གྲུ་དམར་གྱིས་རྦ་རླབས་གཤགས་ཏེ་བསྐྱོད། ཐོག་མའི་བསམ་འདུན་འགྲུབ་ནས་ཡོང་།

《 གྲུ་དམར་ལས་ཐོག་མའི་བསམ་འདུན་མཚོན་》ཞེས་པ་ལ་དཔྱད་བརྗོད་བྱེད་པ།

ལི་ཅུན་རུའུ།ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ནས་ཡུན་རིང་མ་འགོར་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱུན་ཨུ་རྣམས་ཁྲིད་དེ་ཧྲང་ཧའེ་ཡི་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ས་དང་ཅ་ཞིན་ལྷོ་མཚོའི་གྲུ་དམར་ལ་ལྟ་རུ་སོང་ནས། “གྲུ་དམར་གྱི་སྙིང་སྟོབས་”ལ་ཕྱིར་དྲན་བྱས་པ་མ་ཟད། ཏང་ཡོངས་ཀྱིས་དུས་རབས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ནུས་ཤུགས་ཆེན་པོས་“གྲུ་དམར་གྱི་སྙིང་སྟོབས་”དར་སྤེལ་གཏོང་དགོས་པ་བསྟན། ཏང་ཡོངས་སུ་སྤེལ་གྲབས་ཡོད་པའི་“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆང་དགོས་”ཞེས་པའི་བརྗོད་དོན་སློབ་གསོའི་ལས་འགུལ་དང་མཉམ་ལས་ཡག་པོ་ཡོང་རྒྱུའི་ཆེད་དུ། ད་ལོའི་ལོ་འགོར། མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱེད་པའི་《གྲུ་དམར་ལས་ཐོག་མའི་བསམ་འདུན་མཚོན་》ཞེས་པའི་དེབ་འདིའི་(ཧྲའོ་ཝེ་ཀྲེན་དང་ལིའུ་ཞའོ་པའོ་ཡིས་བརྩམས་)ནང་། ཛ་དྲག་ཆེ་བའི་ཆབ་སྲིད་ཀྱི་སྐྱེན་ཚོར་རྣོན་པོ་དང་འགན་འཁྲིའི་འདུ་ཤེས་ཀྱིས་ཕྱོགས་གཉིས་པོ་ཟུང་འབྲེལ་བྱས་ནས། ཀྲུང་གོའི་གུང་ཁྲན་ཏང་གི་གསར་འཛུགས་འདྲེན་བྱེད་དུ་འཛིན་པ་དང་། “གྲུ་དམར་གྱི་སྙིང་སྟོབས་”འགྲེལ་བཤད་རྒྱག་རྒྱུ་དེ་གཙོ་ཐིག་ཏུ་བཟུང་བ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་དགོས་”ཞེས་པ་དེ་དགོངས་དོན་དུ་བཟུང་བ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་དང་རྐང་ཚུགས་ཏེ། དུས་རབས་གསར་པ་དང་བསམ་བློ་གསར་པ་དང་ལས་འགན་གསར་པར་གདོང་གཏུགས་ནས། ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་འཛུགས་ལས་སྤེལ་ནང་འདུས་པའི་རླབས་ཆེ་བའི་གསར་བརྗེའི་སྙིང་སྟོབས་མངོན་ཡོད་པས། “དུས་ཐོག་གི་དཔེ་ཆ་”ཞེས་པའི་མཚན་སྙན་ཐོབ།

