གསེར་དངུལ་ཐང་དུ་རྣམ་པར་བཞད་པའི་སྐལ་བཟང་མེ་ཏོག

— མདའ་བཞི་རྫོང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་རོང་འབྲོག་ལས་རིགས་འཕེལ་རྒྱས་ཀྱི་བསྡུས་གཟུགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། དེ་ཡང་དབྱངས་རྟ་རྣམ་པར་སྙན་པའི《རྒྱང་རིང་གི་གནས་དེ་རུ》ཞེས་པ་དེས་གསེར་དངུལ་ཐང་རྩྭ་ཐང་ལ་མཛད་མཐའ་མེད་པའི་འཆར་ཡན་ཞིག་བསྣན་ཡོད་པ་རེད། དེ་ཡང“མདེལ་གཉིས་དང་སྐར་གཅིག”གནས་འདི་རུ་བྱུང་འགོ་ཚུགས། གསེར་དངུལ་རྩྭ་ཐང་དུ་ངོ་མཚར་བའི་ལོ་རྒྱུས་ཡང་སྦྲུམ་ཡོད། གནས་འདིའི་རྩྭ་ཐང་གི་གཞི་ཁྱོན་ཆེ་ཞིང་རྩྭ་ཆུ་ཕུན་སུམ་ཚོགས་པས། གསེར་དངུལ་རྩྭ་ཐང་གི་ཕྱུགས་ལས་འཕེལ་རྒྱས་ཁྲོད་ཉམས་པ་མེད་པའི་གསར་གཏོད་ཀྱི་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།

མཚོ་སྔོན་གནག་ཕྱུགས་ལས་རིགས་ཀྱིས་མཚོ་སྐོར་བ་དང་མཚོ་སྐོར་གནག་ཕྱུགས་ལས་རིགས་དེ་མཚོ་བྱང་དུ་ཡོད་ཅེས་པའི་སྐད་ཆ་ཚན་པ་དེས་རྒྱས་བཤད་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གནག་ཕྱུགས་ལས་རིགས་དེ་མཚོ་སྔོན་གནག་ཕྱུགས་ལས་རིགས་འཕེལ་རྒྱས་ཁྲོད་དུ་གོ་གནས་གལ་ཆེན་དང་སྔོན་ཆད་འོད་སྟོང་འབར་བ་དེ་ཡང་རྣམ་པར་མཚོན་ཡོད། ཁུལ་སྲིད་འཛིན་ལྟེ་བ་ནི་མདའ་བཞི་རྫོང་དུ་ཡོད་ལ། དེས་གནག་ཕྱུགས་ལས་རིགས་སྔར་ལས་ཀྱང་འཕེལ་རྒྱས་སུ་བཏང་ཡོད་པས། མཚོ་སྔོན་གྱི་རྩིད་པ་དང་སྐམ་ཤ་ཟུང་འབྲེལ་བྱས་པའི་གཡང་དཀར་གྱི་སྒལ་གཞུང་དུ་ཆགས་པའི་རྫོང་ཞེས་པའི་མཚན་སྙན་ཐོབ་ཡོད།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འདས་པའི་རིང་ལ། མདའ་བཞི་རྫོང་གིས་ཕྱུག་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་མུ་མཐུད་དུ་སྔོག་འདོན་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་དང་འགྲིམ་འགྲུལ་སྟབས་བདེ་ཡི་ལེགས་ཆ་སྤྱད། དཔེར་མཚོན་རང་བཞིན་གྱི་ཞིང་ར་དང་སྐྱེད་ཚལ། ར་བ། ས་ཁུལ་བཅས་ཀྱི་རོང་འབྲོག་ལས་རིགས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྣམ་གཞག་མངོན་འགྱུར་བྱུང་། རོང་འབྲོག་ལས་རིགས་ཀྱིས་མུ་མཐུད་དུ་ཡོང་སྒོ་ཇེ་མང་ལ་བཏང་ནས་མདའ་བཞི་རྫོང་གི་ཁྱད་ལྡན་རོང་འབྲོག་ལས་རིགས་ཀྱི་འཕེལ་རྒྱས་བགྲོད་ལམ་ཞིག་གསར་འཛུགས་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།