2018ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་བྱ་འགུལ་མཇུག་རྫོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར། 2018ལོའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་བྱ་འགུལ་དེ་མཇུག་རྫོགས་པ་རེད། བྱ་འགུལ་གྱི་དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱིས་ཡུལ་དངོས་ལས་བསྡུའི་གྲོས་ཚོགས་ཐེངས47བཀོད་སྒྲིག་བྱས་ཡོད་ལ། ཁྱོན་བསྡོམས་ལས་ཞུགས་ལས་གནས་ཀྱི་གནས་ཚུལ་མཚོན་པའི་བརྡ་འཕྲིན་རིགས་མི་འདྲ་བ་ཁྲི1.9ལྷག་བཀྲམས། ལས་རིགས་དེའི་མཛུབ་སྟོན་ཡུལ་དངོས་མི་འདྲ་བ30སྤེལ་ནས་མཐོ་རིམ་མཐར་ཕྱིན་སློབ་མ་མི་ཐེངས1107གྱིས་རང་གི་འདོད་མོས་ནང་བཞིན་ལས་ཞུགས་ལས་ཀ་རྙེད་པར་གྱུར།

བྱ་འགུལ་གྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་གཞུང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་ཡིས་དྲ་རྒྱའི་ལས་བསྡུ་ཚོགས་ཆེན་བསྡུས་པ་བརྒྱུད་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཡུལ་དངོས་ལས་བསྡུ་གྲོས་ཚོགས་བསྡུས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་མཛུབ་སྟོན་བྱེད་སྒོ་སྤེལ་ཅིང་། མི་ཤུགས་ཐོན་ཁུངས་ལས་གཉེར་སློབ་གླིང་དུ་སྐྱོད་པའི་བྱ་འགུལ་རྩ་འཛུགས་བྱས་ཏེ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་ཀྱི་བྱེད་ཐབས་དྲིལ་སྒྲོག་བྱ་འགུལ་ཡང་སྤེལ། ཁྱོན་ཡོངས་ནས་ཁ་གཏད་རང་བཞིན་ཤུགས་དྲག་པའི་ལས་ཞུགས་ལས་གཏོད་ཞབས་ཞུ་ཁྱོན་ཡོངས་ལ་ཕྱོགས་སྟེ། མཐོ་རིམ་མཐར་ཕྱིན་སློབ་མའི་ལུགས་མཐུན་འཁོར་རྒྱུགས་དང་རམ་འདེགས་ལ་སྐུལ་འདེད་སྒོས་མཐོ་རིམ་མཐར་ཕྱིན་སློབ་མ་དག་ལ་ལས་ཞུགས་བྱེད་པའི་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་པར་རོགས་རམ་བྱས།

ཞིང་ཆེན་ཡོངས་ཀྱི་སྤྱི་གཞུང་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི103གྱིས་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་ཆེན8ལ་མཉམ་འབྲེལ་བྱས་ཏེ། ཁེ་ལས་ལས་ཁུངས734ཡིས་མཐོ་རིམ་མཐར་ཕྱིན་སློབ་མར་ཁ་ཕྱོགས་སྟེ་ལས་གནས་མི་འདྲ་བ2019འདོན་སྤྲོད་ཀྱིས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ལས་ཞུགས་མ་ཐུབ་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་། གཞི་རིམ་ཞབས་ཞུའི་ལས་གཞིའི་དུས་ཡུན་ལོངས་ན་ཡང་ལས་ཞུགས་མ་ཐུབ་པའི་མཐོ་རིམ་མཐར་ཕྱིན་སློབ་མ་བཅས་ལ་ལས་གནས་མཁོ་སྤྲོད་བྱས་ཡོད། སློབ་གླིང་དུ་སོང་ནས་ཞབས་ཞུ་སྒྲུབ་པ་དང་སྲིད་ཇུས་བྱེད་ཐབས་དྲིལ་སྒྲོག ལས་ཞུགས་མཛུབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་ཏེ། ཁྱོན་ཡོངས་ནས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཞབས་ཞུའི་རྣམ་པ་དང་ནང་དོན་སྤེལ་ནས། མཐོ་རིམ་མཐར་ཕྱིན་སློབ་མ་དག་ལ་སྤུས་ཚད་མཐོ་བའི་ལས་ཞུགས་ལས་སྐྲུན་གྱི་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་པ་མངོན་འགྱུར་བྱས་པ་རེད།

དེ་ལས་གཞན། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྒྲིག་གཞི་དེས་སྣ་མང་ཅན་གྱི་སྒོ་ནས་ཞབས་ཞུ་བསྐྲུན་པ་དང་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས། དེ་ཡང་ལས་གནས་བརྡ་འཕྲིན་གྱི་སྐུལ་འདེད་ངོ་སྤྲོད་དང་ཚད་ལེན་ལས་རིགས་བྱེད་ནུས། ཞབས་ཞུའི་བྱེད་ཐབས་གཏན་ཁེལ། ལས་རིགས་མཛུབ་སྟོན་གསར་སྤེལ་གྱིས་དཀའ་ཁག་ཆེ་བའི་མི་ལ་རོགས་རམ་བྱས་ཏེ། ལས་གཏོད་རོགས་འདེགས་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་ཞབས་ཞུ་གསར་འཛུགས་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མར་སྔ་མོ་ནས་ལས་གཏོད་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།