དགའ་བདེ་རྫོང་རྟ་གོང་མྱུར་བསྟུན་མཁོ་སྒྲུབ་ཡན་ལག་རུ་ཁག་གིས“མཐའ་མཇུག་གི་ལེ་དབར་གཅིག”དེ“ཉེ་མཁྲིས་ཀྱི་ཞབས་ཞུ”རུ་བསྒྱུར།


དགུན་ཁ་སླེབས་པ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་གནོད་འགོག་ཕྱུགས་སྐྱོབ་དང་བགེགས་མ་ཡོང་གོང་གི་བཟློག་ཐབས་སུ་གནོད་འགོག་ཕྱུགས་སྐྱོབ་ཀྱི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། “ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། གཞི་རིམ་ཏང་ཡོན། ཧྲུའུ་ཅི་དང་པོ། གྲོང་ཚོ་བཅའ་སྡོད་དབུལ་སྐྱོར་ལས་བྱེད་རུ་ཁག་ལ་སོགས་ཀྱི་རྐྱ་མི60ཡི་མཁོ་བསྟུན་མྱུར་སྒྲུབ་ཡན་ལག་རུ་ཁག་གི་སྣེ་ཁྲིད་དེ། གྲོང་ཚོ་སོ་སོའི་ལམ་མི་བདེ་བ་དང་། ཆ་འཕྲིན་ཤར་གཏོང་མི་ཐུབ་པའི་འབྲོག་པ་གཙོར་བཟུང་ནས་དགུན་ཡོལ་དངོས་ཟོག་ཉར་འཇོག་དང་སྒོ་ཕྱུག་འཚོ་སྐྱོང་གི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་འབྲོག་ཁྱིམ་དཀའ་ངལ་ཅན་ལ་འབྲས་དང་ཕྱེ། སྣུམ་ལ་སོགས་བསྐྱལ་བ་རེད། རྟ་གོང་མཁོ་བསྟུན་མྱུར་སྒྲུབ་ཡན་ལག་རུ་ཁག་གིས་ཏང་ཡོན་ལས་བྱེད་དང་འབྲོག་པ་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་ནས་གངས་ལྗོངས་མཐོ་སྒང་གི་འབྲོག་ས་རུ་དམངས་ལ་ཞབས་ཞུ་བསྒྲུབས་ཤིང་སེམས་ཤུགས་གཅིག་ཏུ་བསྡུས་ནས་འབྲེལ་ཐག་སྲ་མོ་ཞིག་བརྒྱུས་པ་དང་། “མཐའ་མཇུག་གི་ལེ་དབར་གཅིག”དེ“ཉེ་མཁྲིས་ཀྱི་ཞབས་ཞུ”རུ་བསྒྱུར། 

ལུང་དཀར་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡུན་ཝེ་ཏུང་གིས་མྱོང་ཚོར་ཟབ་མོའི་ངང་ནས་འདི་སྐད། མང་ཚོགས་ཀྱི་ཁྲོད་དུ་ཞུགས་ན་ད་གཟོད་མང་ཚོགས་བར་གྱི་འབྲེལ་བ་དམ་པོ་འཛིན་ཐུབ་ལ། མང་ཚོགས་ལ་ཏང་གི་དྲིན་ཤེས་སུ་འཇུག་ཐུབ་པ་དང་ཏང་གི་རྗེས་སུ་ཡང་འབྲང་དུ་འཇུག་ཐུབ་ཟེར།

ཁོན་ཐར་འཚོས་བསྒྱུར།