ཙོང་ཁ་རྫོང་གིས་ཞིང་ལས་ཕྱེ་ཡི་འགོ་ཁུངས་ལ་སྦགས་བཙོག་ཐེབས་པའི་བྱ་བར་བཅོས་སྐྱོང་བྱེད་པར་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་ཙོང་ཁ་རྫོང་གིས་སྐྱེ་ཁམས་ཤེས་ཡོན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཞིང་ལས་ཐོན་ཁུངས་གཙོ་བོ་ཕྱེ་ཡི་འགོ་ཁུངས་ལ་སྦགས་བཙོག་ཐེབས་པའི་བྱ་བར་སྣ་འཛོམས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཟས་རིགས་ལྷད་མེད་ཀྱི་འཕེལ་རྒྱས་མྱུར་ཚད་ལ་མུ་མཐུད་དུ་སྐུལ་འདེད་བྱས་པ་རེད།

ཞིང་ཚིགས་སུ་ལྷག་ལུས་ཐེབས་པའི་འགྱིག་ཤུན་རིགས་ཕྱིར་བསྡུ་བྱེད་པར་ཤུགས་སྣོན་བྱས་ཤིང་། ཁོར་སྲུང་སྲིད་ཇུས་དྲིལ་སྒྲོག་བྱ་བ་ཧུར་ཐག་སྒོས་སྒྲུབ་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་རིམ་བཞིན་མཐོར་འདེགས་སུ་བཏང་ཞིང་། ཞིང་ཚིགས་བར་གྱི་འགྱིག་ཤུན་རིགས་ཕྱིར་བསྡུ་བྱེད་པའི་ལས་གཞིར་ཟུང་འབྲེལ་བྱས་ཏེ་རང་སྟེང་ནས་འགྱིག་ཤུན་ལྷག་རོ་ཕྱིར་བསྡུ་བྱེད་པའི་ངལ་རྩོལ་གྱི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་བཅུག ད་ལྟའི་བར་འགྱིག་ཤུན་ལྷག་རོ་ཏུན1640.43ཕྱིར་བསྡུ་ལེགས་འགྲུབ་བྱུང་ཞིང་། ཕྱིར་བསྡུའི་འགན་འཁྲི་ལས་ཏུན848.43གིས་མང་བ་བསྡུས་ཡོད་ལ། འགྱིག་ཤུན་ལྷག་རོ་ཕྱིར་བསྡུ་བྱེད་པ་ལེགས་འགྲུབ་བྱུང་བའི་ཚད་གཞི་ནི207.12%ལ་སླེབས་ཡོད།

སོག་མ་དང་རྩྭ་ཧྲུལ་སོགས་ཕྱིར་ཞིང་ནང་དུ་འཕེན་པའི་ལག་རྩལ་དེ་ཤུགས་ཆེན་པོས་སྒོ་ནས་དར་སྤེལ་བཏང་བ། ཁྱོན་ཡོངས་ནས་ལྟ་སྐུལ་དོ་དམ་དང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱེད་པ། ལོ་ཏོག་ལ་སྲུང་སྐྱོབ་རང་བཞིན་དར་སྤེལ་དང་ལོ་ཏོག་གི་སོག་མ་སོགས་ཕྱིར་ཞིང་ནང་དུ་གཏོར་བའི་ལག་རྩལ་དེ་དར་སྤེལ་བྱས་ནས། སོག་མ་མེར་སྲེག་བྱེད་པ་སྔོན་འགོག་བྱེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས། ད་ལྟའི་ཆར་སྲུང་སྐྱོབ་རང་བཞིན་གྱི་ལོ་ཏོག་འདེབས་འཛུགས་ལག་རྩལ་མུའུ་ཁྲི8.9ཁྱབ་སྤེལ་བྱས་ཤིང་། ལོ་ཏོག་གི་སོག་མ་ཕྱིར་ཞིང་ནང་དུ་གཏོར་བའི་ལག་རྩལ་མུའུ་ཁྲི11.6ལ་བུད་ཡོད། ཞོག་ཁོག་གི་སོག་མ་འཐག་རྗེས་ཕྱིར་ཞིང་ནང་དུ་འདེབས་པའི་ཚད་གཞི68%ལ་སླེབས་ཡོད། ཀེ་ཚེ་ལོ་ཏོག་གི་སོག་མ་འཐག་རྗེས་ཕྱིར་ཞིང་ནང་དུ་འཐོར་བའི་ཚད་གཞི་ནི80%ལ་སླེབས་ཡོད། གྲོ་རིགས་ལོ་ཏོག་གི་སོག་མ་ཕྱིར་བསྡུ་བྱས་རྗེས་འཐག་ནས་ཕྱིར་ཞིང་ནང་དུ་གཏོར་བའི་ཚད་གཞི་ནི90%ལ་སླེབས་ཡོད་པ་བཅས་ཡིན།