“གྲུ་དམར་གྱི་སྙིང་སྟོབས་”ལ་གོ་བ་ལོན་དགོས་ན། ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་འཛུགས་ལོ་རྒྱུས་ཤེས་དགོས། 《གྲུ་དམར་ལས་ཐོག་མའི་བསམ་འདུན་མཚོན་》ཞེས་པའི་དེབ་འདི་ལས་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་འཛུགས་ལོ་རྒྱུས་དང་“གྲུ་དམར་གྱི་སྙིང་སྟོབས་”གྲུབ་ཚུལ་མངོན་ཡོད། དེ་རིང་གི་ཀློག་པ་པོ་ལ་མཚོན་ནས་བཤད་ན། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་འཛུགས་ལོ་རྒྱུས་མ་ཤེས་ན། “གྲུ་དམར་གྱི་སྙིང་སྟོབས་”ལ་གོ་བ་ཟབ་མོ་ལོན་མི་ཐུབ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་ནི། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་དང་པོའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དེ་ཧྲང་ཧའེ་ཝང་ཀྲི་ལམ་རྟགས་106ནས་ཅ་ཞིན་ལྷོ་མཚོའི་གྲུ་གཟིངས་ཤིག་གི་སྟེང་སྐོང་འཚོགས་བྱེད་པའི་བརྒྱུད་རིམ་ཡོངས་དེ་ཡིན། ཏང་གི་ཚོགས་ཆེན་དང་པོ་ཧྲང་ཧའེ་རུ་འཚོགས་པའི་ཐད་ཀའི་རྒྱུ་རྐྱེན་ནི། ཚོགས་ཆེན་འདིའི་འགོ་ཚུགས་མཁན་དང་རྩ་འཛུགས་མཁན་ནི་ཧྲང་ཧའེ་ཡི་གུང་ཁྲན་ཏང་གི་ཐོག་མའི་རྩ་འཛུགས་དེ་རེད། རྩ་བའི་རྒྱུ་རྐྱེན་ནི་ཧྲང་ཧའེ་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་ཆེས་གཅིག་བསྡུས་ཀྱི་གྲོང་ཁྱེར་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཁྱབ་སྒྲོག་ཆེས་རྒྱ་ཆེར་བྱེད་ས་དེ་རེད། ཏང་གི་ཚོགས་ཆེན་དང་པོ་ཅ་ཞིན་གྲུ་གཟིངས་ཐོག་མཇུག་བསྒྲིལ་བའི་ཐོལ་བྱུང་གི་རྒྱུ་རྐྱེན་ནི་ཧྲང་ཧའེ་ཡི་ཧྥ་རན་སེ་བཙན་གཡར་ས་ཆའི་ཉེན་རྟོག་ཁང་གིས་བཙན་བཀག་བྱས་པས་ཚོགས་འདུའི་མཚམས་མི་འཇོག་ཀ་མེད་བྱུང་བ་རེད། ཐོལ་བྱུང་གི་རྒྱུ་རྐྱེན་ནི། བློ་མཐུན་མའོ་ཙེ་ཏུང་གིས་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་སྐོར་བའི་བགྲོད་ལམ་ཕྱེ་བའི་སྐབས་གསུངས་མྱོང་བ་སྟེ། ཀྲུང་གོའི་གྲོང་གསེབ་ནི་གྲོང་ཁྱེར་དང་བལྟོས་བཅས་ཀྱིས་བསྡུར་ན་ངོ་ལོག་པས་དབང་སྒྱུར་བྱེད་དཀའ་སའི་ལྷུ་ཚིགས་དེ་རེད། འདི་ལྟ་བུའི་རྙོག་དྲ་ཆེ་བའི་རྒྱུ་རྐྱེན་རབ་དང་རིམ་པ་ཞིག་ལས། ཏང་གི་ཚོགས་ཆེན་དང་པོ་དེ་ཧྲང་ཧའེ་ཡི་རྡོ་མཛོད་སྒོ་ནས་ཅ་ཞིན་གྱི་གྲུ་གཟིངས་སྟེང་འཚོག་དགོས་བྱུང་བ་རེད། “གྲུ་དམར་”ནི་འདི་ལྟ་བུའི་སྒོ་ནས་ལོ་རྒྱུས་ཀྱི་བདེན་དཔང་དུ་གྱུར་ཡོད།

