《མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཞུང་ལམ་སྲོལ་ཡིག》སང་ལོ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། 《མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཞུང་ལམ་སྲོལ་ཡིག》(གཤམ་ནས་སྲོལ་ཡིག་ཅེས་བསྡུ་རྒྱུ་ཡིན།)ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་གྲོས་ཞིབ་བྱས་པ་བརྒྱུད། 2019ལོའི་ཟླ་དང་པོའི་ཚེས1ཉིན་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཏང་ཨུ་སྲིད་གཞུང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བཏོན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་ལུགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཐད་ཀྱི་བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཏང་ཙུའུ་ཡིས་རང་ཞིང་གི་ཞིང་སྡེའི་གཞུང་ལམ་ལས་དོན་གྱི་དངོས་ཡོད་འཕེལ་རྒྱས་ལ་ཟུང་འབྲེལ་དང་། ཞིང་སྡེའི་གཞུང་ལམ་ཁྲིམས་ལུགས་འཛུགས་སྐྱོང་བྱ་བར་ཧུར་བསྐྱེད་ཀྱིས་སྐུལ་འདེད་བྱས་ཏེ། 2016ལོའི་ལོ་སྨད་ལ་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས《མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཞུང་ལམ་སྲོལ་ཡིག(གྲོས་གཞི)》ལག་འགྲུབ་བྱེད་པར་རྩ་འཛུགས་བྱས་པར་མ་ཟད། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སོགས་ཀྱི་སྡེ་ཁག་ལ་དུས་ལྟར་སྙན་ཞུ་བརྗེ་རེས་བྱས་ཏེ། 《སྲོལ་ཡིག》རང་ཞིང་གི་ཁྲིམས་འཛུགས་འཆར་འགོད་ནང་འཇོག་པར་བརྩོན་ལེན་བྱས། ཐེངས་མང་པོར་དག་བཅོས་འཐུས་ཚང་བྱས་པ་བརྒྱུད། 《སྲོལ་ཡིག》ཉིད2018ལོའི་ལོ་སྟོད་ལ་འབྲེལ་ཡོད་སྡེ་ཁག་གིས་ཆོག་འཐུས་ཐོབ་ནས་རང་ཞིང་གི2018ལོའི་ཁྲིམས་འཛུགས་འཆར་འགོད་ནང་ཚུད། མཐར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་གྲོས་འཆམ་བྱུང་བ་རེད།

《སྲོལ་ཡིག》འདི་ནི་རང་ཞིང་གི་ཞིང་སྡེའི་གཞུང་ལམ་ཐེངས་དང་པོར་ཚད་ལྡན་དུ་གཏོང་བའི་འགན་འཁྲི་གཙོ་བོ་དང་། འཆར་འགོད་འཛུགས་སྐྲུན། གསོ་སྐྱོང་དང་སྐྱེལ་འདྲེན། མ་དངུལ་གཅིག་བསྡུས་དང་དོ་དམ། ལམ་སྲིད་དོ་དམ་དང་བཅའ་ཁྲིམས་འགན་འཁྲིའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཡིན་ལ། དེ་བཀོད་སྒྲིག་ལག་བསྟར་བྱས་པ་དེས་རང་ཞིང་གི་ཞིང་སྡེའི་གཞུང་ལམ་ཀྱི་ལས་དོན་འཕེལ་རྒྱས་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་པ་མཚོན་པས། རང་ཞིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཁྲིམས་ལུགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་གཞུང་ལམ་ལས་དོན་གྱི་མགྱོགས་མྱུར་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།