བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་ཏེ།དམག་དཔུང་གི་སྐོར་གཟིགས་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཀྲང་ཡུའུ་ཞ།

སྐོར་གཟིགས་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐོར་གཟིགས་ལས་ཀར་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་། འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་མང་པོ་ཞིག་བཏོན་པ་དང་། ཇུས་གཅོད་དང་བཀོད་སྒྲིག་གལ་ཆེན་མང་པོ་བྱས། སྐོར་གཟིགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྣེ་ཁྲིད་ནུས་ལྡན་བྱས་ཏེ། དུས་རབས་གསར་པའི་སྐོར་གཟིགས་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་སྤྲོད་བྱས་ཡོད། དམག་དཔུང་གི་སྐོར་གཟིགས་ལས་དོན་སྒྲུབ་པར་ངེས་པར་དུ་ཞི་ཀྲུའུ་ཞིའི་སྐོར་གཟིགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཆབ་སྲིད་སྐོར་གཟིགས་ཀྱི་འགན་ནུས་གནས་ཐིག་གཏན་འཁེལ་བརྟན་སྲུང་བྱེད་པ། ཆབ་སྲིད་སྐོར་གཟིགས་ཀྱི་ལྟ་སྐུལ་གཙོ་གནད་ལ་དམིགས་སུ་འཛིན་པ། རྩ་ལག་མཉམ་བཅོས་འཐབ་ཇུས་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བ་དང་། འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་ཆེད་ཁག་ཐེག་ཆེན་པོ་མཁོ་སྤྲོད་བྱེད་དགོས།

དང་པོ། དམག་དཔུང་གི་སྐོར་གཟིགས་ལས་ཀའི་ཆབ་སྲིད་ལངས་གནས་གོམ་གང་མདུན་སྤོས་སྒོས་མཐོར་འདེགས་གཏོང་དགོས།