“གྲུ་དམར་གྱི་སྙིང་སྟོབས་”དར་སྤེལ་གཏོང་དགོས་ན། ཀྲུང་གོའི་གུང་ཁྲན་ཏང་འཛུགས་སྐབས་ཀྱི་“ཐོག་མའི་བསམ་འདུན་”དེ་གཙོ་བོ་དར་སྤེལ་གཏོང་དགོས་པ་རེད། ཀྲུང་གོའི་གུང་ཁྲན་ཏང་གི་གསར་འཛུགས་ལོ་རྒྱུས་དེ་འདྲེན་བྱེད་དུ་བཟུང་ནས་“གྲུ་དམར་གྱི་སྙིང་སྟོབས་”ལ་གོ་བ་ལེན་པ་རྒྱུན་འཁྱོངས་དང་། “གྲུ་དམར་གྱི་སྙིང་སྟོབས་”དེ་གཙོ་ཐིག་ཏུ་བཟུང་ནས་ཀྲུང་གོའི་གུང་ཁྲན་ཏང་མིའི་“ཐོག་མའི་བསམ་འདུན་”ལ་འགྲེལ་བཤད་བྱས་པ་ནི་《གྲུ་དམར་ལས་ཐོག་མའི་བསམ་འདུན་མཚོན་》ཞེས་པའི་གཙོ་བོའི་ཁྱད་ཆོས་ཤིག་ཡིན། འདི་ནི་དེ་རིང་ང་ཚོས་ནན་བཤད་བྱས་པའི་“ཐོག་མའི་བསམ་འདུན་”དེ་ཀྲུང་གོའི་གུང་ཁྲན་ཏང་གི་“ཐོག་མའི་བསམ་འདུན་”ཡིན་པ་ལས། འཐུས་མི་13གྱི་“ཐོག་མའི་བསམ་འདུན་”སྟབས་བདེའི་ངང་ཕན་ཚུན་སྣོན་པ་ཙམ་མ་ཡིན་ལ། མི་ག་གེ་མོ་ཞིག་གི་“ཐོག་མའི་བསམ་འདུན་”ཡང་མ་ཡིན། འདི་ནི་སྐབས་དེའི་ཀྲུང་ཧྭ་ས་ཆེན་སྟེང་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཕུགས་འདུན་ཕན་ཚུན་བརྒྱུས་འདྲེས་བྱེད་པའི་མཚོན་རྟགས་ཡིན་ལ། དུས་རབས་ཀྱིས་སྤྲོད་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། དེ་རིང་གི་ཏང་ཡོན་ལ་མཚོན་ནས་བཤད་ན། “གྲུ་དམར་གྱི་སྙིང་སྟོབས་”དར་སྤེལ་གཏོང་བ་དང་། ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཡིད་ལ་བརྟན་པོ་འཆང་དགོས་ན། ཏང་ནང་འཛུལ་བའི་སྐུལ་སློང་ཡག་པོ་ཡིན་དགོས། རང་ཉིད་ཏང་ནང་ཞུགས་པའི་རྒྱུ་མཚན་ཅི་ཡིན་གསལ་པོ་ཤེས་དགོས། ཏང་ནང་ཞུགས་ཚར་རྗེས་སྔར་བཞིན་“ཅིའི་ཕྱིར་ཏང་ནང་ཞུགས་པ་དང་ཅི་འདྲའི་སྒོ་ནས་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱེད་པའི་”གནད་དོན་ལྡན། ལས་བྱེད་པར་གྱུར་རྗེས་མུ་མཐུད་ནས་ཅིའི་ཕྱིར་ཏང་ནང་ཞུགས་པ་དང་། དབང་ཆ་སུ་ཡིས་སྤྲད་པ། སུའི་ཆེད་དུ་དབང་ཆ་ལེགས་པོ་སྤྱོད་པའི་གནད་དོན་ཐག་གཅོད་བྱེད་དགོས། གནད་དོན་འདི་དག་ཡོད་ཚད་ཀྱིས་ང་ཚོར་“ཀྲུང་གོའི་མི་དམངས་ཀྱི་དོན་དུ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་བྱེད་པའི་”ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིས་རང་ཉིད་ལ་རེ་ཞུ་ནན་པོ་བྱས་ནས། ནམ་ཡང་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པའི་གུང་ཁྲན་ཏང་མི་ཞིག་བྱེད་དགོས་པའི་བླང་བྱ་བཏོན།

