རང་ཞིང་གི་གསར་གཏོད་ཆེད་ཁེ་གཉིས་ལ་ཀྲུང་གོའི་ཆེད་ཁེ་བྱ་དགའ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡིས་རྩ་འཛུགས་བྱས་པའི་རེ་འདུན་སྙན་ཞུ་བྱས་པའི་གསར་གཏོད་སྤུས་ཚད་མཐོ་ཞིང་། བེད་སྤྱོད་ཕན་འབྲས་ལེགས་པ། དཔེར་སྟོན་ཕན་འབྲས་ཅུང་ལེགས་པོའི་གསར་གཏོད་ཆེད་ཁེ་གཉིས་ལ་ཀྲུང་གོའི་སྐབས་ཉི་ཤུ་པའི་ཆེད་ཁེ་བྱ་དགའི་གཟེངས་བསྟོད་བྱ་དགའ་ཐོབ་པ་རེད།

གསར་གཏོད་ཆེད་ཁེ་རིགས་འདི་གཉིས་ཀ་སོ་སོ་ནི། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི“ཟངས་དང་ཏི་ཚའི་མུ་སའི་གཏེར་ལས་རིགས་བཀར་དཀའ་བའི་བཟོ་ལས་སྒྱུ་རྩལ”དང་ཡ་གླིང་གི་སེལ་ལས་རིགས་མཚོ་སྔོན་ཚད་ཡོད་ཀུང་ཟིའི“རིགས48གྱིས་སླ་ངའི་ཞབས་ཕྱིར་འདོན་པ”གཉིས་ཡིན། དེའི་ཁྲོད་ཡ་གླིང་གི་སེལ་རིགས་མཚོ་སྔོན་ཚད་ཡོད་ཀུང་ཟི་ལ་སྐབས་མི་འདྲ་བ་གཉིས་ཀྱི་སྟེང་འཕྲོ་རིམ་འཕྲོར་ཀྲུང་གོའི་ཆེད་ཁེ་ཕུལ་བྱུང་བྱ་དགའ་ཐོབ་མྱོང་།

ལོ་འདི་དག་གི་རིང་ལ། རང་ཞིང་གིས་ཤེས་བྱའི་ཐོན་དབང་བྱ་བའི་ནུས་ཤུགས་མུ་མཐུད་དུ་ཆེས་ཆེར་བཏང་ཞིང་། ཤུགས་ཆེན་པོའི་སྒོ་ནས་ཆེད་ཁེ་སྤུས་ཚད་ཀྱི་སྐུལ་འདེད་བཟོ་སྐྲུན་ལག་བསྟར་སྒོས་ཤེས་བྱའི་ཐོན་དབང་གསར་གཏོད་ཀྱི་ཕུལ་བྱུང་འཕེལ་རྒྱས་བྱ་བར་སྐུལ་འདེད་བྱེད་པར་མངོན་འགྱུར་བྱས་ནས། ཆེད་ཁེ་ཡི་སྤུས་ཚད་ཁ་གྲངས་བརྟན་འཇགས་སུ་གཏོང་བའི་ཚད་མཐོར་འདེགས་སུ་བཏང་། ཁེ་ལས་ཀྱི་ཆེད་ཁེ་བེད་སྤྱོད་ནུས་ཤུགས་དང་ཆུ་ཚད་ཡང་རིམ་བཞིན་མཐོར་འདེགས་སུ་བཏང་ནས། གསར་གཏོད་གསར་སྤེལ་གྱི་མཁའ་དབུགས་ཤིག་གྲུབ་པར་བྱས་ཡོད། ཆེད་ཁེ་ཡིས་ཁེ་ལས་རིམ་འགྱུར་ཅན་ལ་རོགས་སྒྲུབ་སྒོས་སྒྲིག་གཞིའི་ལེགས་སྒྱུར་བྱེད་ནུས་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱས་ཤིང་། རང་ཞིང་གི་ཕུལ་བྱུང་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ལ་རྒྱབ་སྐྱོར་གྱི་བྱེད་ནུས་ཐོན་ཡོད། བྱ་དགའ་ཐོབ་པའི་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་དེ་ལག་རྩལ་གསར་གཏོད་དང་ཁེ་ལས་ཤུགས་སྣོན་ཅན་ལ་སྣེ་ཁྲིད་བྱེད་པའི་ཤེས་བྱའི་ཐོན་དབང་བྱ་བའི་ཐད་ལ་དམིགས་ཚད་ཀྱི་ཚད་གཞི་དང་དཔེར་སྟོན་ཡང་བྱས་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། ཀྲུང་གོའི་ཆེད་ཁེ་བྱ་དགའ་ནི་ཀྲུང་གོའི་ཆེད་ལས་ཀྱི་ཆེད་ཁེ་བདག་དབང་གི་གསར་གཏོད་མཁན་ལ་བྱ་དགའ་སྟེར་བའི་སྲིད་གཞུང་སྡེ་ཁག་གི་བྱ་དགའ་ཤིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་ཅུའུ་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་ཐུན་མོང་གིས་གསར་འཛུགས་བྱས་པ་ཡིན་ལ། དེས་དགོངས་དོན་ནི་ཧུར་ཐག་སྒོས་བྱེད་ནུས་ངེས་ཅན་ཐོན་པའི་ཤེས་བྱའི་ཐོན་དབང་གསར་གཏོད་དང་བེད་སྤྱོད། སྲུང་སྐྱོབ། བདག་དོམ་བཅས་ཀྱི་བྱ་བའི་དགོངས་དོན་མཚོན་ཞིང་། དེའི་མི་ཚད་གསར་གཏོད་ཀྱི་སྐུལ་འདེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་ལ་བྱས་རྗེས་འབུར་ཐོན་གྱི་ཆེད་ཁེ་བདག་དབང་མི་སྣ་དང་གསར་གཏོད་པ་སོགས་ཀྱང་འདུས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།