ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་གྱི་ཏང་རྩ་འཛུགས་ཀྱིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ།

— ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཁྱབ་སྒྲོག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ1ཚེས10ཉིན། ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་ཏང་རྩ་འཛུགས་ཀྱི་རྒྱ་སྐྱེད་གྲོས་ཚོགས་ཐེངས17པ་བསྡུས་ནས་མདོ་འཛིན་གནང་ཞིང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཁྱབ་སྒྲོག་བྱས། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་མ་ཝེ། ཀའོ་ཧྭ། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུང་། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་གྲོས་ཚོགས་ལ་ཞུགས་ཡོད། ཀྲུའུ་རེན་གཞོན་པ་ལིག་ཐུང་ཏེ་ཡང་གྲོས་ཚོགས་ལ་ཞུགས་ཡོད།

ཀྲང་ཀོང་རོང་གིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲུབ་འབྲས་ལ་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ། བྱ་བ་བཀོད་སྒྲིག་བཅས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་ལ་རྒྱལ་ཁའི་རང་བཞིན་གྱི་རྨང་གཞི་བརྟན་པོ་ཞིག་བཏིངས་ཤིང་། གྲུབ་འབྲས་ལེགས་པོར་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་སྤྱིའི་སྐུལ་སློང་ཚོགས་ཆེན་ཞིག་ཀྱང་ཡིན། གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དམ་འཛིན་སྒོས་ད་ལྟ་དང་གཞུག་ཕྱོགས་ཀྱི་དུས་སྐབས་གང་རུང་ཞིག་གི་རིམ་པ་སོ་སོའི་དམངས་འཐུས་མི་དམངས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པས། གཅིག་ནས་ནན་ཏན་སྒོས་སློབ་སྦྱོང་བྱེད་པ། གཙོ་གནད་དང་གནད་འགག་གི་ཆ་དེ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས། ཐེངས་འདིའི་གྲོས་ཚོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་དུ་སྤེལ་པ་དང་མཚོ་སྔོན་གྱི་དོན་དངོས་ལ་ཟུང་འབྲེལ་བྱེད་པའི་ཞིབ་འཇུག་རང་བཞིན་གྱི་བཀོད་སྒྲིག་ཐེངས་ཤིག་ཡིན་ལ། ཞིང་ཆེན་ཧྲིལ་པོའི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱུང་བའི་རྨང་གཞིའི་སྟེང“ལྔ་བཞིའི་འཐབ་ཇུས” “ཕུལ་བྱུང་གཅིག་དང་མཐོ་བ་གཉིས”ལ་ཇུས་འགོད་གཏིང་ཟབ་བྱས་ཏེ་ལག་བསྟར་ལ་སྐུལ་འདེད་བྱས་ནས། བརྩོན་སེམས་བརྩོན་ལེན་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་མཉམ་སྐྱོད་བྱེད་པའི་རླབས་ཆེ་བའི་རྒྱལ་ཁའི་སྐུལ་སློང་ཚོགས་འདུ་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་ངོ་གཅིག་རིང་གི་བྱ་བའི་གྲུབ་འབྲས་དང་རྨང་གཞིའི་ཚད་ལེན་རིན་ཐང་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་ཏེ་ད་ལོའི་བྱ་བའི་སྤྱིའི་དགོས་མཁོ་དང་དམིགས་འབེན། ད་ལོའི་བྱ་བའི་བྱེད་ཐབས་གལ་ཆེན་སོགས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་ཁོང་དུ་ཆུད་པར་བྱེད་དགོས།་ལ གཉིས་ནས་དམིགས་ཚད་ཀྱི་བཀོད་སྒྲིག་ནན་ཏན་སྒོས་སྤེལ་ནས་འཆར་འགོད་ཀྱི་བསམ་བློའི་མཛུབ་སྟོན་ཁ་ཕྱོགས་འཐུས་ཚང་དུ་བཏང་ནས། ཁྱོན་ཡོངས་ནས་རྒྱལ་ཡོངས་དམངས་ཆེན་དང་ཞིང་ཆེན་ཏང་ཨུའི་དགོས་མཁོའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དུ་སྤེལ་ཏེ། ད་ལྟ་སྒྲུབ་འོས་པའི་འབྲེལ་ཡོད་བྱ་བར་འབྲེལ་མཐུད་དང་བྱ་བའི་མུར་སྤེལ་རང་བཞིན་རྒྱུན་འཁྱོངས། ཁྱད་ལྡན་ཁྱད་ཆོས་འབུར་འདོན། གསར་གཏོད་ཀྱི་རང་བཞིན་ཇེ་ཆེར་གཏོང་བ་བཅས་བཅས་ཀྱི་སྒོ་ནས་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་པ་བསྟན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།