“གྲུ་དམར་གྱི་སྙིང་སྟོབས་”ཀྱིས་དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་མིར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས་མུ་མཐུད་ནས་མདུན་དུ་བསྐྱོད་པར་སྐུལ་སློང་བྱས། དེབ་ཡོངས་ཀྱི་བརྗོད་གཞི་རེ་རེའི་མཇུག་ཏུ་“དུས་རབས་གསར་པའི་སྙིང་གཏམ་”ཞེས་ཆེད་དུ་བཀོད་ནས། མི་རྣམས་ལ་དྲན་གསོ་གཏོང་བ་དང་མི་རྣམས་ལ་འབད་འབུངས་བྱེད་དུ་འཇུག་པས། འདི་ནི་“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་པའི་”བརྗོད་དོན་སློབ་གསོ་ལེགས་པོ་སྤེལ་བའི་གལ་ཆེ་བའི་རམ་འདེགས་ཡིག་ཆ་དང་ཏང་གི་ལོ་རྒྱུས་གསོན་ཉམས་མངོན་པའི་ཀློག་དེབ་ཅིག་ཡིན། ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་བའི་འགོ་ཚུགས་པའི་ལོ་ཡང་ཡིན། དུས་རབས་གསར་པར་སླེབས་པ་དང་ལམ་རིམ་གསར་པ་ཕྱེ་བ། གཟི་འོད་གསར་པ་འཕྲོས་པའི་རྨང་གཞི་འདིང་བའི་ལོ་ཞིག་ཀྱང་དེ་བས་ཡིན། གཟི་བརྗིད་ལྡན་པའི་དམིགས་འབེན་དང་མཛེས་སྡུག་ལྡན་པའི་མདུན་ལྗོངས། རླབས་ཆེ་བའི་ཕུགས་འདུན། ཡོད་ཚད་ནི་ཏང་གིས་མི་དམངས་དུང་ཕྱུར་ལ་འགོ་ཁྲིད་ནས་གོམ་པ་རེ་རེ་བཞིན་དངོས་སྒྲུབ་བྱས་ན་ད་གཟོད་མངོན་འགྱུར་བྱས་ཐུབ། དུས་རབས་གསར་པའི་རྙོག་དྲ་ཆེ་བའི་ལོ་རྒྱུས་ལས་འགན་མདུན་དུ་ལྷགས་ཚེ། གསར་བརྗེའི་འཐབ་འཛིང་དུས་སྐབས་ཀྱི་སྟོབས་ཤུགས་དེ་དང་། གསར་བརྗེའི་སྤྲོ་བ་དེ། འབད་འབུངས་ཀྱི་སྙིང་སྟོབས་དེ་ལྷག་པར་དུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་གསལ་པོའི་སྒོ་ནས་ངོས་འཛིན་བྱེད་དགོས་པ་ཞིག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་དགོས་ན། གསར་བརྗེ་པས་མི་རབས་ནས་མི་རབས་བར་མུ་མཐུད་ནས་འབད་བརྩོན་བྱས་ན་ད་གཟོད་ལེགས་གྲུབ་བྱས་ཐུབ། ལས་སྤེལ་དཀའ་ལ་གྲུབ་འབྲས་སྲུང་བ་དཀའ། འཕེལ་རྒྱས་དེ་བས་ཀྱང་དཀའ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་པ་དང་། རྒྱུན་འཛིན་གྱི་རྨང་གཞིའི་ཐོག་སྒྱུར་བཅོས་ཇེ་ཟབ་སྤེལ་བ་དང་གསར་གཏོད་འཕེལ་རྒྱས་བཏང་ན། ད་གཟོད་ཆེས་མཐའ་མར་དམིགས་གཏད་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཐུབ།

བློ་བཟང་ལྷ་མོས་བསྒྱུར།