ཀྲུང་གོའི“བོད་ཀྱི་གསོ་རིག་སྨན་ལུམས་གསོ་བཅོས”དངོས་སུ་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་བཞག་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྲུང་སྐྱོབ་གཟུགས་འདས་ཤུལ་བཞག་རིག་གནས་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་རྒྱུན་ལས་གྲོས་ཚོགས་སྐབས་བཅུ་གསུམ་པའི་སྟེང་། ཀྲུང་གོས་སྙན་ཞུ་བྱས་པའི“བོད་སྨན་སྨན་ལུམས་གསོ་བཅོས——ཀྲུང་གོའི་བོད་རིགས་ཀྱི་འབྲེལ་ཡོད་ཚེ་སྲོག་བདེ་ཐང་དང་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་དང་ལག་ལེན”ལ་གྲོས་ཞིབ་བྱས་པ་བརྒྱུད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་མིང་ཐོའི་ཁྲོད་བཞག་སྟེ། ཀྲུང་གོའི《གཟུགས་འདས་ཤུལ་བཞག་རིག་གནས་སྤྱི་ཆིངས》ཀྱི་མིང་ཐོའི་ཁྲོད་བདམས་པའི་ཤུལ་བཞག་རིག་གནས་ལས་གཞི་ཐེངས40པར་གྱུར་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།