གནའ་ནས་ད་བར་ལ་བལྟས་ན། སྐོར་གཟིགས་ནི་དབང་ཆར་ལྟ་སྐུལ་བྱེད་སྟངས་ཤིག་ཡིན་པ་དང་། དེ་ལ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ངོ་བོ་མངོན་གསལ་དོད་པོ་ལྡན་ཡོད། ང་ཚོའི་ཏང་ནི་སྤྱི་ཚོགས་གསར་བརྗེ་བྱེད་མཁས་པོ་ཡོད་ལ། རང་ཉིད་གསར་བརྗེ་བྱེད་ཕོད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ཆ་ནས་བཤད་ན། སྔོན་ནས་བཟུང་སྐོར་གཟིགས་ཀྱི་ནུས་པ་ལ་མཐོང་ཆེན་གནང་བ་མ་ཟད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དེ་ཉིད་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་ནས་སྐོར་གཟིགས་ལས་དོན་ཉིད་རིམ་བཞིན་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཐབས་གལ་ཆེན་ཞིག་ཏུ་ཆགས་ཡོད། སྔ་དུས་ཀྱི་1922ལོར། རང་རེའི་ཏང་གིས་ཆེད་མངགས་དང་སྐོར་གཟིགས་སོགས་ལས་ཀའི་ཐབས་ལམ་འཚོལ་ཞིབ་དང་གསར་གཏོད་བྱས་པ་རེད། 1927ལོ་ནས་བཟུང་“ཏང་པུའུ་རིམ་པ་ཁག་གི་སྐོར་གཟིགས་མཛུབ་སྟོན་ལམ་ལུགས་”འཛུགས་འགོ་བརྩམས། 1928ལོའི་ཟླ་10པར་ཀྲུང་དབྱང་གིས་ཡོངས་ཁྱབ་བརྡ་ཡིག་རྣམ་པའི་ཐོག་ནས་སྐོར་གཟིགས་སྲོལ་ཡིག་གཤམ་སྤྲོད་བྱས། དེས་ཏང་ནང་ཁུལ་གྱི་སྐོར་གཟིགས་ལམ་ལུགས་དངོས་སུ་ཚུགས་པ་མཚོན་ཡོད། དེའི་རྗེས་སུ་སྐོར་གཟིགས་ལས་ཀའི་སྐོར་གྱི་ལས་འགན་དང་། ནང་དོན། བྱེད་ཐབས་སོགས་ཏང་གི་དུས་རིམ་མི་འདྲ་བའི་ལས་ཀའི་གཙོ་གནད་དང་གདོང་གཏད་པའི་གནད་དོན་གཙོ་བོའི་འགྱུར་ལྡོག་དང་བསྟུན་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད། “ལས་ཀ་ལ་མཛུབ་ཁྲིད་བྱེད་པ་”ནས་“འཇིགས་ཟིལ་ཆགས་པ།” རྒྱུན་ལྡན་མིན་པ་དང་གནས་སྐབས་རང་བཞིན་ནས་ཚད་ལྡན་ཅན་དང་རྒྱུན་ལྡན་ཅན་དུ་འགྱུར་ཏེ། ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་སྐོར་གཟིགས་ལམ་ལུགས་དེ་ཏང་གི་སྒྲིག་ཡིག་ཏུ་བཀོད་པ་དང་ཏང་གི་གཞི་རྩའི་ལམ་ལུགས་ཤིག་ཏུ་ཆགས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད་པ་གཞིར་བཟུང་སྟེ། སྐོར་གཟིགས་ལས་དོན་དུས་བསྟུན་མདུན་སྐྱོད་ཡོང་ཆེད་སྐུལ་འདེད་ཧུར་ཐག་བཏང་ཡོད། མགོ་བརྩམས་མ་ཐག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམིགས་པ་གཏད་པ་དང་། དེ་ནས་“སྒྲིག་ཁྲིམས་དོན་ཚན་དྲུག་”དམ་པོར་བཟུང་བ། ཏང་གི་འགོ་ཁྲིད་དང་། ཏང་གི་འཛུགས་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་བཅས་ལ་དམིགས་སུ་འཛིན་ནས། སྐོར་གཟིགས་ལས་ཀ་དེ་ཉིད་ཆབ་སྲིད་ལྟ་སྐུལ་གྱི་རྩ་བའི་ངོ་བོའི་སྟེང་ཕྱིར་ལོག་ཐུབ་པ་བྱུང་ལ། གནས་ཐིག་གཏན་འཁེལ་ཡང་སྔར་ལས་ཡང་དག་པ་བྱས་པ་དང་། ཁ་ཕྱོགས་སྔར་ལས་མངོན་གསལ་དོད་པོ་བྱུང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་རྒྱུ་ནན་བཤད་བྱས། དེར་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འབུར་དུ་བཏོན་ཡོད་ལ། ཆབ་སྲིད་ཀྱི་བླང་བྱའི་ཐོག་ནས་ཏང་གི་འཛུགས་སྐྲུན་དམ་འཛིན་བྱས་ཡོད་པ་དང་། ཆབ་སྲིད་ཀྱི་གནས་ཐིག་གཏན་འཁེལ་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་དམིགས་པ་གཏད་ཡོད། སྐོར་གཟིགས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཐད་ཐོན་པའི་འཐབ་ཇུས་ཀྱི་ནུས་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཁྲོད་ཀྱི་གོ་གནས་གལ་ཆེན་འབུར་དུ་བཏོན་ཡོད། འདི་ལྟ་བུའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་རང་རེའི་ཏང་གིས་སྐོར་གཟིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཕུགས་ཀྱི་དགོས་མཁོ་ཡང་ཡིན། སྔོན་ཆད་ཀྱི་ཉམས་མྱོང་ཐོག་ནས་བལྟས་ན། སྐོར་གཟིགས་བྱས་ནས་གསལ་རྟོགས་བྱུང་བའི་སྒྲིག་འགལ་ཁྲིམས་འགལ་དང་ལྷག་པར་དུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ནི། མཐར་གཏུགས་ནས་བཤད་ན་དེ་དག་ཚང་མ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་དད་མོས་བརྟན་པོ་མིན་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་མིན་པར་རག་ལས་ཡོད་ལ། དེ་དག་ཚང་མ་ཏང་གི་འགོ་ཁྲིད་ཉམས་ཞན་དུ་སོང་བ་དང་། ཏང་འཛུགས་སྐྱོང་མི་འདང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ཤུགས་ཞན་པ་བཅས་ལ་རག་ལས་ཡོད། སྐོར་གཟིགས་ལས་དོན་ནི་ཆབ་སྲིད་ཀྱི་སྐོར་གཟིགས་ཡིན་པ་ལས་ལས་སྒོའི་སྐོར་གཟིགས་མིན་པའི་གནས་ཐིག་གཏན་འཁེལ་བརྟན་སྲུང་ཐུབ་ཚེ། ད་གཟོད་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྣང་ཚུལ་བརྒྱུད་ནས་ངོ་བོར་ལྟ་བ་དང་། ཁྲ་ཁྲ་རིག་རིག་གི་དངོས་ཡོད་གནད་དོན་བརྒྱུད་ནས་“འབྱུང་རྩ་”རྙེད་ཐུབ་ཅིང་། དངོས་དོན་ཐོག་རྩ་ལག་མཉམ་བཅོས་དང་ནད་བཅོས་རྩ་འབྱིན་བྱེད་ཐུབ། རྒྱང་རིང་གི་འཕེལ་རྒྱས་ནས་བལྟས་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་དུས་རབས་གསར་པའི་ནང་སླེབས་པ་དང་བསྟུན་ཏེ། ཏང་དང་རྒྱལ་ཁབ་ཀྱི་དབང་ཆའི་འཁོར་སྐྱོད་ལ་ལྟ་སྐུལ་བྱེད་པའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་གྱི་རྣམ་པ་ཆགས་པ་མ་ཟད་སྲ་བརྟན་དང་གོང་འཕེལ་འབྱུང་བཞིན་མཆིས། སྐོར་གཟིགས་ལས་དོན་གྱིས་སྔར་ལས་ཀྱང་ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་བ་དང་། “ཆབ་སྲིད་ཀྱི་ལུས་བཤེར་”འབུར་དུ་བཏོན་ན། ད་གཟོད་ཏང་གི་ལུས་ཕུང་ཐོག་གི་“ནད་རོ་”རྒྱུན་ཆད་མེད་པར་ཕྱིར་འདོར་བ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཟིལ་གནོན་བཀག་སྡོམ་དང་“ལྡོག་པའི་སློབ་གསོའི་”ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་ཐུབ་ཅིང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཞན་དག་དང་མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་སོགས་འགྲིལ་ཤུགས་སུ་ཆགས་ལ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཟམ་མི་ཆད་པར་རྒྱུན་འཁྱོངས་ཐུབ་པ་དང་། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ།

