མཚོ་སྔོན་གཞོང་ཐང་ནས་ཀན་སུའུ་ཧོང་ཀུའུ་བར་དུ་ཞིང་ཆེན་བརྒལ་བའི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན་མཚོ་ཤར་གྲོང་ཁྱེར་གྱི་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་མེ་འཁོར་ལྷོ་ལམ་ནས་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་གྱི་ཧོང་ཀུའུ་ཆུས་ཧའེ་ཧྲི་ཝན་མེ་འཁོར་ས་ཚིགས་དབར་གྱི་སྤྱི་སྤྱོད་རླངས་འཁོར་དངོས་སུ་ཤར་གཏོང་བྱས་པ་དང་། དེ་ནི་མཚོ་སྔོན་གྱི་གཞོང་ཐང་དང་ཀན་སུའུ་ཡི་ཧོང་ཀུའུ་དབར་དུ་ཞིང་ཆེན་བརྒལ་བའི་སྤྱི་སྤྱོད་རླངས་འཁོར་དངོས་སུ་ཤར་གཏོང་བྱས་པའི་རྟགས་རེད།

ཧོང་ཀུའུ་ཆུས་ནི་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་གྱི་མཐའ་ཁུལ་དུ་གནས་ཤིང་། གཞོང་ཐང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་སྒོ་ཆེན་མོ་རེད། ཆུ་བོ་ཞིག་གིས་དེ་གཉིས་དབར་བཅད་ཡོད་པ་ཞིང་ཆེན་སྲིད་འཛིན་གྱི་ལྟེ་གནས་ལན་གྲུ་དང་ཟི་ལིང་གཉིས་ལ་མཚོན་ན་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་ལན་གྲུ་དང་ཟི་ལིང་གི་དཔལ་འབྱོར་ཁུལ་འཛུགས་སྐྲུན། དེ་མིན་ཁྲུན་ཁུག་ནས་ཧའེ་ཧྲི་ཞ་བར་གྲོང་གཅིག་ཅན་དུ་བསྒྱུར་བ་ལ་མངའ་ཁོངས་མཐུན་སྦྱོར་གྱི་ཆ་རྐྱེན་ལྡན་པ་རེད། ནང་སྒོས་སུ2007ལོའི་ཚུན་ལ། ས་གནས་གཉིས་ཀྱིས་མཛའ་མཐུན་རྫོང་ཆུས་ཀྱི་འབྲེལ་བ་བཙུགས་ཏེ། ཙོང་ཆུའི་སྨད་རྒྱུད་ཀྱི་དཔལ་འབྱོར་འཕར་ཚུགས་ཁུལ་མཉམ་དུ་བསྐྲུན་པ་དང་ཆབས་ཅིག  རི་ལུང་གྲོང་གཅིག་ཅན་འགྱུར་དང་རི་ལུང་གཟུགས་གཅིག་ཅན། ས་ཆ་གཞན་གཏོགས་ཀྱི་དཔལ་འབྱོར། ཁོར་སྲུང་མཉམ་སྲུང་མཉམ་འཛིན། འགྲིམ་འགྲུལ་མཉམ་འབྲེལ་མཉམ་གཏོང་ལ་སོགས་མངའ་ཁོངས་མང་པོར་མཉམ་ལས་དང་མཉམ་དུ་ཕུགས་འདུན་མཉམ་ཇུས་བྱས་ཐོག  ད་ཆ་གཞོང་ཐང་རྫོང་གིས་མ་དངུལ་གཏོང་འཇོག་བྱས་ནས་སྐྲུན་བཞིན་པའི་ཁྲུན་ཧའེ་ཟམ་ཆེན་དང་། མཐུན་སྒྲིལ་ཟམ་ཆེན་ལ་སོགས་ཀྱི་འགྲིམ་འགྲུལ་ལས་གཞི་གལ་ཆེན་བསྐྲུན་པས།  གཞོང་ཐང་རྫོང་དང་ཧོང་ཀུའུ་ཆུས་གཉིས་ཀྱི་འགྲིམ་འགྲུལ་མངའ་ཁོངས་ཀྱི་མཉམ་འབྲེལ་མཉམ་ལས་ཀྱི་འགག་མདོ་རྨང་ནས་གཏོར་ཐུབ་པ་བྱུང་།

2016ལོ་ནས་བཟུང་སྟེ།གཞོང་ཐང་དང་ཧོང་ཀུའུ་གཉིས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འགྲིམ་འགྲུལ་མཉམ་འབྲེལ་མཉམ་ལས་མངའ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་ཐེངས་དུ་མར་གྲོས་བསྡུར་མཐར་གྲོས་ཐོག་གཅིག་ལ་བབས། དེ་ཡང་གཞོང་ཐང་གི་མེ་འཁོར་འབབ་ཚིགས་ལྷོ་མ་ནས་ཧའེ་ཧྲི་ཝན་མེ་འཁོར་ས་ཚིགས་དབར་གྱི་ཞིང་ཆེན་བརྒལ་བའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དངོས་སུ་ཤར་གཏོང་བྱས་པ་ནི། ཏག་ཏག་གཞོང་ཐང་དང་ཧོང་ཀུའུ་ས་ཆ་གཉིས་ཀྱིས་འགྲིམ་འགྲུལ་མངའ་ཁོངས་ནས་མཉམ་འབྲེལ་མཉམ་ལས་བྱས་པའི་གྲུབ་འབྲས་ཀྱི་མངོན་སྟངས་ཤིག་རེད། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དེ་ལ་ནུས་ཁུངས་གསར་པའི་གློག་སྒུལ་རླངས་འཁོར22ཤར་གཏོང་བྱས་ཡོད་ཅིང་། དེའི་ནང་གཞོང་ཐང་གི་ཧན་ཨན་སྤྱི་སྤྱོད་འགྲིམ་འགྲུལ་ཚད་ཡོད་ཀུང་སིས་རླངས་འཁོར12དང་། ལན་གྲུ་འགྲིམ་འགྲུལ་འཕེལ་རྒྱས་འཛུགས་སྐྲུན་སྡེ་ཤོག་གིས་རླངས་འཁོར10བཅས་ཤར་གཏོང་བྱས་པ་དང་། པ་སེ་ལ་རིན་སྒོར་གསུམ་རེ་བྱས་ཡོད་པ་རེད། གཞོང་ཐང་གི་སྤྱི་སྤྱོད་རླངས་འཁོར་ཐོག་མ་དེ་སྔ་མོའི་ཆུ་ཚོད6:30ནས་དགོང་མོའི་ཆུ་ཚོད19:30བར་བཏང་བ་ཡིན་ཞིང་།  ཉིན་ཧྲིལ་པོར་ཆུ་ཚོད་སྐར་མ7རེ་ནས་རླངས་འཁོར་རེ་གཏང་རྒྱུ་ཡོད་ལ། ལམ་ཧྲིལ་པོར་སྡོད་ཚིགས30བཀོད་སྒྲིག་བརྒྱབ་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།