དཀར་མཛེས་ཁུལ་ཁོངས་སུ་མེ་སྐྱོན་བྱུང་ནས་ནགས་ཚལ་ལ་གནོད་འཚེ་ཐེབས།


ནགས་ཚལ་གྱི་ཆེ་ཤས་མེ་ཤོར་ཞིང་། ཡུལ་དངོས་ཀྱི་མེ་དཔུང་སྔར་བཞིན་ཆེ།

སི་ཁྲོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་མེ་འགོག་བཀོད་འདོམས་པུའུ་ཡིས་བསྒྲགས་པའི་མེ་སྐྱོན་གྱི་གནས་ཚུལ་ལྟར་ན། 2019ལོའི་ཟླ1པོའི་ཚེས7ཉིན་གྱི་ཆུ་ཚོད15ཐོག སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བརྒྱད་ཟིལ་རྫོང་ཙིར་ཤང་དགོན་པ་ཐང་གྲོང་ཚོའི་ནགས་ཚལ་ཁྱོན་ཆེར་མེ་ཤོར་ཞིང་། མེ་སྐྱོན་དེ་ས་བབ་མཐོ་ཚད་ཧ་ལམ་སྨི2100ཀྱི་ནགས་ཚལ་དུ་བྱུང་བ་དང་། ཤིང་རིགས་ཀྱི་གཙོ་བོ་ཡུན་ནན་གསོམ་སྡོང་ཡིན་པར་བཤད། ཚེས་བདུན་ཉིན་གྱི་དགོང་མོའི་བར་དུ། སི་ཁྲོན་ནགས་ཚལ་མེ་ཟོན་མེ་འགོག་སྤྱི་ཁྱབ་རུ་ཁག་གིས་མེ་སྐྱོན་བྱུང་སར་དམག་ཤུགས་བསྡུས་ཏེ། ནུས་ཤུགས་ཡོད་རྒུས་མེ་གསོད་ལ་འཐབ་རྩོད་བྱས།

ནགས་ཚལ་གྱི་ཆེ་ཤས་མེ་ཤོར་ཞིང་། ཡུལ་དངོས་ཀྱི་མེ་དཔུང་སྔར་བཞིན་ཆེ།

ཡོངས་བསྒྲགས་ཀྱི་རྒྱུ་ཆ་ལྟར་ན། བརྒྱལ་ཟིལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོ། གངས་དཀར་རི་བོའི་ནུབ་ལྷོ་བཅས་རྒྱུད་དེ། ཡ་ང་། བསིལ་རིའམ་ལིང་ཧྲན། དཀར་མཛེས་བཅས་གྲོང་ཁྱེར་དང་ཁུལ་གྱི་འདྲིས་མཚམས་སུ་ཆགས་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ6770ཡོད་པ་དང་། ཁོངས་སུ་ཤང་བཅུ་བདུན་དང་གྲོང་རྡལ་གཅིག་ཡོད་པར་མི་འབོར་ཡོངས་ལ་ཧ་ལམ་མི་ཁྲི5.2ཡོད་པ་རེད།

སི་ཁྲོན་ནགས་ཚལ་མེ་ཟོན་མེ་འགོག་སྤྱི་ཁྱབ་རུ་ཁག་གིས་དམག་ཤུགས་གཅིག་ཏུ་བསྡུས་ཏེ་བྲེལ་མྱུར་ངང་མེ་གསོད་དུ་བསྐྱོད་པ།

ཁོན་ཐར་འཚོས་བསྒྱུར།