རང་རེའི་ཞིང་ཆེན་གྱི་ལས་ཁུངས་བཅོས་སྒྱུར་མགོ་བརྩམས་ཤིང་། ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་སྒོ་བྱང་བཀལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ 11པའི་ཚེས17ཉིན་ལ། མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་སྒོ་བྱང་དངོས་སུ་བཀལ་ཞིང་། དེ་ནི་རང་རེའི་ཞིང་ཆེན་གྱིས་ལས་ཁུངས་བཅོས་སྒྱུར་ཁྲོད་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཚན་ནས་བཀལ་བའི་སྒོ་བྱང་ཐོག་མ་སྟེ། རང་རེའི་ཞིང་ཆེན་གྱི་ལས་ཁུངས་བཅོས་སྒྱུར་དངོས་སུ་མགོ་བརྩམས་པའི་རྟགས་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་མཛད་སྒོར་ཕེབས་ནས་སྒོ་བྱང་དངོས་བཀལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཝང་ཡུས་པའོ་ཡིས་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེང་གིས་སྒོ་བྱང་འགེལ་བའི་མཛད་སྒོར་གཙོ་སྐྱོང་གནང་བ་རེད།

སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཏན་ནས་གཏན་དུ་འཕེལ་རྒྱས་ཡོང་བར་འབྲེལ་བ་ཆེན་པོ་ཡོད། སྣོད་བཅུད་ཁོར་ཡུག་གི་སྡེ་ཚན་སྒྲིག་འཛུགས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འགྱུར་བའི་འཛུགས་སྐྲུན་ལ་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་དཔལ་ཡོན་གྱི་དུས་རབས་གསར་པ་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ན། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ཁྲོད་མཚོ་སྔོན་གྱི་གོ་གནས་དང་ནུས་པ་ག་འདྲ་ཟིན་ཡོད་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་འཁྱེར་དང་། སྣོད་བཅུད་ཀྱིས་རྒྱལ་ཁབ་ལ་སྲི་ཞུ་བྱེད་པའི་འཐབ་ཇུས་ལག་བསྟར་དང་། ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་བསྐང་ཅི་ཐུབ་བྱ་དགོས། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཏང་གི་ཆབ་སྲིད་ལེགས་སྐྱོང་གི་གོ་གནས་ཨང་དང་པོར་འཇོག་དགོས་ན། འགོ་ཁྲིད་ཚན་པའི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མཚོ་སྔོན་གྱི་སྙིང་སྟོབས་གསར་པ་དང་རྣམ་འགྱུར་གསར་པ་དར་སྤེལ་ལ་ཤུགས་སྣོན། ལས་བྱེད་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཐོག མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ནས་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཞིག་གི་ལམ་ནས་འགྲན་སློང་གསར་པ་བསུས་ནས་གནད་དོན་གསར་པ་ཐག་གཅོད་ཀྱི་སྒོ་ནས་དུས་རབས་གསར་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུར་འབད་པས་བསྐྱོད་དགོས་ཞེས་བསྟན།

ཤེས་གསལ་ལྟར་ན། གསར་དུ་བཙུགས་པའི་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ཐིང་གིས་དེ་སྔའི་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་འགན་འཁྲི་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་བཙོག་འབུད་ཉུང་གཏོང་གི་འགན་འཁྲི། མཚོ་སྔོན་ཞིང་ཆེན་གྱི་དེ་སྔའི་རྒྱལ་ཁབ་ས་ཞིང་ཐོན་ཁུངས་ཐིང་གི་ས་འོག་ཆུར་ལྟ་སྐུལ་དང་སྦགས་བཙོག་འགོག་བཅོས་ཀྱི་འགན་འཁྲི། དེ་སྔའི་ཞིང་ཆེན་ཆུ་བེད་ཐིང་ཆུའི་ནུས་པའི་ས་ཁུལ་དབྱེ་འབྱེད་བཟོ་འགོད་དང་། སྦགས་བཙོག་འབུད་གནས་བཟོ་བར་དོ་དམ་དང་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི། དེ་སྔའི་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གི་ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་ལ་ལྟ་སྐུལ་དང་ཁྲིད་སྟོན་བཅོས་སྐྱོང་གི་འགན་འཁྲི་ཕྱོགས་གཅིག་ཏུ་བསྡུས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་དངོས་སྣ་ཚོགས་འབུད་གཏོང་ལ་གཅིག་གྱུར་ཐོག་ལྟ་སྐུལ་བྱས་ནས་སྲིད་འཛིན་གྱི་ཁྲིམས་སྒྱུར་འགན་འཁྲི་འཁུར་རྒྱུ་རེད།

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་བསྒྲིལ་རྗེས། ལིའུ་ཉིང་གིས་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ཐིང་ནང་ཚན་གྱི་ཁྲུའུ་ཧྲེའི་ལས་བྱེད་པར་མཛའ་བརྩེའི་འཚམས་འདྲི་གནང་བ་དང་། ལས་བྱེད་ཚང་མ་ལ་ཁྱེད་ཚོས་མཐུན་སྒྲིལ་ནན་ཏན་དང་ལས་ཀ་སྦྲེལ་མཐུད་ལེགས་པོ་བྱས་ནས་རུལ་རྒོལ་གཙང་སྤེལ་གྱི་མཛུབ་སྟོན་བསམ་བློ་དང་། གཞི་རྩའི་རྩ་དོན། བྱ་བའི་བྱེད་ཕྱོགས། བྱ་བའི་བཀོད་སྒྲིག འགོ་ཁྲིད་སྒྲིག་སྲོལ། བྱ་བའི་རྐྱེན་སྲོལ། ཁྲིམས་སྲོལ་ལམ་ལུགས་མ་ལག་བཅས་རྒྱུན་འཁྱོངས་བྱེད་ཞོར་འཐུས་ཚང་བཏང་སྟེ། “ སྤུས་ལེགས་གཅིག་དང་མཐོ་བ་གཉིས” ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར། འགོ་འཛུགས་ས་གསར་པར་རྐང་ཚུགས་པ་དང་། ཁྲག་འགན་གསར་པ་འཁུར་འཁྱེར། བྱས་རྗེས་གསར་པ་མངོན་མཚོན་བཅས་ཐུན་མོང་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་ཆེན་འདི་ལེགས་པོར་བསྒྲུབ་དགོས་པ་ཞེས་སྐུལ་མ་བཏང་བ་རེད།

ཁོན་ཐར་འཚོས་བསྒྱུར།