ང་ཚོའི་དམག་དཔུང་ནི་ཏང་གི་ཆབ་སྲིད་ལས་འགན་སྒྲུབ་མཁན་དྲག་ཆས་ཚོགས་ཁག་ཡིན་པའི་ཆ་ནས་ཆབ་སྲིད་ཐད་ངེས་པར་དུ་མཐའ་གཅིག་ཏུ་འཇོན་པོ་ཡིན་དགོས། ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་བའི་ཚད་གཞི་ངེས་པར་དུ་སྔར་ལས་མཐོན་པོ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། དམག་དཔུང་གི་སྐོར་གཟིགས་ལས་དོན་གྱིས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། ལྟ་སྐུལ་བྱེད་པའི་ཤུགས་ཚད་བསྟུད་མར་ཆེ་རུ་བཏང་ལ། རྒྱུན་གཏན་སྐོར་གཟིགས་དང་ཕྱིར་བཅར་སྐོར་གཟིགས་དང་། ཀུའོ་པོ་ཞུང་དང་ཞུས་ཚའེ་ཧོའུ་ཡི་ཤུགས་རྐྱེན་ངན་པ་གཙང་སེལ་བྱེད་པ་སོགས་ཆེད་དོན་སྐོར་གཟིགས་“ཁྱོན་ཡོངས་ལ་ཁྱབ་པ་”མངོན་གྱུར་བྱུང་ཡོད། དམག་དཔུང་གི་སྤྱོད་ཚུལ་དག་ཐེར་དང་སྒྲིག་ལམ་ནན་པོར་གཏོང་བ་དང་། རུལ་རྒོལ་ངན་རྡུང་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འོན་ཀྱང་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་བའི་བླང་བྱར་གཞིགས་ན། ད་དུང་དོ་སྣང་བྱ་དགོས་པའི་ལྷུ་ཚིགས་ཞན་ས་མཆིས། དཔེར་ན། འགའ་ཞིག་གིས་ཏང་གི་འགོ་ཁྲིད་དང་། ཏང་གི་འཛུགས་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་གནད་དོན་འཚོལ་ཞིབ་བྱ་རྒྱུ་མི་འདང་བ་རེད་ལ། འགའ་ཞིག་གིས་མཐོ་རིམ་ཏང་ཨུ་ཚན་ཁག་དང་“འགག་རྩའི་ཉུང་ཤས་”ལ་དམིགས་ནས་རྒྱུ་རྐྱེན་དབྱེ་ཞིབ་བྱ་རྒྱུ་མི་འདང་བ་རེད། ད་དུང་འགའ་ཞིག་གིས་ཆབ་སྲིད་སྐོར་གཟིགས་ནི་ཆབ་སྲིད་ཀྱི་ལས་ཀ་ལ་སྐོར་གཟིགས་བྱེད་པའི་གོ་བ་སྟབས་བདེ་ལེན་བཞིན་ཡོད། དེ་དག་གིས་སྐོར་གཟིགས་ཀྱི་ཁ་ཕྱོགས་འགྱུར་ཟིན་པ་དང་ཚད་གཞི་ལྷོད་ཡོད་པར་སྙམ། མིག་སྔར། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་ལངས་ཡོད། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས། ཇི་ལྟར་ཕ་རོལ་གྱི་རྒྱལ་ཁའི་ཕྱོགས་སུ་མགྱོགས་མྱུར་སྐྱོད་ན། དེ་ལྟར་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་འཛིན་དགོས་པ་དང་། དམག་འཛུགས་རྩ་བ་བརྟན་པོར་གཏོང་དགོས། དམག་དཔུང་གི་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་ན། ངེས་པར་དུ་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་ཐོག་ལངས་དགོས་པ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ཐོག་ལངས་དགོས། དམག་དཔུང་གི་ཏང་འཛུགས་སྐྱོང་ལ་འཕྲད་པའི་གནས་བབ་དང་ལས་འགན་གཞིར་བཟུང་སྟེ། ཏང་ཨུ་རིམ་པ་ཁག་གི་འགོ་ཁྲིད་ཚན་པ་ཞེས་པའི་གནད་འགག་འདི་དམ་པོར་འཛིན་པ་དང་། དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐད་ཀྱི་མངོན་གསལ་དོད་པོའི་གནད་དོན་དམ་འཛིན་བྱས་ཏེ། ཆབ་སྲིད་ཀྱི་གནས་ཐིག་གཏན་འཁེལ་ལེགས་པོ་འཛིན་པ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ། ཆབ་སྲིད་ཀྱི་ཚད་གཞི་ནན་པོར་གཏོང་བ། ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་གཏོང་བ་བཅས་བྱས་ཏེ། སྐོར་གཟིགས་ལས་དོན་དེ་རིམ་པ་སྔར་ལས་མཐོ་བ་དང་ཆུ་ཚད་སྔར་ལས་མཐོ་བ་རུ་སྐུལ་འདེད་ཧུར་ཐག་གཏོང་དགོས།

