ཀྲུང་གོས་འཛམ་གླིང་ལ་ཤུགས་རྐྱེན་གཏོང་བའི་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེ་གཏིང་ཇེ་ཟབ་ཏུ་གཏོང་དགོས།

དེབ་འདིའི་དཔྱད་གཏམ་པ།

ལོ་40ཡི་ཡར་སྔོན་ལ། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་སྒྱུར་བཅོས་སྒོ་འབྱེད་ཀྱི་ཚ་རླབས་དགུང་དུ་འཕྱུར་བ་དང་། དེ་ནི་ང་ཚོའི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤེལ་བའི་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེ་གསར་པ་ཞིག་ཡིན། ཐེངས་འདིའི་གསར་བརྗེ་ཡིས་ཀྲུང་གོའི་མི་དམངས་འཕེལ་རྒྱས་སུ་འགྲོ་དགོས་པ་དང་། གསར་གཏོད་བྱེད་དགོས་པ། བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་དགོས་པ་བཅས་ལོ་རྒྱུས་ཀྱི་བླང་བྱ་དང་བསྟུན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་གཏོང་དགོས་པ་དང་། མཉམ་འབྲེལ་བྱེད་དགོས་པ། ཞི་མཐུན་གྱི་འཚོ་བ་རོལ་དགོས་པ་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམ་ཡོད་ཅིང་། ཀྲུང་གོ་ཉིད་དུས་རབས་ཀྱི་རྗེས་ཟིན་པ་ནས་དུས་རབས་ཀྱི་སྣེ་ཁྲིད་པའི་མཆོང་བསྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་དུ་བཅུག་ཡོད་ལ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་ཆགས་པ་ནས་སྟོབས་ལྡན་དུ་གྱུར་པའི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད། སྒྱུར་བཅོས་སྒོ་འབྱེད་ཅེས་པའི་ཀྲུང་གོའི་ཐེངས་འདིའི་གསར་བརྗེ་ཡིས། ཀྲུང་གོ་ལ་སྒྱུར་བཅོས་གཏིང་ཟབ་བཏང་བ་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅེས་པའི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཐོག་གི་རྣམ་བཤད་འདི་ནི། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་ལ་ཆེས་ནུས་ལྡན་གྱི་ཕྱོགས་བསྡོམས་གང་ལེགས་བྱས་ཡོད་པ་དང་། གསར་བརྗེ་ཐེངས་འདི་ཡིས་འཛམ་གླིང་ལ་གཡོ་འགུལ་ཐེབས་པའི་གཟི་འོད་འཕྲོ་བའི་སྟོབས་ཤུགས་ཆེན་པོ་དེ་མངོན་ཡོད།

རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་ཡོང་བ་བྱེད་དགོས་ན། ངེས་པར་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་གཏན་ཚིགས་ཁྲོད་མདུན་བསྐྱོད་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་གོང་འཕེལ་འགྲོ་དགོས། 1978ལོར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་འཕྲལ་ཐག་ཆོད་པོའི་ངང་“གྲལ་རིམ་འཐབ་རྩོད་ནི་གཞི་རྐང་ཡིན་པའི་”འབོད་ཚིག་ནོར་འཁྲུལ་ཅན་མཚམས་བཅད་པ་དང་། ཏང་ཡོངས་ཀྱི་ལས་ཀའི་ལྟེ་གནས་དཔལ་འབྱོར་འཛུགས་སྐྲུན་དུ་བསྒྱུར་བ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་གདམ་ཀ་མངོན་འགྱུར་བྱུང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་དཀྱོགས་མཚམས་རླབས་པོ་ཆེ་མངོན་འགྱུར་བྱུང་བ་དང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པའི་སྒོ་མོ་ཕྱེ་བ་རེད། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ཀྱི་ལོག་སྤྱོད་དབང་སྒྱུར་རྩ་གཏོར་དུ་བཏང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་པ་ནི་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་ཆེན་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་རྗེས། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་ཐད་ཀྱི་བཀག་འགོག་གཙང་སེལ་བྱས་པའི་སྒྱུར་བཅོས་ཀྱང་དེ་བཞིན་དུ་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེ་ཞིག་ཡིན། བློ་མཐུན་ཏེང་ཞའོ་ཕིན་གྱིས། གསར་བརྗེ་དེ་ནི་“ཧ་ཅང་གལ་ཆེ་བའི་གསར་བརྗེ་ཞིག་ཡིན། ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་མཚོན་ནས་བཤད་ན་རྩ་བར་གྱུར་པའི་གསར་བརྗེ་ཞིག་ཡིན་”ཞེས་གསུངས། སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40ཡི་ལོ་རྒྱུས་བརྒྱུད་རིམ་གྱིས་ཡང་ཡང་བདེན་དཔང་བྱས་པ་ནི། སྒྱུར་བཅོས་སྒོ་འབྱེད་ནི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤེལ་བའི་གསར་བརྗེ་རླབས་པོ་ཆེ་གསར་པ་ཞིག་ཡིན་པ་མ་ཟད། དེང་རབས་ཀྲུང་གོའི་མངོན་གསལ་ཅན་གྱི་ཁྱད་ཆོས་ཡིན་ཞིང་། ཀྲུང་གོའི་གུང་ཁྲན་ཏང་གི་ཆེས་མངོན་གསལ་ལྡན་པའི་དར་ཆའང་རེད། སྒྱུར་བཅོས་སྒོ་འབྱེད་ནི་བསམ་བློ་བཅིངས་འགྲོལ་གྱིས་སྣེ་ཁྲིད་པའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ཞིག་ཡིན་པ་དང་། དེས་མི་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་རྒྱུན་འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་བར་སྐུལ་འདེད་བཏང་ནས། རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གསོན་ཤུགས་གང་ནུས་ཀྱིས་ཇེ་བཟང་དུ་བཏང་ཡོད། སྒྱུར་བཅོས་སྒོ་འབྱེད་ནི་འཕེལ་རྒྱས་གཏོང་རྒྱུ་ཉིད་ལས་འགན་ཨང་དང་པོ་འཇོག་པའི་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེ་ཞིག་ཡིན་ཞིང་། མི་རྣམས་ལ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་མི་འཚམ་པའི་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པར་སྒྱུར་བཅོས་གཏོང་བ་སྐུལ་འདེད་བཏང་ནས། གང་ནུས་ཀྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་ཆེན་པོ་བཏང་ཡོད། སྒྱུར་བཅོས་སྒོ་འབྱེད་ནི་ལག་ལེན་གསར་གཏོད་རྩ་བའི་ཐམས་ལམ་དུ་བྱེད་པའི་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེ་ཞིག་ཡིན་ཞིང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གོམ་སྟབས་ཆེན་པོའི་དུས་རབས་མདུན་སྐྱོད་ཀྱི་གོམ་རྗེས་ཟིན་པར་བྱས་ཤིང་། གང་ནུས་ཀྱིས་སྤྱི་ཚོགས་ཀྱི་གསོན་ཤུགས་དང་བཅིངས་འགྲོལ་ཤུགས་ཆེར་བཏང་ཡོད། སྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་གཞི་རྩའི་ཁྱད་ཆོས་ཡིན་པ་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པའི་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེ་ཞིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་ཏང་གི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་ལེགས་འགྲུབ་བཏང་བ་དང་། རྒྱུན་འཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བྱེད་ཤུགས་ཆེ་རུ་བཏང་ཡོད།

སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་སྒུལ་ཤུགས་དང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་རྗེས་ལུས་ཡིན་པའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་ཞིག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་ནི་སྔར་བྱུང་མ་མྱོང་བའི་ཞིབ་འཇུག་གི་ལས་གཞི་གསར་པ་ཞིག་རེད། འཚོལ་ཞིབ་ལྷོད་མེད་བྱས་པ་དང་། ཀྱག་ཀྱོག་དང་དཀའ་སྡུག་མང་པོ་བརྒྱུད་རྗེས། ཀྲུང་གོའི་གུང་ཁྲན་ཏང་མིས་གཞི་ནས་ཡང་དག་པའི་བགྲོད་ལམ་རྙེད་པ་རེད། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་ཡོད་གནས་ཚུལ་དང་དུས་རབས་ཀྱི་ཁྱད་ཆོས་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་གནས་ལ་རྐང་ཚུགས་ཏེ་འཛམ་གླིང་ལ་ལྟ་བ་རྒྱུན་འཁྱོངས་བྱེད་པ་སྟེ། རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་བྱ་རྒྱུ་ནན་བཤད་བྱས་ཡོད་པ་མ་ཟད། ཕྱི་ཕྱོགས་སྒོ་འབྲེལ་དང་མཉམ་ལས་མཉམ་རྒྱལ་བྱ་རྒྱུར་མཐོང་ཆེན་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་རྒྱུན་འཁྱོངས་དང་། ཚོང་རའི་དཔལ་འབྱོར་གྱི་གཞི་རྩའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཡོད་དེ། འགྲོ་ཞོར་དུ་ཉམས་མྱོང་བསྡུ་ལེན་བྱས་ཡོད་ཅིང་། ཡང་རྩེ་རིམ་གྱི་འཆར་འགོད་ལ་ཤུགས་སྣོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་གྱི་སྒྲིག་སྲོལ་དང་། ཆབ་སྲིད་ཀྱི་སྒྲིག་སྲོལ། རིག་གནས་ཀྱི་སྒྲིག་སྲོལ། སྤྱི་ཚོགས་ཀྱི་སྒྲིག་སྲོལ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ། ཏང་འཛུགས་སྐྱོང་གི་སྒྲིག་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཞིང་། རྒྱལ་ཁའི་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་མཆོང་སྐྱོད་རླབས་པོ་ཆེ་བསུ་ཡོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དེང་རབས་ཅན་དུ་བསྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་ཡོད།

