རང་ཞིང་གིས་གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་སྐུལ་འདེད་དང་གསོ་སྐྱོང་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཤུགས་ཆེན་པོའི་སྒོ་ནས《གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་སྐུལ་འདེད་དང་གསོ་སྐྱོང་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་བསམ་འཆར》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། མཚོ་སྔོན་གྱི་དོན་དངོས་བྱ་བར་ཟུང་འབྲེལ་བྱས་ཏེ། གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ་བདེ་ཐང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་པའི་སྤྱིའི་དམིགས་འབེན་དང་དེ་མིན་གསོ་སྐྱོང་། བདག་དོམ། རོགས་འདེགས་སོགས་ཀྱི་བྱེད་ཐབས་མང་པོ་ཞིག་གི་ཐད་ལ་གཞིས་ཁུལ་སྤྱི་ཚོགས་རྩ་འཛུགས་བྱས་ཏེ་བདེ་ཐང་གོ་རིམ་ལྡན་པའི་ངང་ནས་འཕེལ་རྒྱས་སུ་གཏོང་པར་སྐུལ་འདེད་བྱས།

《ལག་བསྟར་བསམ་འཆར》དེས་ས་གནས་གཙོ་བོ་དག་གི་གསོ་སྐྱོང་བྱ་བ་སྟེ་བགྲེས་སོང་དང་བུད་མེད། བྱིས་པ། དབང་བོ་སྐྱོན་ཅན། ལས་ཤོར་མི་སྣ། ཞིང་བ་ལས་བཟོ་པ་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱས་ཏེ། གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་བྱས། དེ་ཡང་བདག་དོམ་རེ་འདུན་ཐད་ནས་ལག་བསྟར་བསམ་འཆར་གྱིས་གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་འཚོལ་བསྡུ་བྱས་ཏེ་རིགས་བཀར་བདག་དོམ་དང་ཁྲིམས་མཐུན་ཐོ་འགོད་ཆ་རྐྱེན་དང་མཐུན་པའི་གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་དེར་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་ཁྲིམས་བསྟུན་ཐོ་འགོད་བྱེད་རྒྱུ་གཏན་ཁེལ་གསལ་པོ་བྱས་ཡོད། ཐོ་འགོད་ཀྱི་ཆ་རྐྱེན་དང་མི་མཐུན་པའི་གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་སྲང་ལམ་དོན་གཅོད་ཁང་དང་ཤང་གྲོང་བརྡལ་སྲིད་གཞུང་གིས་བདག་དོམ་ལག་བསྟར་བྱེད་དགོས། དེ་ཡང་གཞི་ཁྱོན་ཆུང་བ་དང་རྩ་འཛུགས་ལྷོད་པ། བྱ་འགུལ་གྱི་ཁྱབ་ཁོངས་སུ་ཚད་བཀག་ཐེབས་པའི་གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་དེ་ནི་གཞིས་ཁུལ་དེའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་བྱ་འགུལ་མཛུབ་སྟོན་དང་བདག་དོམ་གཙོར་འཛིན་དགོས་པ་བཅས་ཡིན།

《ལག་བསྟར་བསམ་འཆར》དེས་ས་ཁུལ་སོ་སོའི་མ་དངུལ་རྒྱབ་སྐྱོར་ལ་སྐུལ་འདེད་དང་སྲིད་གཞུང་གི་ཉོ་བསྡུའི་ཞབས་ཞུ་སོགས་ཀྱི་ཐད་ལ་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པའི་ཚད་གཞི་དེ་ཡང་ཆེས་ཆེར་བཏང་ཡོད་ལ། སྤྱི་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་བེད་སྤྱོད་ཀྱིས་གཞིས་ཁུལ་གྱི་ཞབས་ཞུའི་ལྟེ་གནས་དེ་གཞིས་ཁུལ་སྤྱི་ཚོགས་ཀྱི་སྤྱི་ཕན་གསར་གཏོད་དངུལ་གཏོང་ཐད་ལ་མཁོ་སྤྲོད་བྱས་ཤིང་། བྱ་དགའི་ཁ་གསབ་རོགས་དངུལ་སྤྲོད་པ། བྱ་འགུལ་གྱི་ཡུལ་དངོས། རིན་དངུལ་ཇེ་ཉུང་དུ་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱས་ཏེ། གཞིས་ཁུལ་གསུམ་གྱི་མཐུད་སྦྲེལ་ཇེ་ལེགས་སུ་བཏང་ནས་ལས་བྱེད་མི་སྣར་ཤུགས་སྣོན་དང་དང་བླངས་མཁན་གྱི་རུ་དཔུང་རྩ་འཛུགས་བྱས། དེ་ལས་གཞན《ལག་བསྟར་བསམ་འཆར》དེའི་ཏང་གི་འགོ་ཁྲིད་དང་བྱ་བའི་མཛུབ་སྟོན། ཡིད་རྟོན་རང་བཀུར་འཛུགས་སྐྲུན། རྩ་འཛུགས་དྲིལ་སྒྲོག་སོགས་ཀྱི་ཐད་ལ་གཞིས་ཁུལ་སྤྱི་ཚོགས་རྩ་འཛུགས་ཀྱི་བདག་དོམ་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་འདེད་བྱས།

རིམ་པ་མི་འདྲ་བའི་གསོ་སྐྱོང་རོགས་འདེགས་བྱེད་ཐབས་བརྒྱུད་བརྩོན་ལེན་བྱས་ཤིང2020ལོར་སླེབས་དུས། རང་ཞིང་གི་གཞིས་ཁུལ་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ཀྱི་ཐོག་མའི་གྲུབ་འབྲས་མངོན་གསལ་ཅན་དུ་བཏང་། གྲོང་ཁྱེར་གྱི་གཞིས་ཁུལ་སོ་སོར་ཆ་སྙོམས་སྒོས་གཞིས་ཁུལ་སྤྱི་ཚོགས་རྩ་འཛུགས10ལྷག་དང་ཞིང་སྡེའི་གཞིས་ཁུལ་གྱི་ཆ་སྙོམས་ལྟར་ན་གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས3-5བར་ཡོད། དེའི་འཕྲོར་ལོ5-10བར་བེད་སྤྱོད་གང་ལེགས་སྒོས་གཞིས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་བདག་དོམ་ལམ་ལུགས་སྔར་ལས་མཐུས་ཚང་ཅན་དུ་བཏང་ཞིང་། བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པ་འཐུས་ཚང་དུ་བཏང་ནས་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་བྱེད་ནུས་ངེས་ཅན་ཞིག་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།