མཚོ་ལྷོ་ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་ཤེས་བྱ་ལ་སློབ་སྦྱོང་གི་རྒྱུགས་བླངས་པ།

 ཟླ11པའི་ཚེས20ཉིན། མཚོ་ལྷོ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་ལས་ཁུངས་ཏང་ཨུ་དང་། ཏང་གི་སྤྱི་ཁྱབ་ཀྲི་པུའུ། ཐད་གཏོགས་ཏང་ཀྲི་པུའུ་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ180གཅིག་གྱུར་སྒོས་སྒྲིག་འཛུགས་བྱས་ཏེ། ཁུལ་ཨུ་ཏང་གི་སློབ་གྲྭ་ནས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་ཤེས་བྱ་ལ་སློབ་སྦྱོང་བྱེད་པའི་རྒྱུགས་བླངས་པ་རེད།

 ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་ཤེས་བྱ་སྐོར་གྱི་ཚོད་རྒྱུགས་སྤུས་ཚད་མཐོ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་སྲོལ། ཏང་གི་སྒྲིག་ལམ་དང་ཏང་སྲོལ་སྲིད་གཙང་ཤེས་བྱའི་གོ་བ་ལོན་ཚད་སྔར་ལས་གཏིང་ཟབ་ཏུ་གཏོང་བ། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།“ཚོད་ལྟའི་རྒྱུགས་ལ་བརྟེན་ནས་སློབ་སྦྱོང་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་སྤྱོད་གཙང་སྐུལ་འདེད་གཏོང་བའི།”དམིགས་ཡུལ་ལོན་པའི་ཆེད་དུ། ཐེངས་འདིའི་ཚོད་ལྟའི་རྒྱུགས་ལེན་ནང་དོན་ནང་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་རྒྱས་བཤད་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲནཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི།》《གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ།》《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དག་བཅོས་འཆར་ཟིན།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》སོགས་ཀྱི་ཤེས་བྱ་གནད་བསྡུས་ཁྱབ་ཡོད་ཅིང་། ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས་བླང་བྱ་གཞིར་བཟུང་ནས་ནན་ཏན་གྱིས་ལན་བཏབ་པ་རེད།

 དེའི་ཁྲོད་དུ། ལས་ཁུངས་ཁག་གི་སྡེ་ཚན་སོ་སོས་ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་། མྱོང་ཚོར་འབྲི་བ་སོགས་མཉམ་དུ་སློབ་སྦྱོང་བྱེད་པ་དང་། སྒེར་གྱིས་རང་སྦྱོང་བྱེད་པའི་རྣམ་པ་བརྒྱུད་དེ། 《སྲོལ་ཡིག》དང《ཚད་གཞི》ཡི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། 《སྲོལ་ཡིག》དང《ཚད་གཞི》དོན་སྤྱི་གོ་བ་གཏིང་ཟབ་བླངས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།