སྟོང་སྐོར་རྫོང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་འགོར་བར་རྟེན་འབྲེལ་ཞུ་བའི་བྱས་རྗེས་འགྲེམས་སྟོན་བྱ་འགུལ་སྤེལ་བ།

ཟླ12པའི་ཚེས13ཉིན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གིས“བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་འགོར་བར་རྟེན་འབྲེལ་ཞུ་བའི་བྱས་རྗེས་འགྲེམས་སྟོན་བྱ་འགུལ”སྤེལ་བ་རེད། འགྲེམས་སྟོན་གྱིས་འདྲ་པར་དང་གསལ་བཤད་ཡི་གེ་མཉམ་བསྲེས་ཀྱི་འགྲེམས་བྱང་། ལས་བྱེད་མི་སྣའི་འགྲེལ་བཤད་སོགས་ཕྱོགས་སྡོམ་སྒོས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ40ཡི་རིང་གི་སྟོང་སྐོར་རྫོང་གི་སྨན་བཅོས་དང་འགྲིམ་འགྲུལ། དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཁྲོད་ཀྱི་འོད་སྟོང་འབར་བའི་བརྒྱུད་རིམ་དང་ཉམས་མྱོང་སོགས་འགྲེམས་སྟོན་བྱས་པ་རེད། གཤམ་གྱི་འདྲ་པར་འདི་ནི་ལས་བྱེད་མི་སྣས་གཟིགས་ཞིབ་མཁན་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་འགྲེལ་བརྗོད་བྱེད་བཞིན་པའི་རྣམ་པ་ཡིན།


ལོ་ཙཱ་བ། ལྷ་དཔལ་སྐྱབས།