མཚོ་སྔོན་མི་རིགས་སློབ་ཆེན་ཏང་ཨུས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་གལ་ཆེན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པའི་བྱ་བ་མགྱོགས་མྱུར་སྒོས་བཀོད་སྒྲིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཏང་ཅུའི་ཧྲུའུ་ཅི་ཝང་ཅན་ཅོན་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཡོང་ནས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་སྦྱོང་བྱས་པ་དེར་སློབ་སྦྱོང་མཐར་ཕྱིན་པ་བྱེད་ཆེད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུ་ཡིས་དུས་ལྟར《མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་རང་སློབ་གྲྭ་རུ་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་སྦྱོང་བྱས་པ་དེར་སློབ་སྦྱོང་བྱེད་པའི་བརྡ་སྦྱོར》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཏེ་དྲིལ་སྒྲོག་ལ་སློབ་སྦྱོང་བྱེད་པའི་བྱ་བ་དེར་ཁྱོན་ཡོངས་ནས་བཀོད་སྒྲིག་གང་ལེགས་བྱས་པ་རེད།

《བརྡ་སྦྱོར》ལས་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ངོ་བོའི་སྟེང་ནས་གོ་བ་ཟབ་མོ་ལེན་པ་དང་། རང་འགུལ་སྒོས་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ད་ལྟ་དང་གཞུག་ཕྱོགས་དུས་སྐབས་ཀྱི་ཆབ་སྲིད་འགན་འཁྲི་གཙོ་བོར་བཟུང་སྟེ། དོན་དངོས་ཐོག་གསུང་བཤད་དགོངས་དོན་དེ་བྱ་བའི་སྒུལ་ཤུགས་དྲག་པོ་རུ་བསྒྱུར་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས། མཐུན་སྒྲིལ་ཧུར་བརྩོན། བཅོས་སྒྱུར་གསར་གཏོད། དངོས་ཐོག་བདེན་འཚོལ། དོན་དངོས་དམ་འཛིན་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཟབ་མོ་ཡོད་པ་དང་མཚན་སྙན་ཡོད་པའི་སྣ་འཛོམས་རང་བཞིན་གྱི་སློབ་ཆེན་དང་ཆུ་ཚད་མཐོ་བའི་སློབ་ཆེན། ནུབ་རྒྱུད་ཀྱི་རྩེར་སོན་སློབ་ཆེན་བཅས་གསར་འཛུགས་བྱེད་པར་འབད་བརྩོན་བྱེད་དགོས་པ་བསྟན།

རིམ་པ་བཀར་ནས་གསུང་བཤད་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་། མགྱོགས་མྱུར་སྒོས་ཏང་ཨུ་དང་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཤིང་དཀྱིལ་སྙིང་རྩ་འཛུགས་ཀྱི་སློབ་སྦྱོང་ཚོགས་པ་བཅས་བཙུགས་ནས། ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཇི་མ་ཇི་བཞིན་དྲིལ་སྒྲོག་དང་སློབ་སྦྱོང་བྱས། སློབ་གྲྭའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི་སྒྲོག་སྦྱོང་ཚོགས་པ་རྩ་འཛུགས་བྱས་ཏེ་སྐོར་ཞིབ་བྱ་བར་ཟུང་འབྲེལ་དང་ཞིབ་བཤེར་ཚད་ལེན་དཔྱད་འཇོག་བཅོས་སྒྱུར་བྱ་བ་ཡང་ལེགས་པོར་བསྒྲུབས་ཤིང་། དེ་མིན་རིགས་བཀར་དང་སློབ་གླིང་གི་སྡེ་ཁག་སོ་སོར་སོགས་ནས་སྒྲོག་སྦྱོང་བྱས། སྡེ་ཚན་སོ་སོ་དང་སློབ་གླིང་སྡེ་ཁག་སོ་སོས་མགྱོགས་མྱུར་སྒོས་དགེ་རྒན་དང་ལས་བཟོ་བའི་ཆབ་སྲིད་སློབ་སྦྱོང་གྲོས་ཚོགས་མགྱོགས་མྱུར་སྒོས་བསྡུས་ཏེ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས། དེ་མིན་བཞུགས་མོལ་གྲོས་ཚོགས་དང་བསམ་བློ་བརྗེ་རེས་ཡང་བྱས། དུས་ལྟར་ཏང་རྩ་འཛུགས་ཀྱི་ཆེད་དོན་སློབ་སྦྱོང་དུས་ལྟར་བཀོད་སྒྲིག་བྱས་ཏེ་སློབ་མའི་འཛིན་གྲྭའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ཡང་བྱས། གསུང་བཤད་གལ་ཆེན་ཁྲོད་ཀྱི་སྐད་ཆ་ལེགས་པོ་དག་བསྡུ་རུབ་བྱས་ཏེ་འཛིན་གྲྭ་རིམ་པ་སོ་སོའི་སློབ་མ་དག་ལ་བཀྲམ་ནས་ཀློག་འདོན་བྱས་ཏེ་སློབ་སྦྱོང་བྱས། སློབ་མའི་རྐང་འཛིན་སྒྲོག་སྦྱོང་ཚོགས་པ་རྩ་འཛུགས་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་སློབ་མ་དང་ཉེ་སར་བཅར་ནས་སློབ་གྲྭ་ཡོངས་ཀྱི་ན་གཞོན་དག་གི་སྣེ་ཁྲིད་ནས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་དགེ་རྒན་དང་ལས་བཟོ་བ་དང་སློབ་མའི་ངོས་ཐད་ནས་བཞུགས་མོལ་གྲོས་ཚོགས་དང་བསམ་བློ་བརྗེ་རེས་བྱེད་པའི་གྲོས་ཚོགས་རྩ་འཛུགས་བྱས་ཏེ་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་ཁ་ཕྱོགས་དེ་སྔར་ལས་གཏིང་ཟབ་ཅན་དུ་བཏང་པ་རེད། ཆེད་མཁས་པ་དང་ཤེས་ལྡན་པ་རྩ་འཛུགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་སྟེབ་རང་གི་ལྟ་ཚུལ་བཏོན་པ་དང་། སློབ་གྲྭའི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ་འགྲེལ་བརྗོད་གཏིང་ཟབ་དང་ཁྱབ་སྒྲོག་དང་། ཡོངས་བསྒྲགས་བཅས་ཀྱི་བྱ་བ་དངོས་སྤེལ་ཏེ། གཞུང་ལུགས་ཀྱི་གོ་དོན་ཟབ་མོ་དང་བབ་བསྟུན་གྱི་རིན་ཐང་གྲུབ་འབྲས་ཡང་གང་ནུས་སྒོས་བརྩོན་ལེན་བྱས་ཡོད། སློབ་གྲྭའི་རིག་གཞུང་ཚགས་པར་གྱིས་ཆེད་དོན་ལེ་ཚན་གསར་དུ་བསྒྲུབས་ནས་བརྗོད་དོན་མཚོན་པའི་རྩོམ་ཡིག་བསྡུ་རུབ་བྱས་ཏེ། དགེ་སློབ་དག་གི་གཞུང་ལུགས་གྲུབ་འབྲས་དང་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་གྱི་རྩོམ་ཡིག་སོགས་ཀྱང་དུས་ལྟར་འགྲེམས་སྤེལ་བྱས་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དག་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས།

བཀོད་སྒྲིག་བྱས་པ་ནང་བཞིན་སློབ་གྲྭ་ཧྲིལ་པོའི་སྡེ་ཁག་དག་གིས་མགྱོགས་མྱུར་སྒོས་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།