«རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས»ཀྱི་འགྲེམས་སྤེལ་མཛད་སྒོ་འབའ་རྫོང་ནས་གཟབ་རྒྱས་ངང་བསྡུས་པ།

  ཟླ11པའི་ཚེས23ཉིན་གྱི་ཕྱི་དྲོར། «རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས»ཀྱི་འགྲེམ་སྤེལ་མཛད་སྒོ་དེ་འབའ་རྫོང་རྫོང་རུ་བཅའ་སྡོད་སློབ་ཆུང་གི་དཔེ་མཛོད་ཁང་ནས་གཟབ་རྒྱས་ངང་འཚོགས།འགྲེམ་སྤེལ་གྱི་མཛད་སྒོའི་སྟེང་དམངས་སྲོལ་རིག་པའི་ཆེད་མཁས་པ་དང་དཔེ་ཚོགས་ཀྱི་གདན་ཞུའི་རྩོམ་སྒྲིག་འགན་ཁུར་པ་རྒན་ཚེ་རྒྱལ་ལགས་དང་རྒན་ཡོལ་ལས་བྱེད་པ། དམངས་ཁྲོད་ཀྱི་དམངས་སྲོལ་བློ་འདྲི་གནང་སའི་རྒན་རབས་པའི་འཐུས་ཚབ།རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་ཡོངས་དང་བོད་སྐད་ཡིག་གི་རྐང་འཛིན་དགེ་རྒན།སློབ་གཉེར་བྱེད་བཞིན་པའི་ཞིབ་འཇུག་སློབ་མ་བཅས་མི100ལྷག་ཞུགས།

«རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས»ནི«གླུ་ཁ་མཚར།»དང«སྲིད་པའི་དྲི་གླུ»«ལ་གཞས།»«གཏམ།»«བཏགས་པ།»«ཁེད།»«ཡུལ་སྲོལ་ཆོ་ག་དང་བཤད་པ།»«རི་ཆུ་དང་ངག་རྒྱུན»བཅས་དེབ་བརྒྱད་ཀྱིས་གྲུབ་ཅིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་བྱས།

«རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས»འགྲེམས་སྤེལ་བྱས་པ་འདིས་འབའ་རྫོང་རྫོང་རུ་རིག་གནས་སྔོག་འདོན་དང་ཞིབ་འཇུག་ཐད་སྔར་ལས་སྐུལ་འདེད་བྱས་ཤིང་།ལྷག་པར་རྫོང་རུའི་དམངས་ཁྲོད་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཐད་ལ་ནུས་པ་གལ་ཆེན་ཐོན།

འགྲེམ་སྤེལ་མཛད་སྒོ་དངོས་སུ་འགོ་བརྩམས་པ།

མཛད་སྒོའི་ཡུལ་དངོས།

«རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས»རྩོམ་སྒྲིག་ཚོགས་མིར་བྱ་དགའི་གཟེངས་རྟགས་གནང་བ།

སློབ་གཙོ་རྣམས་ཀྱིས«རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས»ཀྱི་ནང་དོན་ལ་ལྟ་བ།

འགྲེམ་སྤེལ་གྱི་མཛད་སྒོའི་སྟེང་ཞུགས་པའི་དམངས་ཁྲོད་ཀྱི་དམངས་སྲོལ་བློ་འདྲི་གནང་སའི་རྒན་རབས་པའི་འཐུས་ཚབ།

རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཚེ་སྐྱབས་རྒྱལ་གྱིས་དཔེ་ཚོགས་འགྲེམ་སྤེལ་མཛད་སྒོར་མགོ་འཛིན་མཛད་པ།

དམངས་སྲོལ་རིག་པའི་ཆེད་མཁས་པ་དང་དཔེ་ཚོགས་ཀྱི་གདན་ཞུའི་རྩོམ་སྒྲིག་འགན་ཁུར་པ་རྒན་ཚེ་རྒྱལ་ལགས་ཀྱིས་གཏམ་བཤད་གནང་བ།

རྫོང་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་གཞོན་པ་སྒྲོལ་མ་འབུམ་གྱིས་ཤིས་ཚིག་འབུལ་བ།

རྒན་ཡོལ་ལས་བྱེད་པ་རྒན་ཚུལ་བློ་ལགས་ཀྱིས་རང་ཉིད་ཀྱི་མྱོང་བ་བརྗོད་པ།

«རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས»རྩོམ་སྒྲིག་ཨུ་ཡོན་གྱི་འགོ་གཙོ་ལྷ་མགོན་ལགས་ཀྱིས་དཔེ་ཚོགས་འདི་ལྟ་བུ་ཞིག་སྒྲིག་རྩོམ་བྱས་པའི་དམིགས་ཡུལ་དང་ཡིག་ཆ་འཚོལ་སྡུད་སོགས་དང་འབྲེལ་ཏེ་གཏམ་བཤད་གནང་བ།

འགྲེམ་སྤེལ་མཛད་སྒོའི་ཡུལ་དངོས།

དམངས་ཁྲོད་ཀྱི་དམངས་སྲོལ་བློ་འདྲི་གནང་སའི་རྒན་རབས་པ་དང་རྩོམ་སྒྲིག་པའི་མཉམ་པར།

གསར་འགོད་པ། སྟག་ལྷ།