མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོའི་བརྙན་ཕབ་ལེགས་འགྲུབ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ༼རྟེན་འབྲེལ་ཀུན་གྱི་ཐོག་མ༽ཞེས་པ་དེ་སྤྱི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་བརྙན་ཕབ་ལེགས་འགྲུབ་བྱས།

ད་ལོའི་ལོ་སར་སྤྲོ་ཚོགས་འདི་ནི།བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་།ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་བསུ་མ་བྱེད་པའི་ལོ་རྒྱུས་ཀྱི་དུས་མཚམས་འདིར་འཚོགས་པའི་རིག་རྩལ་གྱི་དགྱེས་སྟོན་ཆེན་མོ་ཞིག་ཡིན་ལ། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་ཞབས་བྲོ་དང་གླུ་གཞས།རོལ་དབྱངས། རྡུང་ལེན་སོགས་སྒྱུ་རྩལ་གྱི་མཚོན་ཐབས་ཕུན་སུམ་ཚོགས་པས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་ལ།བོད་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཕྱོགས་ཐམས་ཅད་ནས་བླངས་པའི་སྔ་ན་མེད་པའི་གྲུབ་འབྲས་ཆེན་པོ་ལ་བསྔགས་བརྗོད་བྱས་ཡོད་པ་མ་ཟད།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག བོད་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་གོམ་པ་བརྟན་པོས་མདུན་བསྐྱོད་བྱེད་བཞིན་པའི་ངང་ཚུལ་ལ་བསྟོད་གླུ་བླངས་ཡོད་པ་རེད།

ད་ལོའི་ལོ་སར་སྤྲོ་ཚོགས་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་གྱི་ཚོགས་ར་གཙོ་བོ་དང་རྨ་ལྷོའི་ཡན་ལག་ཚོགས་ར་གཉིས་ཀྱིས་གྲུབ་པར་བྱས་ཡོད་ལ།སྤྲོ་ཚོགས་ཧྲིལ་བོ་ལ་དུས་ཚོད་ལྔ་ཡས་མས་ཙམ་ཡོད་པས། ད་ལྟའི་བར་གྱི་གཞི་རྒྱ་ཆེས་ཆེ་ཞིང་དང་དུས་ཚོད་ཆེས་རིང་བའི་ལོ་སར་སྤྲོ་ཚོགས་ཤིག་ཏུ་གྱུར་ཡོད་པ་རེད།

ད་ལོའི་ལོ་སར་སྤྲོ་ཚོགས་ལ་མིང་དུ་གྲགས་པའི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་།གླུ་བ་རྡོ་རྗེ་ཚེ་རིང་སོགས་མཚོ་སྔོན་དང་། བོད་ལྗོངས། ཟི་ཁྲོན། ཀན་སུའུ། ཡོན་ནན་སོགས་ནས་ཡོང་བའི་གླུ་བ་གླུ་མ་དང་སྒྱུ་རྩལ་པ་མང་པོ་མཉམ་གཅིག་ཏུ་མཛོམས་ནས།རིག་གནས་དང་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་པོ་ཞིག་བཤམས་ཡོད་ལ། ད་ལོའི་ལོ་སར་གྱི་སྐབས་སུ་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ནས་དུས་མཉམ་དུ་གཏང་རྒྱུ་ཡིན་པས། འདི་ནི་ངེད་ཨ་མདོ་བརྙན་འཕྲིན་གྱི་ལས་བྱེད་མི་སྣ་ཡོངས་དང་དང་ད་ལོའི་ལོ་སར་སྤྲོ་ཚོགས་སུ་ཕེབས་ཡོད་པའི་སྒྱུ་རྩལ་པ་དང་འཁྲབ་སྟོན་པ་ཡོངས་གྱིས་རི་ཁ་བའི་ལྗོངས་ཀྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་ཁ་བཏགས་དཀར་པོ་ཡུག་གཅིག་གི་ཚུལ་དུ་ཕུལ་བའི་ལོ་སར་གྱི་ལག་སྐྱེས་ཡིན།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོའི་བརྙན་ཕབ་ལེགས་འགྲུབ་བྱས་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོའི་བརྙན་ཕབ་ལེགས་འགྲུབ་བྱས་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོའི་བརྙན་ཕབ་ལེགས་འགྲུབ་བྱས་པ།