རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡིས2019ལོར་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཉེན་རྟོག་པ80བསྡུ་བའི་བརྡ་སྦྱོར།

ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ལས་ཁུངས་སྒྲིག་བཟོ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དཔར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་རོགས་སྒྲུབ་མི་སྣའི་བཀོལ་སྤྱོད་དོ་དམ་བྱེད་ཐབས(ཚོད་ལྟ)》ལས་གཏན་འབེབས་ལྟར་ན། རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡིས2019ལོར་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཉེན་རྟོག་པ80བསྡུ་རྒྱུ་ཡིན་པ་རེད།

གཅིག ལས་བསྡུའི་མི་གྲངས།

ཉེན་རྟོག་པ80བསྡུ་རྒྱུ་རེད་ལ། དེའི་ཁྲོད་སྐྱེས་པ74དང་སྐྱེས་མ6འདུ།།

གཉིས། ཆ་རྐྱེན།

1.རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པ།

2.རྨ་ལྷོ་ཁུལ་གྱི་ཁྱིམ་ཐོ་ལྡན་དགོས། མཐོ་འབྲིང་ཡན་གྱི་བསླབ་གནས་ལྡན་དགོས་ལ་དམག་ཁོངས་ལས་བུད་པའི་དམག་མིར་སློབ་འབྲིང་ཡན་གྱི་བསླབ་གནས་ལྡན་དགོས།

3.ལོ18ནས30མན(1989ལོའི་ཟླ་དང་པོའི་ཚེས12ཉིན་གྱི་རྗེས་ནས་སྐྱེས་པ།)ཡིན་དགོས་ལ། སྐྱེས་པའི་གཟུགས་ཚད་སྨི1.70ཡན་དང་སྐྱེས་མའི་གཟུགས་ཚད1.60ཡན་ལྡན་དགོས།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད། 2019ལོའི་ཟླ་དང་པོའི་ཚེས12ཉིན་གྱི་དུས་ཚོད 9:00ནས་ཟླ་དང་པོའི་ཚེས16ཉིན་གྱི་དུས་ཚོད18:00བར།

ཞིབ་དཔྱད་དུས་ཚོད། 2019ལོའི་ཟླ་དང་པོའི་ཚེས12ཉིན་གྱི་དུས་ཚོས 9:00ནས་ཟླ་དང་པོའི་ཚེས17ཉིན་གྱི་དུས་ཚོད18:00བར།

སྙོམ་སྒྲིག་དུས་ཚོད། 2019ལོའི་ཟླ་དང་པོའི་ཚེས18ཉིན་གྱི་དུས་ཚོད8︰00ནས12︰00བར།

མིང་ཐོ་འགོད་སའི་དྲ་ཚུགས། རྒྱལ་ཡོངས་མི་དོན་རྒྱུགས་ལེན་ཞབས་ཞུ་དྲ་ཚུགས(http://www.cptae.com)ཡིན།

བཞི། སྐར་མ་སྣོན་པ།

མིང་ཐོ་བཀོད་རྗེས། སྐར་མ་སྣོན་པའི་ཆ་རྐྱེན་དང་མཐུན་པའི་རྒྱུགས་ཞུགས་པའི2019ལོའི་ཟླ་དང་པོའི་ཚེས21ཉིན་ནས་ཟླ་དང་པོའི་ཚེས22ཉིན་གྱི་དུས་ཚོད9:00ནས18:00བར། ཁྱིམ་ཐོ་དང་ཐོབ་ཐང་ལག་འཁྱེར། དམག་ཁོངས་ལས་བུད་པའི་དཔང་ཡིག་སོགས་འབྲེལ་ཡོད་བདེན་དཔང་རྒྱུ་ཆའི་མ་ཡིག་དང་བསྐྱར་དཔར་བཟུང་ནས་རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཆབ་སྲིད་པུའུ་སོང་སྟེ་ཡུལ་དངོས་ནས་སྐར་སྣོན་ལས་དོན་བསྒྲུབ་དགོས། འབྲེལ་གཏུགས་མི་སྣ། ཞའེ་ཀྲུའུ་ཆིང་།(谢志强 )

ལྔ། གླ་ཕོགས་ཐོབ་ཚད།

ཉེན་དོན་རོགས་སྒྲུབ་པའི་གླ་ཕོགས།《ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་རོགས་སྒྲུབ་མི་སྣའི་བཀོལ་མི་གྲོན་དངུལ་ཚད་གཞི་དང་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལྟར་གཤམ་སྤྲོད་བྱེད་པའི་ཐད་ཀྱི་བརྡ་སྦྱོར》དང《རྨ་ལྷོ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་རོགས་སྒྲུབ་མི་སྣ་བཀོལ་སྤྱོད་བྱེད་པའི་དོ་དམ་བྱེད་ཐབས(ཚོད་ལྟ)》གཞིར་བཟུང་སྟེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

དྲུག བློ་འདྲི་བྱ་ཡུལ།

རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཆབ་སྲིད་པུའུ། 0973-8793020

ལག་རྩལ་གྱི་རྒྱབ་སྐྱོར་ཁ་པར། 400-001-0370

ལྟ་ཞིབ་ཁ་པར། 0973-8793056

བདུན། ས་གནས།

རྨ་ལྷོ་ཁུལ་རྨ་ལྷོ་རྫོང་སྟག་ལུང་བྱང་ལམ་ཨང་རྟགས6པ།

ཞིབ་ཏུ་རྒྱུས་ལོན་བྱེད་ན། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)བརྒྱུད་ནས་རྒྱུས་ལོན་བྱ་རོགས།

རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ།

2019ལོའི་ཟླ་དང་པོའི་ཚེས9ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།