ཟི་ལིང་གྲོང་ཁྱེར་ཏང་ཨུ་ཡིས་རྒྱུན་ཨུའི་གྲོས་ཚོགས་བསྡུས་པ།

— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་བྱ་བའི་སྙན་ཞུའི་ཞིབ་བཤེར་དང་འབྲེལ་བའི་དོན་ཚན་དག་ལ་ཉན་པ། ཝང་ཞའོ་ཡིས་ཚོགས་འདུར་མདོ་འཛིན་དང་གསུང་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ12པའི་ཚེས25ཉིན། ཟི་ལིང་གྲོང་ཁྱེར་ཏང་ཨུ་ཡིས་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་བྱ་བའི་སྙན་ཞུའི་ཞིབ་བཤེར་དང་འབྲེལ་བའི་དོན་ཚན་དག་ལ་ཉན་པ་མ་ཟད། ཝང་ཞའོ་ཡིས་ཚོགས་འདུར་མདོ་འཛིན་དང་གསུང་བཤད་གནང་བ་རེད།

གྲོས་ཚོགས་སྟེང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ཟི་ལིང་གྲོང་ཁྱེར་དུ་ལག་ལེན་དངོས་འབེབས་བྱེད་པའི་ཐབས་ལམ་ལ་ཞིབ་འཇུག་དང་གཏན་འབེབས་བྱས་པ་རེད། གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་བསམ་བློའི་ཐད་ཀྱི་གསུང་བཤད་བརྩམས་ཆོས་ཤིག་ཀྱང་ཡིན་པས། ང་ཚོའི་ད་ལྟའི་དཔལ་འབྱོར་དང་རྗེས་ཕྱོགས་ཀྱི་དུས་རབས་ནང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བྱ་བའི་ཐད་རྩ་བའི་བརྩི་འཇོག་དང་འགུལ་སྐྱོད་ཀྱི་སྣེ་སྟོན་མཁོ་སྤྲོད་གནང་ཡོད། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་སྒོས་ཏན་ཏིག་ངང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་འཕེལ་རྒྱས་བྱ་བར་སྐུལ་འདེད་བྱེད་རྒྱུའི་རེ་བ་བཏོན། གཅིག་ནས་ནམ་ཡང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་གཅིག་གྱུར་བསམ་བློའི་ལས་འགུལ་རྒྱུན་འཁྱོངས་བྱེད་པ། གཉིས་ནས་ཡང་དག་པའི་སྒོ་ནས་གནས་བབ་གསར་པའི་འཕེལ་ཕྱོགས་ལ་རྒྱུས་ལོན་བྱས་ཏེ་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མི་འགྱུར་བར་བྱེད་དགོས། གསུམ་ནས་འཕེལ་རྒྱས་ཀྱི་སྤུས་ཚད་ཕན་ནུས་མཐོར་འདེགས་སྒོས་དམངས་ཚིས་ཀྱི་བདེ་སྐྱིད་འཕར་ཚད་རྒྱུན་བསྲིངས་བྱེད་པ། བཞི་ནས་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བྱས་ཏེ་ཚོང་གཉེར་གྱི་ཁོར་ཡུག་ལེགས་པོ་ཤིག་འཛུགས་སྐྲུན་བྱེད་པ། ལྔ་ནས་ལོ་མཇུག་གི་བྱ་བར་སྤྱི་སྡོམ་ལེགས་པོ་ཞིག་བྱས་ཏེ་སང་ལོའི་འགོ་ཚུགས་ས་གསར་པ་ཞིག་མངོན་འགྱུར་བྱེད་དགོས།

