2018ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་གི་ཁ་རྒྱུགས་ལ་མིང་ཐོ་འགོད་པའི་བརྡ་སྦྱོར།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་ཀྱི《2018ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་གི་ཁ་རྒྱུགས་སྤྲོད་པའི་འབྲེལ་ཡོད་ལས་དོན་ཐད་ཀྱི་བརྡ་སྦྱོར 》( སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས〔2018〕ཨང་རྟགས114)བཀོད་སྒྲིག་གཞིར་བཟུང་སྟེ། 2018ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་གི་ཁ་རྒྱུགས་སྤྲོད་པའི་དུས་ཚོད2019ལོའི་ཟླ1པོའི་ཚེས5ཉིན་ནས་ཚེས6བར་གཏན་འཁེལ་བྱས་ཡོད།

མཚོ་སྔོན་ཞིང་ཆེན་ནས་ཁ་རྒྱུགས་ལ་མིང་ཐོ་འགོད་པའི་སྤྱི་བསྒྲགས་གཤམ་གསལ་ལྟར།

གཅིག དུས་ཚོད་བཀོད་སྒྲིག

1. དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད། 2018ལོའི12པའི་ཚེས11ཉིན་ནས་ཚེས14ཉིན་གྱི་དུས་ཚོད24བར།

2.ཡུལ་དངོས་ནས་ངོས་འཛིན་བྱེད་པའི་དུས་ཚོད། 2018ལོའི12པའི་ཚེས11ཉིན་ནས་ཚེས15ཉིན་གྱི་དུས་ཚོད18བར།

3.དྲ་ཐོག་ནས་གྲོན་དངུལ་སྤྲོད་པའི་དུས་ཚོད། 2018ལོའི12པའི་ཚེས18ཉིན་གྱི་དུས་ཚོད24བར།

4.རྒྱུགས་སྤྲོད་དཔང་ཡིག་ལེན་པའི་དུས་ཚོད། 2018ལོའི12པའི་ཚེས31ཉིན་ནས2019ལོའི་ཟླ1པོའི་ཚེས6ཉིན་བར།

5.ཁ་རྒྱུགས་ལེན་པའི་དུས་ཚོད། 2019ལོའི་ཟླ1པོའི་ཚེས5ཉིན་ནས་ཚེས6ཉིན་བར། (ཞིབ་ཕྲའི་དུས་ཚོད་དང་ས་གནས་རྒྱུགས་སྤྲོད་དཔང་ཡིག་ལྟར་ཡིན།)

གཉིས། མིང་ཐོ་འགོད་སྟངས།

རྒྱུགས་ཞུགས་པ་དག་གིས་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་རྒྱུགས་ལེན་དྲ་ཚུགས(http://ntce.neea.edu.cn)བརྒྱུད་ནས་མིང་ཐོ་འགོད་དགོས།

གསུམ། སྐར་འབྲས་རྩད་ཞིབ་བྱེད་སྟངས།

རྒྱུགས་ཞུགས་པ་དག་གིས2019ལོའི་ཟླ3པའི་ཚེས5ཡི་རྗེས་ནས་དྲ་ཚུགས(http://ntce.neea.edu.cn)བརྒྱུད་ནས་ཁ་རྒྱུགས་གྲུབ་འབྲས་རྩད་ཞིབ་བྱ་ཆོག

བཞི། བློ་འདྲི་བྱ་ཡུལ།

མཚོ་སྔོན་སློབ་ཆེན། 0971-5315595

མཚོ་སྔོན་དགེ་འོས་སློབ་ཆེན། 0971-6362329

མཚོ་སྔོན་མི་རིགས་སློབ་ཆེན། 0971-8802040

མཚོ་སྔོན་ཞིང་ཆེན་རྒྱུགས་ལེན་དོ་དམ་ལྟེ་གནས། 0971-6304309

མཚོ་སྔོན་ཞིང་ཆེན་རྒྱུགས་ལེན་དོ་དམ་ལྟེ་གནས་ནས།

 2018ལོའི་ཟླ12པའི་ཚེས3ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།