སྒྱུར་བཅོས་སྒོ་འབྱེད་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཆེས་ཆེར་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ནང་སླེབས་པར་སྐུལ་འདེད་བཏང་ཡོད། སྒྱུར་བཅོས་སྒོ་འབྱེད་མ་བྱས་སྔོན་གྱི་ལོ་30རིང་གི་ཐོན་སྐྱེད་ནུས་ཤུགས་ལ་གསོག་འཇོག་ངེས་ཅན་ཡོད་པའི་རྨང་གཞིའི་སྟེང་། སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་40ཡི་རིང་ལ། ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་བྱ་རྒྱུ་དང་སྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས་བྱས་པར་བརྟེན། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། དུས་དེ་རིང་། རང་རྒྱལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་། བཟོ་ལས་རྒྱལ་ཁབ་ཆེན་པོ་ཨང་དང་པོ། དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེ་གྲས་དང་པོ། ཕྱི་དངུལ་གསོག་འཇོག་རྒྱལ་ཁབ་ཆེན་པོ་དང་པོ་བཅས་སུ་གྱུར་ཡོད་པ་རེད། ལོ་40ཡི་རིང་གི་བསྡུར་གཞི་ཡོད་པའི་རིན་གོང་ལ་བརྩིས་བརྒྱབ་ན། རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་སུ་9.5%འཕར་འདུག རང་རྒྱལ་གྱི་མི་དམངས་ཀྱི་འཚོ་བ་མི་འདང་བ་ནས་འདང་བ་དང་། དབུལ་ཕོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཡོད་ཅིང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚད་གཞིའི་ཐོག་གི་མི་འབོར་དབུལ་པོ་དུང་ཕྱུར་7ལྷག་རྒྱལ་ཁའི་ངང་དབུལ་ཐར་བྱུང་བ་དང་། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་མི་འབོར་བསྡོམས་འབོར་གྱི་70%ཡན་ཟིན་ཡོད་པ་རེད། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཕྱིན་པ་ལ་བརྟེན་ནས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་སྟོབས་ཤུགས་བཅས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། རྒྱལ་སྤྱིའི་གོ་གནས་སྔ་ན་མེད་པའི་ཇེ་མཐོར་སོང་བ་བཅས། འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་ཉིན་རེ་བཞིན་ཇེ་ཉེ་ནས་ཇེ་ཉེ་རུ་འགྲོ་བཞིན་ཡོད། ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་རྩ་བའི་རང་བཞིན་ལྡན་པའི་འགྱུར་ལྡོག་བྱུང་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད།

