ཐོན་ལས་གླིང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་ལ་རོགས་བྱེད་པ།

ས་གནས་རང་གི་ཁྱད་ཆོས་ལྡན་པའི་གུར་འབུབས་པ།

སྲོལ་རྒྱུན་ཟས་རིགས་རྩམ་པ་བཟོ་བ།

མི་རིགས་ལག་བཟོ་སྒྱུ་རྩལ་ཐོན་དངོས་ལས་སྣོན་བྱེད་པ།

ཡུལ་འདིར་གནས་སྤར་བའི་ཟོ་རྐྱ་ཤང་གི་འབྲོག་པས་ལྭ་བ་བཟོ་སྟངས་ལ་སློབ་སྦྱོང་བྱེད་པ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་གནད་འཁེལ་དབུལ་སྐྱོར་ཉོ་ཚོང་ཐོན་ལས་གླིང་ནི2016ལོར་བཙུགས་ཤིང་། ལས་གཞི་ཡོངས་ལ་མ་དངུལ་སྒོར་ཁྲི4100བཏང་། ད་ཆ་གླིང་དེར་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ལ་ལས་སྣོན་དང་། གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན། མི་རིགས་གྱོན་ཆོས། འབྲུ་སྣུམ་བྲིན་ཚོང་། ཁྱད་ལྡན་བཟང་བཏུང་། རྡོ་ངོ་མཚར་ཅན་ལས་སྣོན་ལ་སོགས་མངའ་ཁོངས་ཀྱི་ས་གནས་རང་གི་ཁེ་ལས21བསྡད་ཡོད་ཅིང་། དེ་དག་གིས་དབུལ་ཕོངས་དང་མི་ཚང་དཀའ་ངལ་ཅན་ཐོག་མར་ལས་ཞུགས་བྱེད་དུ་བཅུག་ནས་ཕན་ཁེ་ཆ་སྒྲིག་དང་མཉམ་སྤྱོད་ཀྱི་མ་ལག་འཛུགས་པའི་རྩ་དོན་བརྩི་སྲུང་བྱས་ཏེ། རྫ་སྟོད་རྫོང་ཐོག་ཏུ་སྡོད་པའི་རྫོང་ཁོངས་ཀྱི་སྡེ་བ20ཡི་དབུལ་ཚང501དང་མི1588དབུལ་ཐར་ཡོང་བར་སྣེ་འཁྲིད་པའི་ཐོག ཐོན་ཁུངས་ཀྱི་ཆ་ནས་ཆུད་ཟོས་སུ་མི་འགྲོ་ཞིང་མང་ཚོགས་ལ་ཕན་ཁེ་བསྐྲུན་པའི་ཞོར་ཏུ་དབུལ་ཕོངས་མང་ཚོགས་ལས་ཞུགས་འབབ་འཕར་ལ་རོགས་བྱེད་པའི་སྟེགས་བུ་ཞིག་ཀྱང་བཏོན་ནས་རྫ་སྟོད་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་ལ་སྐུལ་སྤེལ་ཡག་པོ་བྱས།

ཁོན་ཐར་འཚོས་བསྒྱུར།