“ཟི་ལིང་ཆེན་པོ”ཞེས་པའི་འཐབ་ཇུས་འཆར་འགོད་ཞིབ་འཇུག་ད་ལོར་མགོ་རྩོམ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན་ནས་བཟུང་། གསར་དར་ཐོན་ལས་འཚར་སྐྱེད་ཆེན་པོ་དང་། “ཟི་ལིང་ཆེན་པོ”ཡི་འཐབ་ཇུས་འཆར་འགོད་ཞིབ་འཇུག འགྲེམ་སྟོན་ཁང་ཆེན་པོ་འཛུགས་སྐྲུན། “དྲ་གཅིག་སྣེ་མང”གི་དྲ་ཐོག་མཆན་འགོད་ཚོམས་ཆེན་འཛུགས་སྐྲུན་ལེགས་འགྲུབ་ལ་སོགས་པའི་ད་ལོའི་ལས་ཀ་ཁག་ཅིག་ཟི་ལིང་གྲོང་ཁྱེར་གོང་སྤེལ་དང་བཅོས་སྒྱུར་ཨུ་ལྷན་གྱི་ཆ་འཕྲིན་ནས་སྤེལ་འདུག་ཅིང་། དེ་ནི་ལོ་གསར་ཚེས་འགོ་འདི་ལ་ཟི་ལིང་གྲོང་ཁྱེར་གྱིས་ལོ་ཧྲིལ་པོའི་བཅོས་སྒྱུར་གོང་སྤེལ་ལ་ཁ་ཕྱོགས་བསྟན་ཚུལ་ཞིག་རེད།

ད་ལོར་ཟི་ལིང་གྲོང་ཁྱེར་གྱིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུ་ལས་རིགས་གཉིས་མཉམ་འདྲེས་ལ་སྐུལ་སྤེལ་བྱས་ཏེ། དངོས་གཞིའི་དཔལ་འབྱོར་ལ་ཡར་སྐུལ་དང་། ཐོན་ལས་བཅོས་སྒྱུར་ལ་མགྱོགས་པོར་སྐུལ་སྤེལ་བྱས་ནས་ལིས་གློག་དང་། འོད་ཧྥུ། ཧ་ཡང་དང་མག་འདྲེས་ལྕགས་སོགས་གསར་དར་ཐོན་ལས་སྐྱེད་སྲིང་དང་། དངུལ་རྩལ་དང་། ཚན་རྩལ་གསར་གཏོད། འགྲེམས་ཚོགས། རིག་གནས་ཡུལ་སྐོར། གློག་རྡུལ་ཚོང་སྟེགས་སོགས་དེང་རབས་ཞབས་ཞུ་ལས་རིགས་གོང་དུ་སྤེལ་ནས་ཐོན་ལས་རྩེ་གྲ་ཅན་དུ་འཕེལ་བར་སྐུལ་འདེད་ཧུར་ཐག་བྱ་རྒྱུ་དང་། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་གྲུབ་པར་སྐུལ་འདེད་བྱས་ཏེ“བདེ་སྐྱིད་དམངས་ཚིས”ཀྱི་འཐབ་ཇུས་ལག་བསྟར་དང་། མ་དངུལ་གཏོང་འཇོག་དང་འཛད་སྤྱོད་རིམ་སྤར་མཉམ་འབྲེལ་མཉམ་འགུལ་གྱི་ཕན་འབྲས་ཇེ་ལེགས། ལྗང་མདོག་གི་མ་དངུལ་གཏོང་འཇོག་གི་ལམ་ལུགས་བཟོ་འགོད། སྤུས་ལེགས་ལ་ཕན་འབྲས་ཆེ་བ། སྣ་མང་བའི་འདོན་སྤྲོད་མ་ལག་འཛུགས་སྐྲུན་བཅས་བྱ་རྒྱུ་དང་། ཞིང་གྲོང་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བྱས་ཏེ། ཞིང་ལས་ཞིང་གྲོང་སྔོན་སྤེལ་རྒྱུན་འཁྱོངས་ཐོག 《ཟི་ལིང་གྲོང་ཁྱེར་གྱི་ཞིང་གྲོང་དར་སྤེལ་འཐབ་ཇུས་ལག་བསྟར་འཆར་འགོད》བཟོས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་འབེན་གཉིས་ལ་འཚམ་ཞིང་། གཞི་རྟེན་མཉམ་འགུལ། སྒྲིག་ཆས་མཉམ་སྒྲིག ཞབས་ཞུ་དོ་མཉམ། ལམ་ལུགས་མཉམ་བསྲེས་བཅས་ལ་སྐུལ་འདེད་གཏང་རྒྱུ།

