དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་གནམ་གྲུ་ཚོད་འཕུར་བྱེད་ལ་ཉེ།

དཀར་མཛེས་གེ་སར་གནམ་གྲུ་ཐང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་འདན་མ་གྲོང་རྡལ་དང་སྡེ་དགེ་རྫོང་ཁྲོ་བའི་ལམ་ལས་ས་ཚུགས་རེ་དྲུག་པའི་འབྲེལ་མཚམས་སུ་ཡོད་ཅིང་། མཚོ་འཕགས་སྨི4068ཡོད་པ་རེད། གནམ་གྲུ་ཐང་གི་འཛུགས་སྐྲུན་གྱི་གཞི་ཁྱོན་ནིCབཞི་རིམ་པའི་འཕུར་སྐྱོད་ཁུལ་ཡིན་པ་དང་། གནམ་གྲུའི་རྒྱུག་ལམ་ལ་རིང་ཚད་སྨི4000དང་ཞེང་ལ་སྨི45ཡོད་པ་རེད། མཁའ་འགྲུལ་ས་ཚུགས་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ཡོད་པ་དང་། གནམ་གྲུ་འཇོག་སCརིམ་པ་ཅན་གྱི4ཡོད་པ་རེད། ལེ་ལག་ཚང་སྒྲིག་གི་འཛུགས་སྐྲུན་ཐད་མཁའ་འགྲུལ་དོ་དམ་དང་སྣུམ་མཁོ་འདོན། མེ་གསོད་མྱུར་སྐྱོབ་དང་དེ་བཞིན་ཐུན་མོང་གི་ཆ་ཚང་སྒྲིག་བཀོད་སོགས་ཡོད་ཅིང་། མ་དངུལ་འཇོག་ཚད་ཚོད་རྩིས་བྱེད་པར་སྒོར་དུང་ཕྱུར24.25ཡིན་པ་རེད།

དཀར་མཛེས་གེ་སར་གནམ་གྲུ་ཐང་འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས2018ལོར་གནམ་གྲུ་ཚོད་འཕུར་དང་། 2019ལོར་གནམ་གྲུ་ཤར་གཏོང་ཐུབ་པའི་དམིགས་འབེབས་ལ་དམ་པོར་དམིགས་ནས་གོ་རིམ་ནན་པོ་དང་ལས་རིམ་མགྱོགས་སུ་གཏོང་བ། སྤུས་ཚད་དང་བདེ་འཇགས་འགན་ལེན། མ་གནས་ཚོད་འཛིན་བཅས་ཀྱི་སྒོ་ནས་ལས་ཀའི་བསམ་གཞི་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་གནམ་གྲུ་འབབ་ཐང་འཛུགས་སྐྲུན་བྱེད་བཞིན་ཡོད།

མིག་སྔར་གནམ་གྲུ་ཚོད་འཕུར་བྱེད་པའི་ཆ་རྐྱེན་ཡོངས་སུ་འཛོམས་པས་ལས་རིགས་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་བ་དང་། ཟླ་བ11པའི་ཟླ་མཇུག་ཏུ་གནམ་གྲུ་ཚོད་འཕུར་བྱ་རྒྱུ་རེད། དེ་བཞིན་བཀོད་འདོམས་པུའུ་ཡིས་ནུས་ཤུགས་ཡོད་རྒུས་ལས་གྲྭའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས2019ལོར་བདེ་བླག་ངང་གནམ་གྲུ་ཤར་གཏོང་ཐུབ་པར་འགན་ལེན་བྱེད་བཞིན་ཡོད།