མཚོ་ཤར་གྱི་མྱུར་བགྲོད་ལྕགས་ལམ་ཚང་མ་བཀག་སྡོམ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ་དང་པོའི་ཚེས9ཉིན་གསར་འགོད་པས12306གཞུང་ཕྱོགས་ཀྱི་པཱ་སེ་མངགས་ཉོ་དྲ་ཚུགས་ནས་རྒྱུས་ལོན་པ་ལྟར་ན། མཚོ་ཤར་གྱི་མྱུར་བགྲོད་ལྕགས་ལམD2741དངD2731། D2701སོགས་ཀྱི་ལམ་ཐིག་གི་པཱ་སེ་བཙོང་མཚམས་བཞག་ཡོད་པ་རེད། ཡིན་ནའང་ཟི་ལིང་ནས་ལན་ཀྲུ་ནུབ་ཚུགས་བར་དུ་རྒྱུན་ལྡན་ལྟར་མངགས་ཉོ་བྱས་ཆོག་པ་རེད།

རྒྱུས་ལོན་པ་ལྟར་ན། མདོ་དབུས་ལྕགས་ལམ་ཀུང་ཟིས་ལུའུ་ཁྲོན་ཧྥིང་གིས་གསར་འགོད་པར་བཤད་རྒྱུར། 2018ལོའི་ཟླ12པའི་ཚེས24ཉིན། ལྕགས་ལམ་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ལན་ཀྲུ་མྱུར་བགྲོད་ལྕགས་ལམ་ས་ཚིགས་ཀྱི་ལན་ཀྲུ་ནས་ཟི་ལིང་བར་གྱི་ཀྲང་ཅཱ་ཀྲོང་ཕུག་ལམ་འགྲམ་གྱི་རི་ཉུལ་ནས་འགྲིམ་འགྲུལ་བདེ་འཇགས་ཐད་ལ་ཤུགས་རྐྱེན་ཐེབས་ཡོད་པས། ལྕགས་ལམ་སྡེ་ཁག་གིས་བདེ་འཇགས་ལ་འགན་ལེན་བྱ་ཆེད་མྱུར་དུ་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱས་ཏེ་ལམ་ཐིག་བཀག་སྡོམ་དང་ཁྱོན་ཡོངས་ནས་རྩད་ཞིབ་བྱེད་པར་རྩ་འཛུགས་བྱས་པ་རེད་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།