《མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་གཞུང་ལམ་གྱི་སྒྲིག་སྲོལ》ཞེས་པ་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རང་ཞིང་གི་ཞིང་སྡེའི་གཞུང་ལམ་གྱི་ས་གནས་རང་བཞིན་གྱི་གལ་ཆེན་ཁྲིམས་སྲོལ་ཏེ། 《མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་གཞུང་ལམ་གྱི་སྒྲིག་སྲོལ》ཞེས་པ2019ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད། 《སྒྲིག་སྲོལ》དེར་ཁྱོན་བསྡོམས་ལེའུ7དང་དོན་ཚན49ཡོད་པས། ཞིང་སྡེའི་གཞུང་ལམ་གྱི་འགན་འཁྲི་གཙོ་བོ་དང་འཆར་འགོད། འཛུགས་སྐྲུན། གསོ་སྐྱོང་། ལས་གཉེར། མ་དངུལ་བསྡུ་རུབ་དང་བདག་དོམ། ལམ་སྲིད་བདག་དོམ། བཅའ་ཁྲིམས་འགན་འཁྲི་སོགས་ཀྱི་ཐད་ལ་འབྲེལ་ཡོད་ཀྱི་གཏན་འབེབས་བྱས་ཡོད་པ་རེད།

《སྒྲིག་སྲོལ》དེའི་ནང་དུ་གཏན་འབེབས་གསལ་པོ་བྱས་ཡོད་དེ། རང་ཞིང་གི་ཞིང་སྡེའི་གཞུང་ལམ་ལ་འཆར་འགོད་དང་འཛུགས་སྐྲུན། གསོ་སྐྱོང་། བདག་དོམ་དང་ལས་གཉེར་བྱེད་པའི་འགན་འཁྲི་གཙོ་བོ་དེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འཁུར་བཞིན་ཡོད། གཏན་འབེབས་ལྟར་ན་རྫོང་རིམ་པའི་ཡན་གྱི་མི་དམངས་སྲིད་གཞུང་གིས་དེར་འབྲེལ་གྱི་སྤྱི་གཞུང་ནོར་སྲིད་གཏོང་སྒོ་དེ་གཙོ་བོར་བཟུང་ནས། བྱེད་ཐབས་གང་མང་ལ་བརྟེན་ནས་མ་དངུལ་བསྡུ་རུབ་བྱས་ཏེ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་སྒྲིག་གཞི་ལ་བརྟེན་ནས། ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་དང་གསོ་སྐྱོང་། ལས་གཉེར། བདག་དོམ་སོགས་ལ་འགན་སྲུང་བྱས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་དེར་འབྲེལ་སྒོས་ཞིང་སྡེའི་གཞུང་ལམ་གྱི་སྐྱེལ་འདྲེན་ཞབས་ཞུའི་དྲ་རྒྱ་འཐུས་ཚང་ཅན་དུ་བཏང་ཞིང་། མཁར་ཤང་གི་དངོས་འགྲུལ་ངོ་བོ་གཅིག་ཅན་དང་ཞིང་སྡེའི་དངོས་ཟོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཞི་རྩའི་སྤྱི་གཞུང་ཞབས་ཞུའི་ཆ་སྙོམས་ཅན་སོགས་ལ་སྐུལ་འདེད་བྱས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱི་ཞིང་སྡེའི་གཞུང་ལམ་དང་ཐོན་ལས་གླིང་། ཞིང་སྡེའི་ཡུལ་སྐོར་སོགས་ལ་སྐུལ་འདེད་བྱས་ཏེ། ངོ་བོ་གཅིག་ཅན་གྱི་འཛུགས་སྐྲུན་དང་གསར་སྤེལ་ངོ་བོ་ཅན་དུ་བསྒྱུར།

《སྒྲིག་སྲོལ》དེས་ད་རུང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་བའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་པའི་ལས་བསྡུའི་དམིགས་ཚད་ཀྱི་ལམ་སྲོལ་གཏན་འབེབས་གསལ་པོ་བྱས་ཤིང་། བཟོ་སྐྲུན་ལས་བསྡུའི་ཞིབ་བཤེར་ལམ་སྲོལ། བཟོ་སྐྲུན་ཡིག་ཚགས་ལམ་སྲོལ། ཡིད་རྟོན་དཔྱད་འཇོག་ལམ་ལུགས། ཞིང་སྡེའི་གཞུང་ལམ་རྒྱུ་སྤུས། བདེ་འཇགས་ལྟ་ཞིབ་ཚད་ལེན་བདག་དོམ་སྒྲིག་གཞི་སོགས་ཀྱང་གཏན་འབེབས་གསལ་པོ་བྱས་ཡོད། ཞིང་སྡེའི་གཞུང་ལམ་གྱི་ས་ཞིང་བེད་སྤྱོད་དང་འཛུགས་སྐྲུན་ཚོད་འཛིན་ས་ཁུལ་གྱི་ཁྱབ་ཁོངས། དེ་མིན་གཞུང་ལམ་ལག་བསྟར་བྱེད་པའི་བྱེ་བྲག་གི་གཏན་ཁེལ་སོགས་གཏན་འབེབས་སྒོས་ཞིང་སྡེའི་གཞུང་ལམ་གྱི་ཚད་བཀག་བཅོས་སྐྱོང་ལ་ཤུགས་སྣོན་བྱས།

《སྒྲིག་སྲོལ》དེའི་ནང་དུ་ལག་བསྟར་ཁྱབ་བསྒྲགས་བྱས་ཡོད་དེ། རང་ཞིང་གིས་ཞིང་སྡེའི་དར་སྤེལ་གྱི་འཐབ་ཇུས་ལ་མགྱོགས་མྱུར་སྒོས་ཤུགས་སྣོན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་གཞུང་ལམ་གྱི་ལེགས་པོ་བཞི་ཡི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་བཅའ་ཁྲིམས་ལ་སྐུལ་འདེད་བྱེད་པའི་སྲིད་གཞུང་གི་སྡེ་ཁག་འཛུགས་སྐྲུན་བྱས་ཏེ། ཞིང་སྡེའི་གཞུང་ལམ་གྱི་བྱ་གཞག་བདེ་ཐང་འཕེལ་རྒྱས་ཀྱི་འདོན་སྤེལ་ལ་སྐུལ་འདེད་བྱེད་པའི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།