དགོན་པ20། གྲྭ་བ40། གནས་མཆོག12བཅས་ལ་གཟེངས་བསྟོད་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ12པའི་ཚེས13ཉིན་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པའི་ཕུལ་བྱུང་གྲྭ་བཙུན་དང་དགོན་པའི་སྤྱི་ཚོགས་བདག་དོམ་བྱ་བའི་གཟེངས་བསྟོད་ཚོགས་ཆེན་གྱི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཞིང་ཆེན་ཡོངས་སུ་འཆམ་མཐུན་དགོན་པ་གསར་འཛུགས་བྱེད་པ་དང་དགོན་པའི་སྤྱི་ཚོགས་བདག་དོམ་བྱ་བའི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་འཆམ་མཐུན་དགོན་པ20། ཕུལ་བྱུང་གྲྭ་བཙུན40། གནས་མཆོག12བཅས་ལ་གཟེངས་བསྟོད་གནང་བ་རེད།

ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་གྱིས་སྔོན་ཐོན་དང་དཔེར་མཚོན་ལ་རྐང་བཙུགས་ཏེ་དྲང་བདེན་དར་སྤེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་སུ་འཆམ་མཐུན་དགོན་པ་གསར་འཛུགས་དང་རྒྱ་ཆེའི་གྲྭ་བཙུན་དག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་བརྩེ་སེམས་ལ་ངར་ཤུགས་སྣོན་ཆེད། ཙོང་ཁ་རྫོང་གི་སྐུ་འབུམ་དགོན་པ་སོགས་དགོན་པ་བཅུ། 2017ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པར་བདམས་པ་དང་། ཡ་རྫི་རྫོང་ས་ལར་རིགས་རང་སྐྱོང་རྫོང་བུས་མདོ་དགོན་པའི་བདག་དོམ་ལྷན་ཚོགས་ཀྱིི་ཁོངས་མི་འོད་ཟེར་སོགས་གྲྭ་བཙུན20། 2017ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་ཕུལ་བྱུང་གྲྭ་བཙུན་དུ་བདམས་པ་རེད། ཆུ་དམར་ལེབ་རྫོང་གི་འབའ་དགོན་སོགས་དགོན་པ10ནི2018ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་རུ་བདམས། རྨ་ལྷོའི་སོག་རིགས་རང་སྐྱོང་རྫོང་གི་ཆོས་སྒར་བཀྲ་ཤིས་དགའ་ལྡན་གླིང་སོགས་དགོན་པ10། 2018ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པར་བདམས་པ་དང་། ཆོས་སྒར་བཀྲ་ཤིས་དགའ་ལྡན་དགོན་པའི་ཀླུ་སྒྲུབ་རྒྱ་མཚོ་སོགས་གྲྭ་བཙུན20། 2018ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་ཕུལ་བྱུང་གྲྭ་བཙུན་དུ་བདམས་པ་རེད།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་པའི་སྤྱི་ཚོགས་བདག་དོམ་བྱ་བའི་ཆེད་དོན་ཞིབ་བཤེར་བྱེད་ཐབས་གཞིར་བཟུང་སྟེ་མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ། ཟི་ལིང་བཅས་ནི2017ལོར་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་སྤྱི་ཚོགས་བདག་དོམ་བྱ་བའི་ཕུལ་བྱུང་ས་ཁུལ་དུ་བདམས། མཚོ་ནུབ་དང་མཚོ་ཤར། མཚོ་བྱང་བཅས་ནི2017ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་སྤྱི་ཚོགས་བདག་དོམ་བྱ་བའི་ཕུལ་བྱུང་ས་ཁུལ་དུ་བདམས་ཐོན་བྱུང་། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས། 2017ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་སྤྱི་ཚོགས་བདག་དོམ་བྱ་བའི་ཕུལ་བྱུང་ལས་ཁུངས་དུ་བདམས། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཐོན་ཨུ། ཞིང་ཆེན་བུད་མེད་ལྷན་ཚོགས་བཅས་ལ། 2017ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་སྤྱི་ཚོགས་བདག་དོམ་བྱ་བའི་ཕུལ་བྱུང་ལས་ཁུངས་ཀྱི་གཟེངས་བསྟོད་གནང་།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟའི་བར་རང་ཞིང་གིས་སྔ་གཞུག་ཏུ་དགོན་པ200ལྷག་དང་གྲྭ་བཙུན600ལྷག་ལ་གཟེངས་བསྟོད་བྱ་དགའ་གནང་བ་དང་། ཆོས་ལུགས་ལས་རིགས་ཁྲོད་དུ་དཔེར་མཚོན་ཚད་གཞི་བཙུགས། འཆམ་མཐུན་དགོན་པའི་སྐུལ་འདེད་དང་དཔེར་མཚོན། སྣེ་ཁྲིད་བཅས་ཀྱི་བྱེད་ནུས་དེ་ཉིན་རེ་ལས་ཉིན་རེར་མངོན་གསལ་དོད་པར་གྱུར། རྒྱ་ཆེའི་གྲྭ་བཙུན་དག་གི་བཅའ་ཁྲིམས་འདུ་ཤེས་མངོན་གསལ་གྱིས་ཆེས་ཆེར་སོང་ཞིང་། རྒྱལ་གཅེས་ཆོས་གཅེས་ཀྱི་མདུན་སྐྱོད་ནུས་པ་ཡང་ཆེས་ཆེར་སོང་ནས་རྒྱ་ཆེའི་བོད་ཁུལ་དུ་བསླབ་ལ་འབྲས་བུ་མོད་པ་དང་དཔེར་མཚོན་གྱི་མཁའ་དབུགས་མཚོན་ཐུབ་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་འོངས་བར་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།