མཚོ་ལྷོ་ཁུལ་གྱིས་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་སྐུལ་སློང་ཚོགས་ཆེན་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་བཅོས་སྒྱུར་བྱ་བའི་བཀོད་སྒྲིག་ཚོགས་འདུ་དང་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བཅས། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཁུངས་བཅོས་སྒྱུར་བྱ་བར་ཕྱོགས་ཡོངས་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུུའུ་ཅི། ཁུལ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཀྲང་ཝུན་ཁོས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཚོགས་འདུར་འགོ་འཛིན་བྱས་པ་རེད།

ཀྲང་ཝུན་ཁོས་ཀྱིས་ནན་གྱིས་བསྟན་དོན། ད་ལྟའི་ཆར་ཁུལ་དང་རྫོང་གི་ལས་ཁུངས་བཅོས་སྒྱུར་གྱི་དམིགས་འབེན་དང་འོས་འགན་གསལ་པོར་མངོན་ཡོད་པས། ལས་ཁུངས་སྒྲིག་གཞི་ལེགས་བཅོས་བྱེད་པ་དང་ཚན་ཁག་སྒྲིག་སྦྱོར་ལེགས་བཅོས། མི་སྣའི་ཁོངས་གཏོགས་ལེགས་བཅོས། སྡེ་ཁག་གི“ཐག་གཅོད་གསུམ”ལེགས་སྐྱོང་དང་སྒྲིག་ཁྲིད་དོ་དམ་ལེགས་བཅོས།  གཞོགས་འདེགས་མཉམ་སྐུལ་དམ་འཛིན་བྱེད་པ་བཅས་གཙོ་གནད་དུ་འཛིན་དགོས་ཟེར།

གྲོས་ཚོགས་སྟེང་བཅོས་སྒྱུར་སྲིད་ཇུས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འོས་འགན་ལག་བསྟར་ནན་མོ་དང་དངོས་འབེབས་བཟང་པོ། བཅོས་སྒྱུར་སྟོབས་ཤུགས་གཅིག་བསྡུས། དམིགས་ཡུལ་དམ་འཛིན་དང་སྐུལ་འདེད་ནན་མོ། གྲུབ་འབྲས་ཐོབ་པར་བྱེད་པ། བྱ་བའི་སྒྲིག་ལམ་གཟབ་ནན་དུ་བཏང་ནས་བཅོས་སྒྱུར་གྱི་གཞི་རྩ་མི་འཆོལ་བར་ཁག་ཐེག་བྱེད་པ།  ཕྱོགས་བསྡུས་བཅོས་སྐྱོང་གཙིགས་སུ་བཟུང་ནས་བཅོས་སྒྱུར་གྱི་མི་ནོར་བ་གཉིས་དང་སྐུལ་སྤེལ་གཉིས་ལ་སོགསཔར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 

རྫོང་ཏང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་དག་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།