ཟླ་དང་པོའི་ནང་མཁའ་འགྲུལ་གྱི་རིན་གོང་ཇེ་དམའ་ལ་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་དང་། ཤར་ཕྱོགས་མཁའ་འགྲུལ། སི་ཁྲོན་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་ཟི་མང་པོ་ཞིག་གིས་ཟླ1ཚེས5ཉིན་ནས་བཟུང་། གནས་སྐབས་སུ་རྒྱལ་ནང་གི་མཁའ་འགྲུལ་གྱི་སྣུམ་རིན་ལེན་རྒྱུ་མིན་པས། ཟླ་འདིར་ཟི་ལིང་ནས་རྒྱལ་ནང་གི་ས་གང་ལ་འཕུར་ཡང་རིན་གོང་ཇེ་དམའ་རུ་གཏང་རྒྱུ་ཡིན་པ་རེད།

དཔེར་ན།

ཟི་ལིང✈ ཞི་ཨན། རིན་གོང་ཆེས་དམའ་བ། སྒོར160  ཟི་ལིང✈ ཐེ་ཡོན།  རིན་གོང་ཆེས་དམའ་བ། སྒོར340  ཟི་ལིང✈ ཁྲུང་ཆིན།  རིན་གོང་ཆེས་དམའ་བ། སྒོར390  ཟི་ལིང✈ ནན་ཅིན།  རིན་གོང་ཆེས་དམའ་བ། སྒོར410  ཟི་ལིང✈ པེ་ཅིན།  རིན་གོང་ཆེས་དམའ་བ། སྒོར420  ཟི་ལིང✈ ཁྲང་ཧྲ།  རིན་གོང་ཆེས་དམའ་བ། སྒོར440  ཟི་ལིང✈ ཁྲིན་ཏུའུ།  རིན་གོང་ཆེས་དམའ་བ། སྒོར529

ཟི་ལིང✈ མདོ་ལ།  རིན་གོང་ཆེས་དམའ་བ། སྒོར90

མཉམ་འཇོག་རྒྱུ་ཞིག་ནི། ཟླ་དང་པོའི་ཚེས5ཡི་སྔོན་ལ་གནམ་གྲུའི་འཛིན་བྱང་ཉོས་ཡོད་ཚེ། འཛིན་བྱང་དེ་ཟླ1ཚེས་ཚེས5ཉིན་ལ་ཕྱིར་འགྱང་བྱས་ཀྱང་སྣུམ་རིན་ཕྱིར་མི་སློག་པས། ཕྱིར་བསྐྱོད་མཁན་ཚོས་ཐེངས་འདིའི་གོ་སྐབས་འདི་ཟླ1ཚེས5ཉིན་ནས་བཟུང་མགོ་བརྩམ་རྒྱུ་ཡིན་པ་ཤེས་དགོས།