རྨ་ལྷོ་ཁུལ་ཐུན་རིན་རྫོང་གིས་དམངས་ཚིས་མི་འདང་སར་ཁ་གསབ་བྱས་ཏེ་མང་ཚོགས་ཕྱུག་འགྱུར་བྱེད་པར་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་བྱེད་རྒྱུ་དེ་འགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ་དང་།    གཙོ་གནད་འབུར་ཐོན་དང་བྱེད་ཐབས་ཞིབ་ཕྲ་ཅན་དུ་གཏོང་བ།  དམངས་ཚིས་མི་འདང་སར་ཁ་གསབ་བྱེད་པ།  སྤྱི་བའི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་ཇེ་དྲག་ཏུ་བཏང་བ་རེད།

ཉི་འོད་ནུས་པའི་གློག་འདོན་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར།  ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཡོངས་གྲུབ་བྱས་ཏེ། དབུལ་སྐྱོར་སྡེ་བ29ལ་གཅིག་བསྡུས་རྣམ་པའི་ཉི་འོད་ནུས་པའི་གློག་འདོན་ལས་གཞི་ལག་བསྟར་བྱས་པ་དང་།  མ་དངུལ་སྒོར་ཁྲི192བཏང་སྟེ་ཡིག་ཚགས་ལས་ཏེ། བྱང་བུ་བྱིན་པའི་དབུལ་ཕོངས་མང་ཚོགས་ལ་དབུལ་སྐྱོར་རོགས་སྐྱོར་ཉེན་ཚབ་ཉོས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ377ལ་སློབ་ཞུགས་རོགས་དངུལ་སྒོར་ཁྲི133.1ལྷག་བསྐྱིས་པ་དང་།  དབུལ་ཕོངས་སློབ་ཆེན་སློབ་མ844ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བྱ་དགའི་ཁ་གསབ་དངུལ་ཞེས་པའི་མ་དངུལ་སྒོར་ཁྲི617.2ལྷག་བྱིན།  མ་དངུལ་སྒོར་ཁྲི9657.46ལྷག་བཏང་སྟེ། དབུལ་ཕོངས་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་སོགས་ལག་བསྟར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བརྟན་འཇགས་ངང་སྤེལ་བར་སྐུལ་འདེད་བཏང་བ་རེད།

སྤྱི་ཚོགས་འགན་སྲུང་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། ལས་སྐྲུན་ལས་ཞུགས་ལ་གཟབ་ནན་གྱིས་སྐུལ་འདེད་བཏང་སྟེ་རོང་འབྲོག་མང་ཚོགས་ཀྱི་འཇོན་ཐང་གསོ་སྦྱོང་ཐེངས50ལྷག་ལ་སྤེལ་བ་དང་། མི2500ལ་གསོ་སྦྱོང་བྱས།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བྱས་པའི་མི501གསར་སྣོན་བྱས། ཞིང་སྡེའི་ངལ་རྩོལ་བ་ཁྲི1.17གྱིས་གནས་སྤོར་ལས་ཞུགས་བྱེད་པར་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ། དབུལ་པོའི་ངལ་རྩོལ་པ1000གཞན་སྒྱུར་ལས་ཞུགས་བྱས་པ་རེད།

སློབ་གསོ་དམངས་ཕན་ལ་སྐུལ་འདེད་བཏང་སྟེ་མ་དངུལ་སྒོརཁྲི576བཏང་སྟེ་བྱིས་གཉོར་ཁང9འཛུགས་སྐྲུན་བྱས་པ་དང་།  མདོ་བ་གྲོང་རྡལ་རྒྱ་འདུ་སྡེ་བ་སོགས་མཐོ་སྒང་གི་མཛེས་པའི་ཞིང་སྡེ6དང་གཉན་ཐོག་ཞང་རྐ་གསར་སྡེ་བ་སོགས་སྲོལ་རྒྱུན་སྡེ་བ10ཡི་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ། རོང་འབྲོག་ཁྱིམ་ཚང786གི་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་བྱེད་པ་ཡོངས་གྲུབ་བྱས་པར་མ་ཟད། སྨན་བཅོས་ཞབས་ཞུ་ལེགས་སྒྱུར་བྱས་ཏེ།ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་སོགས་སྨན་བཅོས་སྡེ་ཁག་གིས་ལོ65ཡན་གྱི་ལོ་ལོན་རྒན་པ6853ལ་རིན་མེད་པར་ནད་བརྟག་སྨན་བཅོས་བྱེད་པ་སོགས་བྱས་ཏེ་དམངས་ཚིས་བཟོ་སྐྲུན་ལག་ལེན་མཐར་ཕྱིན་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།