ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས110དྲིལ་སྒྲོག་ཉིན་མོ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2019ལོའི་ཟླ1ཚེས10ཉིན་ནི་རྒྱལ་ཡོངས་ཀྱི་ཐེངས33པའི“110དྲིལ་སྒྲོག་ཉིན་མོ”ཡིན་པས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས110དང་ལག་གདང་སྦྲེལ་ཏེ། དུས་ཆེན་གསར་འཛུགས་མཉམ་སྐྲུན་བྱེད་པ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་པ་རེད།

བྱ་འགུལ་སྤེལ་བའི་ཉིན་དེར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་སྤྱི་བདེ་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་གྱི་བཀོད་སྒྲིག་ཐབས་ཇུས་གཞིར་བཟུང་སྟེ། 110བཀོད་འདོམས་ལྟེ་གནས་དང་བདེ་སྲུང་། འགྲིམ་འགྲུལ་ཉེན་རྟོག་སོགས་ལས་ཁུངས་རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་དཀྱིལ་སྙིང་ཐང་ཆེན་དུ་དྲིལ་སྒྲོག་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ། བྱ་འགུལ་གྱི་ཡུལ་དངོས་སུ་ཉེན་རྟོག་པ་སོ་སོའི་འགྲེམས་བྱང་དང་དྲིལ་སྒྲོག་ལག་དེབ་འགྲེམ་སྤེལ། ཡུལ་དངོས་སུ་དྲི་བར་ལན་འདེབས་པ། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། མི་དམངས་ལ་བརྩེ་བ་དང་མི་དམངས་ལ་དགའ་བ་བཅས་ཀྱིས་མི་དམངས་ལ་བརྩེ་བའི་རྣམ་པ་དྲོན་མོ་ཞིག་གནང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་སྤྱི་དམངས་ཀྱི110ཉེན་བརྡ་གཏོང་བའི་རྒྱུན་ཤེས་ཇེ་ཟབ་དུ་བཏང་། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྤྱི་བདེ་ལས་ཁུངས་དག་གིས་བདེ་སྲུང་དང་དྲག་ཆས་ཉེན་རྟོག་པ། འགྲིམ་འགྲུལ་ཉེན་རྟོག་པ། དུག་འགོག ཁྱིམ་ལས་ཞབས་ཞུ། ཚན་རྩལ། རྒྱལ་མཚམས་འགྲོ་འོངས་སོགས་ཀྱི་ཉེན་རྟོག་རིགས་རྩ་འཛུགས་བྱས་ཏེ་སྲང་ལམ་དང་ཐང་ཆེན། ཚོང་ར་ཆེན་པོ་དག་གི་སྒོ་ཆེན་སོགས་མི་ཚོགས་ཀྱི་འདུས་སྡོད་སྟུག་སའི་ཁྱབ་ཁོངས་སུ110ཞབས་ཞུའི་འདྲི་རྟོག་དྲིལ་སྒྲོག་ས་གནས་གསར་འཛུགས་བྱས་ཤིང་། ཚགས་པར་དང་བརྙན་འཕྲིན། དྲ་རྒྱ་སོགས་སྤྱི་གཞུང་སྨྱན་བྱེད་དང་སྐད་འཕྲིན། པོད་འཕྲིན་སོགས་སྨྱན་བྱད་གསར་པར་བརྟེན་ནས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་དང་ནང་དོན་ཕུན་སུམ་ཚོགས་པའི་རྣམ་པར་བརྟེན་ནས་སྤྱི་ཚོགས་ཧྲིལ་པོའི་ཁྱབ་ཁོངས་སུ་དྲིལ་སྒྲོག་ཁྱབ་རྒྱ་ཆེ་རུ་བཏང་ཡོད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། 2018ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི110ཉེན་རྟོག་རེ་འདུན་ཞབས་ཞུའི་སྟེགས་བུར་ཁྱོན་བསྡོམས་ཡར་ཞུའི་གྱོད་དོན་ཁྲི105.77ལྷག་འབྱོར་བ་དང་། དེའི་ནང་དུ་ཉེན་རྟོག་པས་ནུས་པ་འདོན་སྤེལ་བྱེད་རྒྱུའི་གྱོད་དོན་རིགས་ཁྲི25.12ཡོད་ལ། དེའི་ཁོངས་སུ་ཉེས་དོན་དང་བདེ་སྲུང་། འགྲིམ་འགྲུལ། མེ་སྐྱོན་སོགས་རིགས་མི་འདྲ་བ་བཞི་ཡི་ཉེན་རྟོག་གནས་ཚུལ་རིགས་ཁྲི17.83ཡོད། ཉེན་རྟོག་རེ་འདུན་གནས་ཚུལ་གྱི་སྤྱིའི་ཁ་གྲངས་དེ་ལོ་སྔོན་མ་དང་སྡུར་ན3.41%མར་འགྲིབ་པ་དང་ཉེས་དོན་དང་བདེ་སྲུང་། འགྲིམ་འགྲུལ། མེ་སྐྱོན་སོགས་རིགས་མི་འདྲ་བ་བཞི་ཡི་ཉེན་རྟོག་གནས་ཚུལ་དེ་ལོ་སྔོན་མ་

ལས5.38%གྱིས་མར་འགྲིབ་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།