དུས་རབས་འདིའི་བསམ་བློ་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་པའི་སྒོ་འཕར་ཕྱེས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྱོགས་མྱུར་སྒོས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། ཚང་མས་བསམ་ཚུལ་གཅིག་མཐུན་སྒོས་བསྟན་དོན། དེ་ཡང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དེ་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་པ་དང་དུས་ནམ་ཡང་རང་གི་འགན་འཁྲི་བརྟན་པོ་དེ་ཡིད་ལ་བརྟན་པོར་བཟུང་ནས་དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློ་བྱ་བའི་གནས་བབ་གསར་པ་དེ་ཧུར་ཐག་སྒོས་གསར་རྩོམ་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་ཞིག་འཛུགས་སྐྲུན་བྱེད་ཆེད། མྱུར་མགྱོགས་སྒོས་ལྗང་མདོག་འཕེལ་རྒྱས་ཀྱི་འགྲེམས་བྱང་ལྟ་བུའི་གྲོང་ཁྱེར་ཞིག་གསར་སྐྲུན་བྱས་ཏེ་དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱ་བར་བྱས་རྗེས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་འདོན་སྤྲོད་གང་ལེགས་བྱེད་དགོས་ཚུལ་བསྟན།

ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཆོན་ཀོ་ཞིན་གྱིས་བསྟན་དོན། གྲོང་ཁྱེར་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱོན་ཡོངས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དེ་ལག་ལེན་མཐར་ཕྱིན་དུ་སྤེལ་བ་བརྒྱུད་འགན་འཁྲིའི་འདུ་ཤེས་ཡིད་ལ་བརྟན་པོར་བཅིངས་ནས་བློ་དཀར་ཡིད་ཆེས་སྒོས“ལྟོས་བཅོས་གཉིས”དངོས་སུ་ལག་བསྟར་བྱས། བདག་དོམ་ཞབས་ཞུ་ལ་སློབ་སྦྱོང་བྱེད་པར་ཤུགས་བསྣན་ནས་ཚན་རིག་ཡོངས་ཁྱབ་ཀྱི་བྱེད་སྒོ་གཏིང་ཟབ་དུ་སྤེལ་བ་བརྒྱུད་སྤྱི་ཚོགས་ཚན་རིག་གི་གཡུལ་ས་ཞིག་སྲ་བརྟན་དང་ཆེས་ཆེར་གཏོང་དགོས། ཤུགས་ཆེན་པོའི་སྒོ་ནས་ཤེས་རིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ་སྤུས་ཚད་མཐོན་པོའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཏན་འབེབས་བྱས་པའི་བསླབ་ཚན་དག་ཡོངས་འགྲུབ་བྱ་དགོས་ཤིང་། ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་དར་སྤེལ་བཏང་སྟེ་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཞིབ་འཇུག་གི་ཁོར་ཡུག་ལ་གསོ་སྐྱོང་སྦྱོང་བརྡར་བྱེད་པ། ཞིབ་འཇུག་གི་གྲུབ་འབྲས་ཐད་ལ་བྱེད་ནུས་གང་ཡོད་འདོན་པ། གྲོང་ཁྱེར་རིམ་པའི་གཏན་ཁེལ་བྱས་པའི་བསླབ་ཚན་གྱི་ཞིབ་འཇུག་ཁ་གྲངས་དང་གྲུབ་འབྲས་ཀྱི་སྤུས་ཚད་དེ་མཐོར་འདེགས་སུ་གཏོང་བ། ཏན་ཏིག་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དེ་ཟི་ལིང་གྲོང་ཁྱེར་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་མེ་ཏོག་བཞད་དུ་འཇུག་པ། ལྗང་མདོག་འཕེལ་རྒྱས་ཀྱི་འགྲེམས་བྱང་ལྟ་བུའི་གྲོང་ཁྱེར་ཞིག་གསར་སྐྲུན་བྱས་ཏེ་དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་ཟི་ལིང་གི་འཛུགས་སྐྲུན་ལ་ཤེས་རིག་གི་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ཚུལ་བསྟན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།