ཡུལ་ལུང་གཅིག་གི་སློབ་ཆེན་སློབ་མ་འགས་ལས་སྒོ་གསར་སྤེལ་བྱས་པ།

    མཚོ་སྔོན་མགར་ཚང་ཞིང་སྡེའི་རིག་གནས་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་ནི2018ལོའི་ཟླ11པའི་ཚེས8ཉིན་དངོས་སུ་གཉེར་ཞིང་།དེས་ནུས་ཤུགས་ཡོད་དགུས་རང་ས་གནས་ཀྱི་བེད་མེད་ངང་ལུས་པའི་འབྲོག་ལས་ཐོན་ཁུངས་སྔོག་འདོན་དང་། ཚད་ངེས་ཅན་ཐོག་འབྲོག་པ་མང་ཚོགས་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་སྤྱི་ཚོགས་རང་བཞིན་གྱི་ཞབས་ཞུའི་རྩ་འཛུགས་ཤིག་ཡིན། དེ་ཡང་ཐོན་རྫས་ལ་འབྲི་ཞོ་སོགས་ཞིང་ཕྱུགས་ཐོན་རྫས་ནས་སྤང་ཚིལ་ཏེ་ཤ་མོ་སེར་པོ་སོགས་རི་སྐྱེས་ཐོན་རྫས་འདུས་ཡོད་ཅིང་།དངོས་ཡོད་ཀྱི་མཁོ་འདོན་གྲངས་ཚད་དང་བདེ་ཐང་གི་སྤུས་ཚད་ཐད་གང་ཡིན་ཡང་འཛད་སྤྱོད་པ་དག་ལ་བླ་མེད་ཀྱི་འཚོ་བའི་མྱོང་རོལ་ཅིག་གམ་ཡང་ན་སྤུས་གཙང་གི་ཐོན་རྫས་གསར་པ་ཞིག་ཁྲོམ་རར་མཁོ་འདོན་བྱ་རྒྱུ་དེ་རེད།

     གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་མགར་ཚང་ཞིང་སྡེའི་རིག་གནས་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་གིས་གཞུང་དྲང་རྩ་བར་བཟུང་ཞིང་སྤུས་ཚད་གཙུག་ཏུ་བཀུར་བ། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དུས་རྒྱུན་གནད་དོན་འཚོལ་ཞིབ་དང་འཕྲལ་མར་ཐག་གཅོད་བྱས་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་དང་ས་གནས་ཐོན་ཁུངས་བསྔོག་འདོན་ལ་རང་ནུས་ཅི་ཡོད་བཏོན་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་བསྐྲུན་ལ་འབད་འབུངས་བྱ་རྒྱུ་རེད། མཉམ་ལས་ཁང་གི་མི་སྣའི་གྲུབ་ཚུལ་ནི་ཆེད་ལས་སྣ་ཁ་མི་གཅིག་པའི་མཐར་ཕྱིན་སློབ་ཆེན་སློབ་མ་དྲུག་གིས་གྲུབ་པ་ཡིན་ཞིང་།ལས་གཉེར་གྱི་ཁྱབ་ཁོངས་སུ་མཚོན་རྟགས་ཇུས་འགོད་དང་སྒོ་བྱང་ཇུས་འགོད།ཕྱི་ཐུམ་ཇུས་འགོད།ངོས་སྦྱོར་མཚོན་པར་གྱི་སྐོར་སོགས་ཡོད་ལ། གཞན་ད་དུང་ཁེ་ལས་བློ་འདྲི་དང་ཞིང་སྡེ་ལྗོངས་རྒྱུ་སྣེ་ཁྲིད་སོགས་ཞབས་ཞུ་རང་བཞིན་གྱི་ལས་ཀ་ཡང་གཉེར་རྒྱུའི་འཆར་གཞི་འདུག །


