མཐོར་འདེགས་སུ་བཏང་སྟེ། ཁེ་ལས་ཞིབ་འཇུག་གསར་སྤེལ་དང་ཚན་རྩལ་མ་འཇོག ཕྱིར་འཚོང་ཡོང་འབབ་བཅས་ཀྱི་ཞིབ་སྡུར་དེ་ལོ་རེ་ལས་ཆེས་ཆེར་བཏང་ནས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་། 2018ལོར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལག་རྩལ་ལྟེ་གནས་ཀྱི་ཁེ་ལས་ཚན་རྩལ་མ་འཇོག་དང་ཕྱིར་འཚོང་ཡོང་འབབ་དེ་རིམ་འཕར་བྱས་ཏེ3.31%ལ་སླེབས་ཡོད། ཞིབ་འཇུག་གསར་སྤེལ་གྱི་སྤྱིའི་མ་དངུལ་ནི་སྒོར་དུང་ཕྱུར4.2ལ་སླེབས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།