ཞིང་ལས་ཀྱི་མི་གྲངས་གྲོང་ཁྱེར་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་བཏང་ཞིང་ཁྱོན་ཡོངས་ནས་མཁར་གྲོང་ཅན་གྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་།

ད་བར་དུ་ཕྱི་ཕྱོགས་ནས་འོངས་བའི་རྒྱུན་སྡོད་མི་གྲངས་ལ་མཁར་གྲོང་གི་ཁྱིམ་ཐོ་མེད་པས་སྤྱི་ཚོགས་འགན་སྲུང་དང་སློབ་གསོ། སྡོད་ཁང་བཅས་ཀྱི་ཕྱོགས་ནས་མཁར་གྲོང་དེའི་མི་དམངས་ལ་དམིགས་གསལ་སྲིད་ཇུས་མྱང་དུ་འཇུག་ཆེད་རེད། དེ་དང་ཆབས་ཅིག ཚོགས་སྤྱི་ལ་ཆ་སྙོམས་སྒོས་སློབ་གསོ་མྱངས་པའི་ཚད་གཞི་ཅུང་དམའ་ཞིང་རྩལ་ནུས་གསབ་སྦྱོང་ཞན་པ། གྲོང་ཁྱེར་གྱི་ལས་ཞུགས་དང་འཚོ་བའི་ནུས་པ་མི་འདང་བ་བཅས་ཀྱིས་གྲོང་ཁྱེར་དུ་རྐང་ཚུགས་ནས་འཕེལ་རྒྱས་སུ་འགྲོ་བར་དཀའ་ཁག་བཟོས་ཡོད།

ཞིང་ལས་པའི་མི་གྲངས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་མཁར་གྲོང་གི་རྣམ་པ་གཉིས་ཀྱི་སྒྲིག་གཞིའི་གནད་གཙོ་བོ་དོགས་སེལ་བྱས། རང་ཞིང་གི་མཁར་གྲོང་སྣེ་ཁྲིད་བྱ་བའི་འཐབ་ཇུས་ལག་བསྟར་བྱས། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས” ཀྱི་འཕེལ་རྒྱས་བར་སྟོང་གི་ནང་དོན་གལ་ཆེན་འཕེལ་རྒྱས་སུ་བཏང་སྟེ་མཁར་གྲོང་གི་ཡོང་འབབ་བགོ་བཤའ་རྒྱག་པའི་སྒྲིག་གཞི་ལེགས་སྒྱུར་གྱིས་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པའི་འཕེལ་རྒྱས་ཐད་བྱེ་བྲག་གི་དོན་སྙིང་གལ་ཆེན་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད།

ལོ་འདི་དག་གི་རིང་ལ་རང་ཞིང་གིས་གཙོ་གནད་གཅིག་བསྡུས་དང་ས་བབ་ཡུལ་བསྟུན། སྤོབས་པ་ཆེན་པོས་འཚོལ་བཤེར་བྱེད་པ། བྱེད་ཐབས་སྣ་མང་བཅས་ཀྱིས་ཞིང་ལས་མི་གྲངས་གནས་སྤོར་བྱས་ཏེ་གྲོང་ཁྱེར་ཅན་དུ་བསྒྱུར་བའི་འདོད་མོས་དང་ནུས་པ་སྲུང་འཛིན་བྱས་ཏེ། ཞིང་ཆེན་ཧྲིལ་པོ་མཁར་གྲོང་ཅན་དུ་བསྒྱུར་བའི་ཚད་གཞི་ནི་བརྒྱ་ཆའི57དང53.1%ལ་སླེབས་ཡོད། ད་ལྟའི་ཆར་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་མི་གྲངས་གྲོང་ཁྱེར་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་བཏང་ཞིང་མིའི་སྲོལ་རྒྱུན་གྱི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པའི་བསམ་གཞིག་ལ་བཅོས་སྒྱུར་བྱས་ཏེ། ཞིང་ལས་ཅན་གྱི་མི་གྲངས་གནས་སྤོར་བྱེད་པའི་སྤུས་ཚད་མཐོར་འདེགས་སུ་བཏང་བ་མ་ཟད། ད་བཟོད་ཁྱོན་ཡོངས་ནས་མཁར་གྲོང་ཅན་གྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པ། མགྱོགས་མྱུར་སྒོས་འཛུགས་སྐྲུན་འབྱོར་ཕྱུག་ཤེས་ཡོན་དང་འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད།

མ་འོངས་པར་ང་ཚོས་མུ་མཐུད་དུ་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་སྒོས་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཕེལ་རྒྱས་ཀྱི་ཞན་ཆ་དེ་ཁ་གསབ་བྱས། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་མཁོ་སྤྲོད་ནུས་པ་དེས་གྲོང་ཁྱེར་ཅན་དུ་གནས་སྤོར་བྱེད་པའི་དགོས་མཁོ་ཡོངས་སུ་བསྐངས་ཤིང་། གྲོང་ཁྱེར་ལེགས་སྒྱུར་བྱེད་པའི་ནུས་ཤུགས་མུ་མཐུད་དུ་སྤེལ་ཤིང་འཕེལ་རྒྱས་ཀྱི་ནུས་པ་ཡང་མཐོར་འདེགས་སུ་བཏང་ནས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་མི་རྣམས་ཀྱི་བདེ་སྐྱིད་ཚོར་ཤེས་དང་རིན་ཐང་ལྟ་བ་མཐོར་འདེགས་སུ་བཏང་།

ལོ་ཙཱ་བ། ལྷ་དཔལ་སྐྱབས།