འཚོ་རྒྱུDདང་འཚོ་རྒྱུAཡིས་རྣ་འོན་གྱི་ནད་སྔོན་འགོག་བྱ་ཐུབ།

ཨ་མེ་རི་ཁའི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་རྒས་ནད་རང་བཞིན་གྱི་འོན་ནད་ཕོགས་པའི་ནད་དཔེ56ལ་ཞིབ་འཇུག་རྟོག་ཞིབ་བྱས་པ་ན། ཁོ་ཚོས་ཁྲག་དྭངས་གཱེ་སྙོམས་ཐང་རྒྱུན་ལྡན་གྱི་ཚད་ལས་མངོན་གསལ་དམའ་བར་ཤེས། དེ་ནི་ལུས་ཕུང་ནང་འཚོ་རྒྱུDམ་འདང་བའི་རྐྱེན་གྱིས་ཡིན། དེའི་ཁྲོད་མི་ཁག་ཅིག་ལ་ཟླ6གི་རིང་འཚོ་རྒྱུDཡིས་སྨན་བཅོས་བྱས་རྗེས། ཕན་ནུས་ཆེན་པོ་ཐོན་འདུག དེ་བས། དུས་རྒྱུན་ཁ་ཟས་རོལ་དུས་འཚོ་རྒྱུDམང་བའི་ཟས་རིགས་ཟ་དགོས། དཔེར་ན། མཚོ་ཉ།  སྲོག་ཆགས་ཀྱི་མཆིན་པ། སྒོ་ངའི་སེལ་རིལ་དང་ཤ་གནག་ཟ་དགོས།  འོ་སྣུམ་བླངས་པའི་འོ་མ། ཉའི་མཆིན་སྣུམ། ཞོ། ཤུན་མཁྲེགས་ཤིང་ཏོག  ཆུའི་ཐོན་རྫས་སོགས་འཚོ་རྒྱུ Dཅན་གྱི་འཚོ་བཅུད་ཟས་རིགས་སྦྱོར་ནས་ཟ་དགོས་པ་མ་ཟད། ཉི་མར་མང་ཙམ་ལྡེ་དགོས།

ཨ་རིའི་ཨེ་དབྱིན་སི་ཐན་སློབ་ཆེན་ནས་ཚོད་ལྟའི་ར་སྤྲོད་བྱུང་བ་ལྟར་ན། འཚོ་རྒྱུ A ཡིས་རྣའི་ནང་གི་དབང་རྩའི་ཕྲ་ཕུང་བསྐྱར་སྐྱེས་ཡོང་རྒྱུར་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་པ་དང་། ཚོད་ལྟའི་སྲོག་ཆགས་ལ་འཚོ་རྒྱུ Aཉིན་གསུམ་བཀོལ་རྗེས་རྣ་བའི་ཐོས་ཚོར་ཕྲ་ཕུང་སླར་སྐྱེས་པ་དང་། གཟའ་འཁོར་གཅིག་གི་རྗེས་སུ་རྣ་བའི་ཐོས་ཚད་མངོན་གསལ་གྱིས་ཇེ་བཟང་དུ་ཕྱིན་ཡོད། དེ་བས་ཆེད་མཁས་པ་རྣམས་ཀྱིས་དབང་རྩ་རང་བཞིན་གྱི་འོན་པ་ལ་འབུ་སྐྱོགས་དང་། ཉ་ཕྱིས། བྱ་མཆིན། ལ་སེར་སོགས་འཚོ་རྒྱུAཅན་གྱི་ཁ་ཟས་རོལ་དགོས་པའི་ཁ་ཏ་བྱེད་ཀྱི་ཡོད་པ་རེད། འཇར་མན་གྱི་ཐོས་ཚད་ཞིབ་འཇུག་མི་སྣ་ཡིས་རྟོག་ཞིབ་བྱུང་བ་ལྟར་ན། ཐོས་ཚད་ཇེ་ཞན་ལ་འགྲོ་བའི་སྐབས་སུ་ཁྲག་གི་ནང་དུ་ལ་སེར་གྱི་རྒྱུ་དང་། འཚོ་རྒྱུAཡི་འདུས་ཚད་ཉུང་བར་འབྲེལ་བ་ཡོད། ཀ་པེད་དང་། ཚོད་མ་ཅོ་ཅུས། ཀྲོ་མ་ཀྲུ། བྱ་སྒོང་། ཚ་ལུ་མ་གསར་བ་སོགས་ཀྱིས་རྣ་འོན་པར་སྔོན་འགོག་བྱ་ཐུབ།

