མཉམ་དུ་ཀྲུང་ཧྭའི་ཆུ་མཛོད་ལ་བདག་སྐྱོང་བྱེད།

མཉམ་དུ་ཀྲུང་ཧྭའི་ཆུ་མཛོད་བདག་སྐྱོང་བྱེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ཀྲུང་གོའི་ཚན་རིག་གླིང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་གཉིས་ཀྱིས་གྲོས་ཆིངས་བཞག་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་ཁོར་སྲུང་ཐེབས་རྩ་ཚོགས་པ་དང་། ཀྲུང་གོའི་ཚན་རིག་གླིང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས་ནས་མཉམ་དུ་ཀྲུང་ཧྭའི་ཆུ་མཛོད་ལ་བདག་སྐྱོང་བྱ་རྒྱུ་རེད།

ཕྱོགས་གཉིས་ཀྱིས་འདྲ་མཉམ་གཉིས་ཕན་དང་། དགེ་མཚན་ཁ་གསབ། ཕན་ཚུན་རོགས་རེས། མཉམ་དུ་དར་སྤེལ་ཞེས་པའི་རྩ་དོན་ལྟར། ཞིབ་འཇུག་གླིང་གི་ཚན་ཞིབ་པ་དང་འཇོན་མིའི་དགེ་མཚན་ལེགས་པོ་བཏོན་ཏེ།  ཐེབས་རྩ་ཚོགས་པའི་མ་དངུལ་བསྡུ་རུབ་ཀྱི་སྟེགས་བུ་དང་བྱེད་སྒོ་སྒྲིག་འཛུགས་ཀྱི་དགེ་མཚན་དང་འབྲེལ་ནས་འཐབ་ཇུས་རང་བཞིན་གྱི་མཉམ་ལས་བྱས་ནས་རྨ་འབྲི་རྫ་གསུམ་ས་ཁུལ་དུ་སྣོད་བཅུད་ཁོར་སྲུང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཀྱི་མ་དཔེ་རྟོག་ཞིབ། ཞིང་གྲོང་གི་ཐོན་ལས་ཁྱད་ཆོས་སྙོམས་སྒྲིག་དང་གོང་སྤེལ་ལ་སོགས་པའི་རྨང་གཞིར་གྱུར་བའི་གཞུང་ལུགས་ལ་ཞིབ་འཇུག་བྱ་རྒྱུ་དང་། ཚབ་མཚོན་རང་བཞིན་གྱི་ས་ཁུལ་འདེམས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཞིབ་འཇུག་བྱེད་སའི་རྟེན་གཞི། འཇོན་མི་སྐྱེད་སྲིང་དང་ཟབ་སྦྱོང་མཉམ་ལས་ཀྱི་ནང་རྐྱེན་ལམ་ལུགས་བཅས་མཉམ་འཛུགས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྐོར་ནས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་བགྲོ་གླེང་ལ་སོགས་སྤེལ་ནས་མཉམ་དུ་རྨ་འབྲི་རྫ་གསུམ་འགོ་ཁུངས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་ཐབས་བཟང་ཇུས་བཟང་འདོན་པ་བཅས་མཚོ་སྔོན་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་ལས་ཀ་དེ་སྐས་རིམ་གསར་པ་ཞིག་ལ་སྙེག་པར་སྐུལ་སྤེལ་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།