2018ལོའི་མཚོ་ནུབ་ཁུལ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྨན་པ་བསྡུ་བའི་བརྡ་སྦྱོར།

《མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱིས་སྤྱི་བསྒྲགས་བྱས་པའི་ལས་བྱེད་མི་སྣ་བསྡུ་བའི་བྱེད་ཐབས》སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་གཞིར་བཟུང་སྟེ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་དཔྱད་ཞིབ་དང་ཁུལ་སྲིད་གཞུང་གི་ཆོག་འཐུས་ཐོབ་པ་བརྒྱུད། མཚོ་ནུབ་ཁུལ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྨན་པ93བསྡུ་རྒྱུ་སྤྱི་བསྒྲགས་བྱས་པ་རེད། འབྲེལ་ཡོད་ཀྱི་ལས་དོན་སྤྱི་བསྒྲགས་གཤམ་གསལ་ལྟར།

གཅིག ལས་བསྡུའི་ལས་གནས།

སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྨན་པ93བསྡུ་རྒྱུ།

གཉིས། ལས་བསྡུའི་ཁྱབ་ཁོངས།

ལས་བསྡུའི་ཁྱབ་ཁོངས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས། མཚོ་ནུབ་ཁུལ་ལ་ཁ་ཕྱོགས་ཡོད་པ་རེད།

གསུམ། ལས་བསྡུའི་ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པ།

2.བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པ།

3.ཀུན་སྤྱོད་ལེགས་པོ་ལྡན་པ།

4.ལས་གནས་ལ་མཁོ་བའི་ཆེད་ལས་དང་ལག་རྩལ་གྱི་ཆ་རྐྱེན་ལྡན་པ།

5.ལས་གནས་ཀྱི་བླང་བྱ་དང་མཐུན་པའི་ལས་ཕུང་གི་ཆ་རྐྱེན་ལྡན་པ།

6.ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་ལྡན་པ།

བཞི། མིང་ཐོ་འགོད་སྟངས་དང་དུས་ཚོད། ཐོབ་ཐང་ཞིབ་བཤེར།

1.རྒྱུགས་ཞུགས་པ་དག་གིས་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)བརྒྱུད་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ལ་ཐོག་མའི་ཞིབ་བཤེར་བྱེད་པ། རྒྱུྱགས་སྤྲོད་དཔང་ཡིག་ལེག་དགོས།

2.དྲ་ཐོག་ནས་ཆ་འཕྲིན་འདོན་སྤྲོད་བྱེད་པའི་དུས་ཚོད། 2018ལོའི་ཟླ12པའི་ཚེས17ཉིན་གྱི་དུས་ཚོད9-ཚེས20ཉིན་གྱི་དུས་ཚོད18བར།

3.དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད། 2018ལོའི་ཟླ12པའི་ཚེས17ཉིན་གྱི་དུས་ཚོད9-ཚེས22ཉིན་གྱི་དུས་ཚོད18བར།

4.དྲ་ཐོག་ནས་གྲོན་དངུལ་སྤྲོད་པའི་དུས་ཚོད། 2018ལོའི་ཟླ12པའི་ཚེས17ཉིན་གྱི་དུས་ཚོད9-ཚེས22ཉིན་གྱི་དུས་ཚོད24བར།

ལྔ། ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ལེན་པའི་དུས་ཚོད2019ལོའི་ཟླ་དང་པོའི་ཚེས12ཉིན། (གཟའ་སྤེན་པ།) ཞིབ་ཕྲའི་རྒྱུགས་ལེན་དུས་ཚོད་དང་ས་གནས་རྒྱུགས་སྤྲོད་དཔང་ཡིག་ལྟར་ཡིན།

ལྟ་སྐུལ་ཁ་པར་ཨང་གྲངས།

མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ། (ལས་དོན་དོ་དམ་ཚན་ཁག) 0977-8222882

བློ་འདྲི་ཁ་པར།

ཁུལ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། 0977-8226033

མཚོ་ནུབ་ཁུལ་མི་དམངས་སྨན་ཁང་། 0977—8219475

མཚོ་ནུབ་ཁུལ་སོག་བོད་སྨན་ཁང་། 0977—8221791

ན་གོར་མོ་མི་དམངས་སྨན་ཁང་། 0979—8493566

ན་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། 0979—7222427

ན་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ། 0979—8493566

གཏེར་ལེན་ཁ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་། 0977—8225338

གཏེར་ལམ་རྫོང་མི་དམངས་སྨན་ཁང་། 0977—8232301

གཏེར་ལམ་རྫོང་སོག་བོད་སྨན་ཁང་། 0977—8332837

དབུས་ལམ་རྫོང་མི་དམངས་སྨན་ཁང་། 0977—8247201

དབུས་ལམ་རྫོང་སོག་བོད་སྨན་ཁང་། 0977—8243133

ཐེམ་ཆེན་རྫོང་མི་དམངས་སྨན་ཁང་། 0977—8267867

ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ལྷན་མི་དམངས་སྨན་ཁང་། 0977—8286087

ཞིབ་ཏུ་རྒྱུས་ལོན་བྱེད་ན། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)བརྒྱུད་ནས་རྒྱུས་ལོན་བྱ་རོགས།

མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ། མཚོ་ནུབ་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས།

2018ལོའི་ཟླ12པའི་ཚེས10ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།