ལུགས་གསར་ལོ་སར་གྱི་གུང་གསེང་སྐབས་རང་ཞིང་གི་མཁའ་ལམ་སྐྱེལ་འདྲེན་མི་གྲངས་དེ་མི་ཐེངས་ཁྲི3.7ལ་བུད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་དུ་འདས་མ་ཐག་པའི་ལུགས་གསར་ལོ་སར་གྱི་གུང་གསེང་སྐབས་སུ་མཚོ་སྔོན་གནམ་ཐང་ཀུང་ཟིས་མཁའ་འགྲུལ་ཐེངས386ལ་འགན་བཅོལ་བྱས་ཤིང་། སྐྱེལ་འདྲེན་བྱས་པའི་ཡུལ་སྐོར་འགྲུལ་བའི་ཁ་གྲངས་མི་ཐེངས་ཁྲི3.7ལ་བུད་པ་དང་སྦྲགས་སྐྱེལ་དངོས་པོའི་ཁ་གྲངས་ཏུན328ཡིན། དེའི་འཕར་ཚད་སོ་སོ་ནི་20.6%、18.7%、21.8%བཅས་ཡིན་པ་རེད།

དེའི་ཁྲོད་ཟི་ལིང་གནམ་ཐང་གིས་མཁའ་འགྲུལ་གནམ་གྲུ316ལ་འགན་བཅོལ་བྱས་ཤིང་། སྐྱེལ་འདྲེན་བྱས་པའི་འགྲུལ་བའི་ཁ་གྲངས་ནི་མི་ཐེངས་ཁྲི3.7ཡིན་ལ། སྦྲགས་སྐྱེལ་དངོས་པོའི་ཁ་གྲངས་ཏུན328ཡིན། དེའི་འཕར་ཚད་སོ་སོ་ནི་20.6%、18.7%、21.8%བཅས་ཡིན་པ་རེད། རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། ལུགས་གསར་ལོ་སར་གྱི་གུང་གསེང་སྐབས་སུ་རང་ཞིང་གི་གནམ་ཐང་སོ་སོས་དུས་ཆེན་གྱི་མཁའ་དབུགས་ལེགས་པོ་ཞིག་གསར་བཟོ་བྱས་ཏེ་རྣམ་པ་མི་འདྲ་པའི“བརྩེ་སེམས་དང་དྲོད་ཁོལ”ཞེས་པ་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ། དཔེར་ན་ཟི་ལིང་གནམ་ཐང་གིས2019ལོའི་སྨོན་འདུན་མཁར་གྱང་ཞེས་པ་གསར་འཛུགས་ཀྱིས་ཡུལ་སྐོར་འགྲུལ་བ་དག་གི་སེམས་ཀྱི་སྨོན་འདུན་དེ་གྱང་ལྡེབས་ངོས་སུ་བྲིས་ནས2019ལོར་རང་གི་ཁྱིམ་མི་དང་གྲོགས་པོ། དེ་མིན་རང་ཉིད་ཀྱི་སྨོན་འདུན་སོགས་ཡིད་བཞིན་འགྲུབ་པའི་ངོ་མཚར་བའི་འཁྲབ་སྟོན་བྱས། ཐད་འཕུར་གནམ་ཐང་སོ་སོས་ཀྱང་སྨོན་འདུན་འབྲི་བ་དང་སྨོན་འདུན་སྐྱེལ་བ། གླུ་གར་ཟུང་འབྲེལ། འདྲ་པར་བསྡུ་རུབ། ཡུལ་དངོས་སྨོན་འདུན་ཡིག་བྱང་དང་ལེགས་སྐྱེས་ཆུང་ངུ་གནང་བ་སོགས་ཀྱི་རིག་གནས་གསར་གཏོད་བྱེད་སྒོ་ཡང་སྤེལ་པས། སྣ་མང་ཅན་དང་ཡུལ་སྐོར་འགྲུལ་བ་ལ་ཐུན་མིན་གྱི་གནམ་སྐྱོད་ཉམས་ཞིབ་ཤིག་མྱངས་སུ་བཅུག་པ་རེད།

འདྲི་གཅོད་གཞན་ཞིག་ལས་ཤེས་གསལ་བྱུང་བ་ལྟར་ན། ལུགས་གསར་ལོ་སར་གྱི་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་སུ་ཉིན་རེའི་ཆ་སྙོམས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཁ་གྲངས2271དང་འདུག་སྟེགས་ཁྲི6.8 ཞོར་དུ་ཁ་སྣོན་བྱས་པའི་སྤྱི་སྤྱོད་རླངས་འཁོར30དང་ཡུལ་སྐོར་རླངས་འཁོར71། བསྡོམས་རྩིས་ལྟར་ན་འགྲུལ་བ་སྐྱེལ་འདྲེན་བྱས་པའི་ཁ་གྲངས་ནི་མི་ཐེངས་ཁྲི38.55ཡིན་ཞིང་། འགྲུལ་བ་སྐྱེལ་འདྲེན་བྱེད་པའི་ཁ་གྲངས་དེ་ན་ནིང་དང་བསྡུར་ན4.93%ཇེ་མཐོར་སོང་ཡོད་ལ། གཞུང་ལམ་སྐྱེལ་འདྲེན་ཐད་ཀྱི་རླངས་འཁོར་འགྲོ་འོངས་ཐད་ལ་དོན་རྐྱེན་གཅིག་ཀྱང་བྱུང་ཡོད་པ་མ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།