སྒྱུར་བཅོས་སྒོ་འབྱེད་ཀྱིས་མི་རིགས་ཀྱི་སྙིང་སྟོབས་ཕུན་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་པ་དང་། ཀྲུང་གོའི་སྟོབས་ཤུགས་གང་ལེགས་མངོན་པར་བྱས་ཡོད། རླབས་ཆེ་བའི་ལག་ལེན་གྱིས་དངོས་པོའི་སྟོབས་ཤུགས་གསར་སྐྲུན་བྱས་ཡོད་པ་མ་ཟད། རླབས་ཆེ་བའི་བསམ་པའི་སྟོབས་ཤུགས་ཀྱང་གསར་སྐྲུན་བྱས་ཡོད། ཀྲུང་གོའི་མི་དམངས་ཀྱིས་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཀོད་འབྲི་བྱེད་པ་དང་། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་གོའི་དཔལ་ཡོན་གསར་སྐྲུན་བྱེད་པའི་གོ་རིམ་ཁྲོད། ལོ་རྒྱུས་རིང་ཞིང་གསོན་ཤུགས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གྲུབ་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཞི་རྒྱུ་དང་གཅོད་ཐབས་བྲལ་བའི་ཁྲག་རྒྱུད་ཡིན། སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་རྒྱུན་ཁྲོད། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་5000ལྷག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསྡུ་ལེན་དང་། གུང་ཁྲན་ཏང་དབུ་བརྙེས་པའི་རྗེས་ཀྱི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་བྱས་པ་དང་། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་རྐང་བཙུགས་ནས་འཛམ་གླིང་གི་ཕུལ་བྱུང་རིག་གནས་བསྡུ་ལེན་བྱས་པ་བཅས་ཀྱིས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད་ཅིང་། རླབས་ཆེ་བའི་གསར་གཏོད་ཀྱི་སྙིང་སྟོབས་དང་རླབས་ཆེ་བའི་འབད་འཐབ་ཀྱི་སྙིང་སྟོབས། རླབས་ཆེ་བའི་མཐུན་སྒྲིལ་གྱི་སྙིང་སྟོབས། རླབས་ཆེ་བའི་ཕུགས་འདུན་གྱི་སྙིང་སྟོབས་བཅས་རྒྱུད་འཛིན་དང་གསོ་སྐྱོང་དང་གོང་སྤེལ་བཅས་བྱས་ཡོད། དེང་སྐབས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་སྔར་ལས་ལྷག་པར་གོང་འཕེལ་འགྲོ་བཞིན་ཡོད་ཅིང་། ཉིན་མཚན་མེད་པར་རང་རྒྱལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། འཛམ་གླིང་གི་མདུན་གྲལ་དུ་གོམ་སྟབས་ཆེན་པོས་བསྐྱོད་བཞིན་ཡོད། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་གསར་བརྗེ་དང་རང་ཉིད་གསར་བཅོས་བྱེད་སྤོབས་པ་དང་། ཕྱོགས་གང་ཅིའི་སྒྲིག་སྲོལ་གྱི་ཞན་ཆ་རྒྱུན་འཆད་མེད་པར་བཅོས་སྒྲིག་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱས་ཡོད། ཀྲུང་གོའི་མི་དམངས་ནི་དཔུང་བསྐྱོད་དང་ཚོད་ལྟ་བྱེད་སྤོབས་པ་དང་། མིའི་སྔོན་དུ་བྱེད་སྤོབས་ལ། ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་ཇེ་ཆེར་སོང་ཡོད་པས། མི་དམངས་དུང་ཕྱུར་13ལྷག་ནི་རྒྱལ་ཁབ་ཀྱི་བདག་པོ་དང་དཔའ་བོ་ངོ་མ་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་མདུན་བསྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ་གང་ལེགས་མངོན་པར་བྱས་ཡོད།

ཀྲུང་གོས་མིའི་རིགས་ལ་བྱས་རྗེས་ཆེ་ཙམ་འཇོག་འོས། སྒྱུར་བཅོས་སྒོ་འབྱེད་ཅེས་པའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་འདི་ཡིས་འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད། ལོ་40ཡི་རིང་ལ། ཀྲུང་གོའི་མི་དམངས་ཀྱིས་བློ་རྒྱ་ཆེ་སྐྱེད་ཀྱིས་འཛམ་གླིང་ལ་ཕྱོགས་ཡོད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཁྲོད་རྒྱལ་ཆེན་གྱིས་འཁུར་འོས་པའི་འགན་འཁྲི་མངོན་ཡོད། ནང་འདྲེན་བྱེད་པ་ནས་ཕྱི་ལ་གཏོང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་ནས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྩ་དོན་དུ་བྱས་པའི་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས། ལོ་མང་བསྟུད་མར་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་བྱས་རྗེས་འབུལ་ཚད་30%ལས་བརྒལ་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཆགས་རྒྱུ་ཆས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་རུ་གྱུར་ཡོད། ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་རྨང་གཞིར་བྱས་ཏེ་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། དྲང་སྙོམས་དྲང་བདེན་གྱི་འདུ་ཤེས་ཀྱིས་སྣེ་ཁྲིད་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་བསམ་བློ་བསྐྲུན་རྒྱུ་སྐུལ་འདེད་གཏོང་བ་དེ། ཐེངས་མང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆའི་ནང་བྲིས་ཤིང་། རྒྱལ་སྤྱིའི་ཤུགས་རྐྱེན་རྒྱ་ཆེན་པོ་ཐེབས་ཡོད་ལ། དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཀྱི་དཔལ་ཡོན་གྱི་མདུན་བསྐྱོད་ཁ་ཕྱོགས་ལ་ཀྲུང་གོས་སྣེ་ཁྲིད་བྱས་པའི་དར་ཆ་གསལ་པོ་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་རྒྱུན་མི་ཆད་པར་འཕེལ་རྒྱུས་ཕྱིན་ཡོད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། འཕེལ་རྒྱས་མགྱོགས་པོ་ཡོང་རེ་ཆེ་ཞིང་རང་ཚུགས་ཀྱང་རྒྱུན་འཁྱོངས་ཡོང་རེ་འདོད་པའི་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་རྐྱང་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་ཐོབ་པ་དེས། ཚན་རིག་ཅན་གྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་21པར་ཀྲུང་གོ་རུ་སྐྱེ་སྟོབས་འབར་ཞིང་གསོན་ཤུགས་ལྡན་པ་མཚོན་ཡོད་པ་མ་ཟད། འཛམ་གླིང་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་མཚོན་ཡོད་ཅིང་། མིའི་རིགས་ལ་སྔར་བས་ལེགས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་འཚོལ་ཞིབ་བྱེད་པའི་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཡོད།