མི་འདི་ལྔའི་རིགས་ཀྱིས་སིལ་དམར་ཟ་མི་རུང་།

སིལ་དམར་ནི་མི་མང་པོས་ཟ་རྒྱུར་དགའ་བའི་ཟས་རིགས་ཤིག་ཡིན།དེ་ལ་ཅུང་མཐོ་བའི་འཚོ་བཅུད་ཀྱི་ནུས་པ་ལྡན་པས། མིའི་ལུས་ཕུང་གི་རིམས་འགོག་བྱེད་ནུས་དང་། ནད་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ་པ་མ་ཟད། ད་དུང་མཆིན་པར་སྲུང་སྐྱོབ་དང་། ཁྲག་གསབ་རླུང་གསོ་བཅས་ཀྱི་ནུས་པ་ལྡན། སྤྱིར་སིལ་དམར་ནི་ཡག་པོ་ཡོད་མོད། འོན་ཀྱང་མི་འདི་ལྔའི་རིགས་ཀྱིས་ཉུང་ཙམ་ཟ་དགོས་ཏེ། 

1གཤེར་ཚ་ཅན་གྱིས་ཟ་མི་རུང་། སིལ་དམར་ལ་མཚེར་པ་གསོ་བའི་ནུས་པ་ཡོད་པས་ཕོ་བ་སྦོས་པའི་མི་ཡིས་ཟ་མི་རུང་བ་མ་ཟད། གཤེར་ཚ་ལྕི་མོ་ཅན་དང་། ལྕེ་སེར་ཁ་དྲི་ཅན་གྱིས་ཀྱང་ཟ་མི་རུང་།

2སོ་རུལ། སོ་ན་བ། གློ་ལུ་རྒྱག་པ་བཅས་ཀྱིས་ཟ་མི་རུང་སྟེ། སིལ་དམར་གྱི་རོ་ཤིན་ཏུ་མངར་བས། མང་པོ་ཟས་ན་གཉན་གཅོག་རློན་འབྲུམ་བསྐྱེད་ནས་ནད་གཞི་ཇེ་སྡུག་ཏུ་འགྲོ་ངེས་རེད།

3གཅིན་སྙི་ཟ་ཁུའི་ནད་ཕོག་མཁན། སིལ་དམར་གྱི་ཀ་རའི་བཅུད་ཧ་ཅང་མཐོ་བས། གཅིན་སྙི་ཟ་ཁུ་ཕོག་མཁན་གྱིས་སིལ་དམར་དང་སིལ་དམར་གྱི་ཞོར་ཟས་ཟ་མི་རུང་། དེ་ལྟར་མ་བྱས་ན་གཅིན་སྙི་ཟ་ཁུའི་ནད་གཞི་ཇེ་སྡུག་ཏུ་འགྲོ་ངེས་རེད། 

4བུད་མེད་ཟླ་མཚན་ཆུ་སྐྲངས་ཅན། བུད་མེད་ལ་ཟླ་མཚན་འབབ་པའི་སྐབས་སུ་ཟླ་མཚན་ཆུ་སྐྲངས་ཅན་གྱི་གནས་ཚུལ་ཡོད་ཚེ་སིལ་དམར་ཟ་མི་རུང་། སིལ་དམར་མང་པོ་ཟས་ཚེ་སྐྲང་པ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད།

5ལུས་ཁམས་ཚ་སྐམ་ཅན་གྱི་བུད་མེད་ཀྱིས་ཟླ་མཚན་འབབ་སྐབས་ཟ་མི་རུང་། ཟླ་མཚན་ཡོང་ཚད་ལས་བརྒལ་ནས་བདེ་ཐང་ལ་གནོད་ངེས་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།