བྱེད་སྒོ་རིམ་པ། 


འགར་རྩེ་ཡུལ་ཚོ་དང་འབྲེལ་ནས་ཚོང་དོན་གླེང་སྟེགས་དང་པོ་བསྒྲུབས་པ།

ས་གནས་ཀྱི་ཁྱད་ཐོན་དངོས་རྫས་དག་ཕྱི་ཕྱོགས་འགྲེམ་སྟོན་གྱི་གར་སྟེགས་བསྐྲུན་པ།

འབྲེལ་ཡོད་འགོ་ཁྲིད་དག་གིས་གཟིགས་ཞིབ་དང་མ་འོངས་ལ་ཕྱོགས་སྟོན་བྱེད་པ།

     རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མྰ་མའེ་ཧྲིན་དང་ཞིང་ཕྱུགས་ཅུའུ་ཡི་འགོ་ཁྲིད་སྐལ་བཟང་མཁར། རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ལུ་ཅོན་གྱིས་ཡིད་རྟོན་ཟོལ་མེད་ངང་བདེ་ཐང་སྙེགས་ཅེས་པའི་ཚོང་གཉེར་གྱི་ལྟ་བ་གཞིར་བཞག་སྒོས་དེང་རབས་ཚོང་ཟོང་འཁོར་རྒྱུག་དང་ཉོ་ཚོང་ཞབས་ཞུའི་ཁྱད་ལྡན་ཐོན་ལས་སུ་རྐང་བཙུགས་ནས་ས་གནས་དཔལ་འབྱོར་ལ་རམ་འདེགས་དང་། འཕེལ་རྒྱས་ཀྱི་གོམ་སྟོབས་ཇེ་མགྱོགས་སུ་ཕྱིན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་བསྐྲུན་བྱེད་དགོས་ཞེས་ནན་གྱིས་བརྗོད་པ་དང་། ང་ཚོའི་འཐབ་ཇུས་ཀྱི་འགྲོ་ཕྱོགས་ཏེ་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་བཏོན་པའི་“ཏན་ཏིག་བཞིའི་”བླང་བྱ་གལ་ཆེན་དང་།ཧྲུའུ་ཅི་ཝང་གོ་ཧྲེང་གིས་བཏོན་པའི“འགྱུར་ལྡོག་བཞི་”བསམ་བཀོད་གསར་པ་དང་རྨ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་དོན་ཐད་ཀྱི་བསམ་ཕྱོགས་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་ཟུང་འབྲེལ་བྱེད་དགོས་ལ།འཆར་འགོད་ལ་ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་འདུ་ཤེས།སྐྱེ་ཁམས་ཀྱི་འདུ་ཤེས་དང་སྣོད་བཅུད་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས། གཏན་འཁེལ་ཡང་དག་བྱེད་དགོས་པ་དང་དམིགས་ཚད་ཞིབ་ཕྲ་བཟོ་བ། བསམ་ཕྱོགས་གསར་གཏོད། མངོན་གསལ་དོད་ཅིང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད།འགར་རྩེ་འབྲི་ཞོ་ཚོང་རྟགས་ཅན་དང་ས་གནས་དེ་གའི་དམངས་སྲོལ་རིག་གནས། སྐྱེ་ལྡན་འབྲོག་ལས་སོགས་ད་ཡོད་ཀྱི་ལེགས་ཆ་བཅས་ཀྱི་འཆར་འགོད་ལ་བསྐྱར་དུ་ཞིབ་འཇུག་དང་མུར་འཐུས་ཚང་དུ་གཏོང་དགོས། འགན་ལེན་ཏན་ཏིག་བྱས་ཏེ་འཆར་འགོད་དང་འབྲེལ་འདྲིས་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་རང་བཞིན་དང་བཀོལ་སྤྱོད་ཐུབ་པའི་རང་བཞིན་ལྡན་པ།རྒྱང་རིང་གི་དམིགས་ཡུལ་དང་ཉེ་ཆར་གྱི་ལས་འགན་ཟུང་འབྲེལ་བྱས་ཏེ། འགར་རྩེ་ཡུལ་ཚོའི་ཡུལ་སྐོར་འཕེལ་རྒྱས་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་རྩ་བའི་བླང་བྱ་བཏོན།

གསར་འགོད་པ། བསམ་སྤྱོད།