གྲོས་ཚོགས་ཀྱིས་ཟླ12པའི་ཚེས13ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་རེད། གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པས། ང་ཚོས་དཔལ་འབྱོར་བྱ་བ་སྒྲུབ་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད། གྲོས་ཚོགས་སྟེང་གཅིག་ནས་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པར་ཤུགས་སྣོན་བྱེད་པ། གཉིས་ནས་ནན་ཏན་སྒོས་ཏང་བདག་དོམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་གཙོ་བོ་ལག་ལེན་དུ་བསྟར་བ། གསུམ་ནས་མུ་མཐུད་དུ་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་གི་རེ་འདུན་གཅིག་ཀྱང་མ་ལུས་པར་དོན་དངོས་ཐད་ལ་དངོས་འབེབས་བྱེད་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྐབས་བཅུ་གཅིག་པའི་གཅིག་བསྡུས་སློབ་སྦྱོང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་རེད། གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ལངས་ཕྱོགས་བརྟན་པོ། སྤྱིའི་གནས་བབ་སོགས་ཀྱི་ཐད་ལ་དཔྱད་སྡུར་གཏིང་ཟབ་སྒོས་བླང་བྱ་གཏན་འབེབས་གསལ་བོ་བྱས་ཏེ། བསམ་བློའི་འདུ་ཤེས་དང་འཐབ་ཇུས་ཀྱི་རང་བཞིན། མཛུབ་སྟོན་རང་བཞིན་སོགས་ལྡན་པས། ཏང་གི་སྒྲིག་སྲོལ་ཞིབ་བཤེར་སྒྲིག་གཞི་དང་རྒྱལ་ཁབ་ལྟ་སྐུལ་སྒྲིག་གཞིའི་བཅོས་སྒྱུར་ཐད་ལ་བྱེ་བྲག་གི་མཛུབ་སྟོན་དོན་སྙིང་གལ་ཆེན་ལྡན་པ་རེད། གྲོས་ཚོགས་སྟེང་གཅིག་ནས་འགན་འཁྲིའི་འགན་ནུས་ལ་ཤུགས་བསྣན་ཏེ་བཅོས་སྒྱུར་མུ་མཐུད་སྒོས་གཏིང་ཟབ་དུ་སྤེལ། གཉིས་ནས་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་སྟེ་ཁྲིམས་སྲོལ་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ། གསུམ་ནས་གནད་དོན་གྱི་ཁ་ཕྱོགས་འབུར་ཐོན་གྱིས་མ་དཔེ་ལ་དོ་སྣང་ཆེན་པོ་བྱེད་པ། བཞི་ནས་ཡང་དག་པའི་ཁ་ཕྱོགས་ལ་ངར་ཤུགས་བསླངས་སྟེ་ལས་རིགས་ལས་གཏོད་བྱ་བར་སྐུལ་འདེད་བྱེད་པ། ལྔ་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཕྱིར་འདོན་གྱི་བྱེད་ནུས་འདོན་སྤེལ་སྒོས་བཅོས་སྒྱུར་གྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་ཏང་གི་ཁ་ཕྱོགས་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་བྱས་ཏེ་ཟི་ལིང་གི་སྤྱོད་གཙང་སྲིད་གཙང་གི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུའི་རེ་འདུན་བཏོན་ཡོད།

གྲོས་ཚོགས་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དག་ལ་བཞུགས་མོལ་གནང་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་རེད། གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ང་ཚོས་དུས་རབས་གསར་པའི་གཅིག་གྱུར་འཐབ་ཇུས་ཀྱི་བྱ་བའི་ཐད་ལ་འདོན་སྤྲོད་བྱེད་པའི་བསམ་བློའི་མཚོན་ཆ་དང་ཚན་རིག་གི་འགུལ་སྐྱོད་མཛུབ་སྟོན་དུ་འཛིན་དགོས། གྲོས་ཚོགས་སྟེང་དུ་གཅིག་ནས་ཏང་ཕྱིའི་མི་སྣའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གཉིས་ནས་ནུས་ཤུགས་གང་ཡོད་སྒོས་ཏང་ཕྱིའི་མི་སྣའི་འཚར་ལོངས་ལ་སྐུལ་འདེད་བྱེད་པ། གསུམ་ནས་ཏང་ཕྱིའི་མི་སྣའི་བྱེད་ནུས་འདོན་སྤེལ་འཐུས་ཚང་བྱ་དགོས་ཚུལ་བསྟན་ཡོད།

གྲོས་ཚོགས་སྟེང་དུ་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཐེངས60.61པའི་རྒྱུན་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་བྱ་བའི་ཐད་ལ་བཀོད་སྒྲིག་ཡང་བྱས་པ་རེད།

གྲོས་ཚོགས་སྟེང་ལོ་སྨད་ལ་གྲོང་ཁྱེར་ཡོངས་ཀྱི་འདུ་ཤེས་གནས་བབ་བྱ་བའི་སྙན་ཞུ་ལ་ཉན་པ་རེད། གྲོས་ཚོགས་སྟེང་བསྟན་དོན། གཅིག་ནས་དཔུང་བ་མཉམ་བཤིབས་ཀྱི་བདག་དོམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། གཉིས་ནས་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ། གསུམ་ནས་དྲ་འཕྲིན་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། བཞི་ནས་འཇོན་མིའི་རུ་དཔུང་གི་རྒྱབ་འདེགས་ལ་ཤུགས་སྣོན་བྱེད་པ་བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་འདུ་ཤེས་གནས་བབ་བྱ་བའི་ཧུར་ཐག་སྒོས་མཐོར་འདེགས་སུ་བཏང་ནས་ཆུ་ཚད་གསར་པ་ཞིག་ལ་སླེབས་པར་བྱས་ཡོད།

