མཚོ་ནུབ་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ12པའི་ཚེས7ཉིན་མཚོ་ནུབ་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱིས་སྐབས་དང་པོའི་སྐུལ་སློང་གྲོས་ཚོགས་དེ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས་ཤིང་འདིས་མཚོ་ནུབ་ཁུལ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་དངོས་སུ་དབུ་བརྙེས་པ་མཚོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་དེ་ཁུལ་ཡོངས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དགེ་སྒྲུབ་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་པའི་ཆ་ནས། ལས་ཀ་གཙོ་བོ་དེ་རང་འགུལ་སྒོས་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་མཇུག་འབྲས་ཁྲོད་མཉམ་བསྲེས་བྱས་ཤིང་། ལྟེ་བ་གཙོ་བོར་འཛིན་པ་དང་ཞབས་ཞུའི་མཇུག་འབྲས། རང་འགུལ་བྱ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་རོགས་འདེགས་དང་སྤྱི་ཚོགས་ལ་ཞབས་ཞུ། མཚོ་ནུབ་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་གཞག་དེ་གཏིང་ཟབ་སྒོས་སྐུལ་འདེད་ཅན་དུ་བཏང་ཡོད། སྐབས་དང་པོའི་ཁོངས་མི་དེ་ལས་ཁུངས་ཀྱི་ཁོངས་མི་དང་ཚོགས་སྤྱིའི་ཁོངས་མི་ཡིན་ལ། དེའི་ཁྲོད་ཚོགས་སྤྱིའི་ཁོངས་མི་དེ་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར། གཏེར་ལམ་རྫོང་། དབུས་ལམ་རྫོང་། ཐེམ་ཆེན་རྫོང་བཅས་ཀྱི་དབུལ་སྐྱོར་ལ་ཕན་ཚུན་མཐུན་ཚོགས་བཙུགས།

ཚོགས་ཆེན་གྱིས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ། འགན་འཛིན་བཅས་ཀྱིས《མཚོ་ནུབ་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱི་སྒྲིག་སྲོལ》ཞེས་པ་ལ་གྲོས་མཐུན་བྱུང་བ་མ་ཟད། ཁུལ་སྲིད་གཞུང་གི་རྟེན་འབྲེལ་ཞུ་ཚིག་ཡང་སྒྲོག་འདོན་བྱས།

གྲོས་ཚོགས་ཀྱི་བླང་བྱ་ལྟར་ན། ཁུལ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་བདག་དོམ་ཆ་རྐྱེན་གྱི་སྒྲིག་སྲོལ་དང་རྒྱལ་ཁབ། ཞིང་ཆེན། ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱེད་ཐབས་ཀྱི་ཁྲིམས་བསྟུན་བྱ་འགུལ་ནན་ཏན་སྒོས་གཞིར་བཟུང་སྟེ་མཐུན་ཚོགས་ཀྱི་སྒྲིག་གཞི་འཐུས་ཚང་བེད་སྤྱོད་བྱས། དེ་ལྟར་རང་སྟེང་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ། ཕྱོགས་གང་མང་ཞིག་ནས་དབུལ་སྐྱོར་གསར་སྤེལ་གྱི་བརྩེ་སེམས་དང་ཧུར་བརྩོན་རང་བཞིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་གྱི་བྱ་བའི་བཀོད་སྒྲིག་ལྟར། ཏང་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་བྱ་བར་རམ་འདེགས་བྱས་ཏེ་མཚོ་ནུབ་གསར་པ་འཛུགས་སྐྲུན་བྱས་ནས་ཁུལ་ཡོངས་ཀྱི་སྙོམས་སྒྲིག་འཕེལ་རྒྱས་མངོན་འགྱུར་བྱས་ནས་འཕེལ་རྒྱས་འབྱོར་ཕྱུག་ཐད་ལ་ཐུན་མོང་སྒོས་བྱས་རྗེས་འཇོག་རྒྱུ་དེ་ཡིན།

སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་གྱི་རྗེས་སུ་དབུལ་སྐྱོར་མཐུན་སྡེབ་ཀྱི་གྲོས་མཐུན་གསབ་སྦྱོང་འཛིན་གྲྭ་བསྡུས་པ་རེད།

ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སོ་སོའི་དབུལ་སྐྱོར་སྡེ་ཁག་གི་འགན་ཁུར་མི་སྣ་དང་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱི་བྱ་བའི་ལས་དོན་མི་སྣའི་འགན་ཁུར་མི་སྣ། དེ་མིན་མཚོ་ནུབ་ཁུལ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱི་ཁོངས་མི་བཅས་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསབ་སྦྱོང་ཡང་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།