དམར་གཙང་ཆུས་ཀྱིས་ཞིང་ལས་མངོན་འགྱུར་བྱས་ཏེ་ཞིང་པའི་ཡོང་སྒོ་ཇེ་མང་དུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2018ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ཀྱིས་ཧྥུ་ཞཱི་ཡི་ཐོན་ཁོངས་ལ་བརྟེན་ནས་བྱ་སྒོང་དང་སྒོག་པ། ཞོག་ཁོག ཡུག་པོ། ནོར་ལུག་ཤ་སྐམ་སོགས་ཐོན་ཁུངས་ཆེན་པོ་ལྔའི་ཐོན་ལས་མཐུད་སྦྲེལ་གྱིས་གསོ་སྤེལ་འདེབས་འཛུགས་འཁོར་སྐྱོད་ཅན་དང་འབྲུ་རིགས་གཟན་ཆས་མཉམ་བསྲེས། ཞིང་ཕྱུགས་ཟུང་འབྲེལ་གྱིས་ཚན་རྩལ་གསར་གཏོད་ཀྱི་དེང་རབས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ལས་མ་ལག་སྒྲོམ་གཞི་གསར་འཛུགས་བྱས་ཏེ། ཞིང་ལས་ཐོན་སྐྱེད་མངོན་འགྱུར་གྱིས་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་མངོན་འགྱུར་བྱས།

དམར་གཙང་ཆུས་ཀྱིས་ཀྱིས་འབྲུ་རིགས་ཀྱི་ཡོང་འབབ་བརྟན་པོ་དང་སྔོ་ཚོད་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ། གཟན་ཆས་ཀྱི་རྒྱ་སྐྱེད་པ། ཁྱད་ལྡན་ཐོན་རྫས་དམིགས་སུ་འཛིན་པ་བཅས་ཀྱི་བསམ་བློའི་འཁོར་རྒྱ་གཞིར་བཟུང་སྟེ། འདེབས་འཛུགས་ཀྱི་གཞི་ཁྱོན་སྟེང་ཤུན་པ་སྦྱོར་བའི་ཚད་ཆེས་ཆེར་གཏོང་བ་དང་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལས་འབྲུ་རིགས་ཀྱི་འདེབས་འཛུགས་རྒྱ་ཁྱོན་གྱིས52.33%ཟིན་ཡོད། རིམ་བཞིན་གསེར་སྐུད་ཧོང་ཅུས་དར་སྤེལ་སྒོས་ཁྱད་ལྡན་དཔལ་འབྱོར་ལོ་ཏོག་གི་རིན་ཐང་ཇེ་མཐོར་བཏང་ཞིང་། ཁྱད་ལྡན་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་གྱིས་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི5.68%ཟིན་ཤིང་། སྤྱི་ཆིངས333ཡོད་པའི་གསོ་སྤེལ་ལེགས་པོའི་རྟེན་གཞི་ཞིག་གྲུབ་པར་བྱས་ཏེ། ལོ་ཏོག་རིགས་མི་འདྲ་བ40ལྷག་གི་སེ་འདུས་ཚོད་ལྟའི་གནས་སུ་གྱུར་ཡོད། དེ་མིན་ནུས་ཤུགས་ཆེན་པོས་ཁྱད་ལྡན་གསོ་སྤེལ་གྱི་གཞི་ཁྱོན་ཆེས་ཆེར་བཏང་ཞིང་། བོང་བུ་དང་ཤྭ་ཁྲ་སོགས་ཁྱད་ཆོས་ཅན་གྱི་གསོ་སྤེལ་ཐོན་ལས་གསར་པ་སྐོར་ཞིག་སྤེལ་བ་རེད།

ད་ལྟའི་ཆར། ཆུས་ཡོངས་སུ་གཞི་ཁྱོན་ཆེ་བའི་གསོ་སྤེལ་དུད་ཁྱིམ1673ལ་བུད་པ་དང་ཞིང་ཆེན་རིམ་པའི་ངོས་འཛིན་བྱས་པའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ60ལྷག་དང་། ཁྱིམ་ཚང་ཕྱུགས་ར423། སྐྱེ་ཁམས་ཕྱུགས་ར་ཁྱིམ་ཚང5། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བའི་སྒོ་ཕྱུགས་ཀྱི་ཁ་གྲངས་ཁྲི19.66ལ་བུད་ཡོད་པ་དང་། དེས་ཆུས་ཡོངས་ཀྱི་སྒོ་ཕྱུགས་གསོ་སྤེལ་ར་བའི་ཕྱེད་ཀ་ཟིན་ཡོད། ཧྥུ་ཞཱི་ཞིང་ལས་དཔེར་སྟོན་གླིང3། ཉི་འོད་ནུས་པའི་དྲོད་ཁང7040། ཞོག་ཁོག་མུའུ་སྟོང་ལྷག ཡུག་པོ་སོགས་འདེབས་འཛུགས་རྟེན་གཞི16། གསོ་སྤེལ་རྟེན་གཞི4། རིགས་མི་འདྲ་བའི་ཆེད་གཉེར་མཉམ་ལས་ཁང621བཅས་ཀྱིས་མཐོ་སྒང་གི་ཧྥུ་ཞཱི་ཚོང་རྟགས་གྲགས་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ཤིང་། ཚོང་རྟགས98ཐོ་འགོད་བྱས་ཏེ་གསར་གཏོད་ཆེད་ལས་ཁེ་ལས་རིགས41ལ་རེ་འདུན་སྙན་ཞུ་ཕུལ་བ་ལེགས་འགྲུབ་བྱུང་ཞིང་། SC(QS)ཡིས་ངོས་འཛིན་བྱས་པའི་བདེན་དཔང་ཡིག་དཔང19བཅས་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།