གྲོས་ཚོགས་ཀྱིས《ཟི་ལིང་གྲོང་ཁྱེར་གྱི2019ལོའི་ལུགས་གསར་གྱི་ལོ་སར་དང་ལུགས་རྙིང་གི་ལོ་སར། རྒྱ་ལོའི་བཅོ་ལྔ་བཅས“དུས་ཆེན་གསུམ”གྱི་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ལག་བསྟར་བྱེད་པའི་ཇུས་གཞི》ལ་ཞིབ་བཤེར་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་སྟེང་གཅིག་ནས་འགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་བྱེད་པ་དང་གཉིས་ནས་དུས་རབས་ཀྱི་རོལ་དབྱངས་དར་སྤེལ་གཏོང་བ། གསུམ་ནས་ཕུལ་བྱུང་རིག་གནས་ཁྱབ་སྒྲོག་བྱེད་པ། བཞི་ནས་བདེ་འཇགས་ཀྱི་གོ་རིམ་ལ་ཁག་ཐེག་བྱེད་པ་བཅས་ཀྱི་རེ་འདུན་བཏོན་ཡོད།

གྲོས་ཚོགས་ཀྱིས《གྲོང་ཁྱེར་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་བརྡ་འཕྲིན་ཅན་གྱི་བྱ་བའི་དངོས་འབེབས་ཇུས་གཞི》ལ་ཤུགས་སྣོན་བྱེད་པ་ཞེས་པར་ཞིབ་བཤེར་གྲོས་སྡུར་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་སྟེང་གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་གཏོང་བ་དང་གཉིས་ནས་ཞན་ཆ་ཁ་གསབ་བྱེད་པ། གསུམ་ནས་ཡོངས་ཁྱབ་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་རེ་འདུན་བཏོན།

གྲོས་ཚོགས་ཀྱིས《ཟི་ལིང་གྲོང་ཁྱེར་དུས་རབས་གསར་པར་ཞུགས་ནས་དྲ་སྟེང་མང་ཚོགས་ཀྱི་ལམ་ཐིག་དངོས་འབེབས་ཇུས་གཞི》ལ་ཞིབ་བཤེར་གྲོས་སྡུར་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་སྟེང་གཅིག་ནས་བསམ་བློའི་ངོས་འཛིན་མཐོར་འདེགས་སུ་གཏོང་བ་དང་གཉིས་ནས་ནུས་ཤུགས་དང་འགན་ནུས་མཐོར་འདེགས་སུ་གཏོང་བ། གསུམ་ནས་བྱ་བའི་འགན་སྲུང་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་རེ་འདུན་བཏོན།

གྲོས་ཚོགས་ཀྱིས《ཟི་ལིང་གྲོང་ཁྱེར་གྱི་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་འཆར་འགོད། 2018-2022》ལ་ཞིབ་བཤེར་གྲོས་སྡུར་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་སྟེང་གཅིག་ནས་འཆར་འགོད་སྣེ་ཁྲིད་ཀྱི་བྱེད་ནུས་ལ་ཤུགས་སྣོན་བྱེད་པར་མཉམ་འཇོག་གཙོ་བོ་བྱེད་པ་དང་གཉིས་ནས་ལས་གཞིའི་བྱེད་ནུས་འདོན་སྤེལ་ལ་སྐུལ་འདེད་བྱེད་པ། གསུམ་ནས་གཞི་རིམ་གྱི་ནང་ཤུགས་སྒུལ་ཤུགས་འདོན་སྤེལ་བྱེད་པ་བཅས་ཀྱི་རེ་འདུན་བཏོན།

གྲོས་ཚོགས་ཀྱིས《ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་རྒྱལ་ཁ་ལེན་པའི་འཐབ་ཇུས་ཀྱིས་སྦགས་བཙོག་ལ་བཅོས་སྐྱོང་བྱེད་པའི་དངོས་ཡོད་ཇུས་གཞི》ལ་ཞིབ་བཤེར་གྲོས་སྡུར་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་སྟེང་གཅིག་ནས་འགན་འཁྲི་ལག་ལེན་དུ་འདེབས་པ་དམ་འཛིན་བྱེད་པ་དང་གཉིས་ནས་མ་དཔེ་སྲུང་འཛིན་རྒྱུན་འཁྱོངས་བྱེད་པ། གསུམ་ནས་འགོ་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ། བཞི་ནས་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་རེ་འདུན་བཏོན།

གྲོས་ཚོགས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་མཛུབ་སྟོན་ལ་ཞིབ་བཤེར་བྱས་པ་མ་ཟད་གྲོས་འཆམ་ཡང་བྱུང་བ་རེད།

གྲོས་ཚོགས་སྟེང་དུ་འབྲེལ་ཡོད་དོན་ཚན་གཞན་དག་ལ་ཡང་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་་སྐྱབས།