ལུད་རྫས་ཀྱི་སྦགས་བཙོག་དེ་ཐོན་ཁུངས་ཅན་དུ་བཏང་ནས་བེད་སྤྱོད་དར་སྤེལ་བྱེད་པར་སྐུལ་འདེད་བྱས་པ། གཞི་ཁྱོན་ཆེ་བའི་གསོ་སྤེལ་ཁང126གི་གསོ་སྤེལ་སྦགས་བཙོག་སྔོན་འགོག་བཅོས་སྐྱོང་ཁག་ཐེག་ཡི་གེ་ལ་མིང་རྟགས་གན་རྒྱ་བཞག་སྟེ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སོ་སོའི་བར་ལ་ལྟ་རྟོག་སྒོས་གསོག་ཉར་རྫིང་བུ་དང་ལུད་གསོག་ར་བ། སྐྱེ་ལྡན་ལས་སྣོན་སོགས་སྔ་ས་ནས་ཡོད་པའི་ལུད་རྫས་ཀྱི་སྦགས་བཙོག་ཐག་གཅོད་སྒྲིག་ཆས་ལ་བརྟེན་ནས་གསོ་སྤེལ་ལུད་རྫས་གསོག་ཉར་བྱས་ཏེ་སྐྱུར་ལངས་སུ་བཅུག་པ་དང་སྐྱེ་ལྡན་ལུད་ལྡན་གྱི་ལས་སྣོན་སོགས་བྱེད་ཐབས་བརྒྱུད་ཕྱིར་ཞིང་ནང་དུ་བེད་སྤྱོད་བྱས་ཏེ་རྫོང་ཡོངས་ཀྱི་གསོ་སྤེལ་ལུད་རྫས་ཀྱི་སྦགས་བཙོག་དེ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་ཚད་གཞི་དེ75%ལ་སླེབས་ཡོད།

ནད་ཀྱིས་ཤི་བའི་སྒོ་ཕྱུགས་དེ་གནོད་མེད་ཅན་དུ་གཙང་སེལ་བྱེད་པར་སྐུལ་འདེད་བྱས་པ། ཕག་གསོ་སྤེལ་གཞི་ཁྱོན་ཅན་གྱི་གནོད་མེད་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་གསར་འཛུགས་བྱས་ཏེ་ས་གནས་དེའི་བདག་དོམ་འགན་འཁྲི་ཅན་ལ་དོན་འཁྱོལ་བྱས། ཐོན་སྐྱེད་ཚོང་གཉེར་མཁན་གྱི་བདག་ཉིད་འགན་འཁྲི་ལ་ཤུགས་བསྣན་ནས་གཅིག་བསྡུས་ཐག་གཅོད་དང་རང་འགུལ་ཐག་གཅོད་གཉིས་ཟུང་འབྲེལ་བྱེད་པའི་རྩ་དོན་གཞིར་བཟུང་ནས། 《སྲོག་ཆགས་ནད་ཅན་དང་སྲོག་ཆགས་ནད་ཅན་གྱི་ཐོན་རྫས་སྐྱེ་དངོས་བདེ་འཇགས་ཐག་གཅོད་བརྒྱུད་རིམ》ཞེས་པ་གཞིར་བཟུང་ནས་བརྡ་འཕྲིན་གྱི་ཐག་གཅོད་ཞིབ་བཤེར་དང་གཞི་གྲངས་སྟོང་ཆ་ཁ་སྐོང་སོགས་ཀྱི་བྱ་བ་བསྒྲུབས་ཏེ་རྫོང་ཡོངས་སུ་གནོད་མེད་གཙང་སེལ་བྱས་ནས་ནད་ཀྱིས་ཤི་བའི་སྒོ་ཕྱུགས4731ལ་གཙང་སེལ་ནན་མོ་བྱས་ཤིང་། སྦགས་བཙོག་ཐེངས་གཉིས་པར་བྱུང་མེད་པའི་དོན་དག་ཐག་གཅོད་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།