མངའ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་དང་། ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་འཁྲིད་ནུས་ཇེ་དྲག་ཏུ་བཏང་སྟེ། མངའ་ཁོངས་ཀྱི་བར་སྟོང་བཅོས་སྒྱུར་ལ་མགྱོགས་པོར་སྐུལ་འདེད་བཏང་ནས“གྲོང་ཁྱེར་དང་གྲོང་གསེབ་ལམ་འཁྲིད”ཀྱི་འཐབ་ཇུས་ལག་བསྟར་དང་། “ལྟེ་གཅིག་གྲོང་གཉིས་དང་། ཨ་ལོང་གཅིག་སྦྲེལ་གྱི་ཚོགས་པ་གོང་སྤེལ”གྱི་རི་ཆུའི་སྣོད་བཅུད་བཟང་པོའི་གྲོང་ཁྱེར་འཛུགས་སྐྲུན། འགྲེམ་སྟོན་ཁང་ཆེན་པོ་འཛུགས་སྐྲུན། “མཐོ་སྒང་སྔོ་བ”“ཆུ་བོ་དང་མཚོ་མོ་དྭངས་པ། ”“ཟི་ལིང་གི་མཁའ་དབུགས་གཙང་བ”ལ་སོགས་འཛུགས་སྐྲུན་གྱི་ལས་ལ་སྐུལ་འདེད་ཧུར་ཐག་བྱ་རྒྱུ་དང་། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་སྟེ། “གློད་བསྡམས་ཞབས་ཞུ”བཅོས་སྒྱུར་གཏིང་ཟབ་དང་། སྒྲིག་གཞི་རང་བཞིན་གྱི་ཁྲལ་ཆག་གྲོན་ཉུང་གི་སྲིད་ཇུས་ལག་བསྟར་སྒོས། སྲིད་གཞུང་གི་ཆེད་དོན་ལས་གཞིའི་བུ་ལོན་ལས་གཞི་གྲ་སྒྲིག གྲོང་ཁྱེར་གྱི་རྨང་གཞི་སྒྲིག་བཀོད་ཐད་ཀྱི་མ་དངུལ་གཏོང་འཇོག་དང་ཙོང་ཆུའི་རྨང་གཞི་སྒྲིག་ཆས་ཐད་ཀྱི་མ་དངུལ་གཏོང་འཇོག་སོགས་རྒྱལ་གཞུང་ཁེ་ལས་ཀྱི་བུན་ལོར་འགྲེམས་སྤེལ་ལ་སྐུལ་འདེད་བཅས་བཏང་སྟེ་ཆ་རྐྱེན་བསྐྲུན་ཐོག་ལྗང་མདོག་ཐོན་ལས་གོང་སྤེལ་གྱི་ཐེབས་རྩ་གཟུག་རྒྱུ་རེད།

ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་སྤེལ་དང་། ཁྲོམ་རར་འཇུག་འཐུས་ཀྱི་བར་སྟོང་ཡངས་པོར་ཕྱེས་ཏེ། “དྲ་གཅིག་སྣེ་མང”གི་དྲ་ཐོག་མཆན་འགོད་ཚོམས་ཆེན་འགྲུབ་དགོས་པ་དང་། ཟི་ལིང་གི་ཕྱོགས་བསྡུས་ཆ་འཕྲིན་ཆག་ཡང་ཁུལ་གྱི་སྙན་ཞུ་དང་འཛུགས་སྐྲུན་གྱི་ལས་རྩོམ་་ཡག་པོ་བསྒྲུབ་སྟེ། ཟི་ལིང་གྲོང་ཁྱེར“1+8”ཡི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་བྱེད་ཐབས་གསར་པ་དོན་ཐོག་ཏུ་འཁྱོལ་ཐོག་སྲིད་ཚོང་གཙང་སྐྱོང་གི་འབྲེལ་བ་གཟུག་རྒྱུ། དམངས་ཚིས་བཅོས་སྒྱུར་དང་འགན་སྲུང་ལ་ཤུགས་བསྣན་ཏེ། ལམ་ལུགས་འཐུས་ཚང་དང་། ཚད་ཐིག་བརྟན་སྲུང་གི་ལམ་ནས་དམངས་ཚིས་དོན་དངོས་ཀྱི་ལས་གཞི་སྐོར་ཞིག་ཕྱོགས་བསྡུས་ཐོག་ལེགས་པོར་བསྒྲུབ་ནས་གཞི་རྩའི་སྤྱི་གཞུང་ཞབས་ཞུ་མ་ལག་འཐུས་ཚང་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་མཉམ་སྤྱོད་མཉམ་འཛོམས་ཀྱི་འཚོ་བའི་ཞབས་ཞུ་རྟེན་གཞི་མགྱོགས་པོར་འཛུགས་པ་བཅས་བདེ་སྐྱིད་ཟི་ལིང་གི་ཚིམས་བློ་སྔར་བས་འཚམ་པ་ཞིག་ཡོང་བར་འབད་འབུངས་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།