སྒྱུར་བཅོས་སྒོ་འབྱེད་མེད་ན། དེ་རིང་གི་ཀྲུང་གོ་མེད་ལ། སང་ཉིན་གྱི་ཀྲུང་གོའང་ཡོད་མི་སྲིད། འདས་པའི་ལོ་40ཡི་རིང་གི་ལག་ལེན་ལས་ར་འཕྲོད་བྱུང་ཡོད་པ་ནི། སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་སྐལ་ཐག་གཅོད་བྱེད་པའི་འགག་རྩ་ཡིན་ཞིང་། ཏང་དང་མི་དམངས་ཀྱི་ལས་དོན་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་ཐབས་དམ་པ་ཡིན། སྒྱུར་བཅོས་སྒོ་འབྱེད་ལ་ད་ལྟ་བྱེད་བཞིན་པ་ལས་བྱས་ཟིན་འདས་པ་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་མི་དམངས་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་འཐོབ་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་པའི་བརྗིད་ཆེའི་འཆར་གཞི་བཀོད་འབྲི་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་ལས་གསལ་སྟོན་བྱས་ཡོད། ང་ཚོར་རྒྱལ་ཁ་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་དམིགས་འབེན་མཁོ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་ཡང་དག་པའི་སྒྱུར་བཅོས་སྒོ་འབྱེད་ཀྱི་བགྲོད་ལམ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བགྲོད་ལམ། མི་དམངས་ཕྱུག་འགྱུར་གྱི་བགྲོད་ལམ་བཅས་ཀྱི་སྟེང་བགྲོད་པ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་པའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལེགས་པར་སྒྲུབ་དགོས་ཤིང་། ང་ཚོའི་ཏང་གིས་ངེས་པར་དུ་རང་ངོས་འཛུགས་སྐྱོང་སྔར་བས་འགྱུར་མེད་སྟོབས་ལྡན་བྱེད་དགོས། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གཏོང་བ་སྐུལ་འདེད་དང་། ཏང་གིས་ལས་དོན་ཕྱོགས་ཡོངས་ལ་འགོ་ཁྲིད་ཐུབ་པ་འགན་ལེན་བྱས་ཏེ་སྒྱུར་བཅོས་སྒོ་འབྱེད་ཉིད་ཡང་དག་པའི་ཁ་ཕྱོགས་སུ་མདུན་དུ་བསྐྱོད་དགོས།

གྲང་ལྷགས་ཀྱི་ཚ་རླབས་རྒོད་པའི་ལོ་ངོ་བཞི་བཅུ། སྒྱུར་བཅོས་སྒོ་འབྱེད་བྱས་པར་བརྟེན། ཀྲུང་གོས་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཀྱི་ཡང་དག་པའི་བགྲོད་ལམ་ཞིག་བཏོད་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆས་ལམ་སྟོན་ལྡན་པས། ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ལ་རྒྱལ་ཁ་འཐོབ་ངེས་པ་དང་། རྒྱལ་ཁ་འཐོབ་ཐུབ་པ་ང་ཚོར་ཡིད་ཆེས་ཡོད།

སངས་རྒྱས་སྐྱིད་ཀྱིས་བསྒྱུར།