གཉིས་པ། དམག་དཔུང་གི་ཆབ་སྲིད་སྐོར་གཟིགས་ཟབ་སྤེལ་བྱེད་པའི་ཤུགས་འདོན་ཡུལ་གཙོ་བོ་འཕྱུགས་མེད་ཁོང་དུ་ཆུད་པར་བྱེད་དགོས།

དམག་དཔུང་གི་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་ཞིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་སྐོར་གཟིགས་ལས་དོན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་དམག་ཨུའི་ཀྲུའུ་ཞིའི་འགན་འཁྲི་ལམ་ལུགས་འགན་འཁྲི་གཙོ་བོར་འཛིན་རྒྱུ་ལག་བསྟར་གཏིང་ཟབ་ཏུ་གཏོང་རྒྱུ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་དང་། ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་རྒྱུ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་དམིགས་པ་གཏོད་རྒྱུ་བཅས་འབུར་དུ་བཏོན་ནས། ཏང་གི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་འཛུགས་སྐྱོང་བྱ་རྒྱུ་དང་དེ་བཞིན་རུལ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་རྒྱུ་སོགས་གཞིར་འཛིན་དམ་པོ་བྱས་ཏེ། བཀག་སྡོམ་ཁུལ་མེད་པ་དང་། ཀུན་ལ་ཁྱབ་པ། བཟོད་སྒོམ་སྤུ་ཙམ་མེད་པ་བཅས་རྒྱུན་འཁྱོངས་བྱེད་ཅིང་། ཚོད་འཛིན་ནན་མོ་དང་། ཟིལ་གནོན་དྲག་པོ། དུས་རྒྱུན་འཇིགས་ཟིལ་བཅས་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཆབ་སྲིད་བཤེར་འབེབས་གཏིང་ཟབ་གཏོང་བ་དང་། སྟོབས་ཤུགས་བསྒྲིལ་ནས་ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིང་། ཆབ་སྲིད་ཀྱི་“རྒྱང་སྙེག་གློག་སྒྲོན་”དང་“ཕྲ་མཐོང་ཆེ་ཤེལ་”གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས།

གཅིག ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་ཐུབ་པར་དམིགས་པ་གཏོད་ཅིང་། ཏང་གི་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་འདིང་རྒྱུ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་ནི་དམག་དཔུང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་རྨང་གཞིར་རག་ལས་པའི་གནད་དོན་གལ་ཆེན་ཞིག་རེད། ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་མ་ལག་ཁྲོད། རིམ་པ་མཐོ་ཤོས་དང་སྤྱི་འདོམས་གོ་གནས་བཟུང་ཡོད་པ་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནས་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་པ་དེ་ཡིན། རྩ་བའི་ལམ་ལུགས་ནི་ཏང་ཨུའི་གཅིག་གྱུར་གྱི་ཐུན་མོང་འགོ་ཁྲིད་འོག་གི་གཙོ་འཛིན་གྱིས་ལས་བགོས་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རྩ་བའི་བླང་བྱ་ནི་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་འཆང་བ་དེ་རེད། ཉེ་སྔོན་ལོ་ཤས་རིང་། ཀུའོ་པའོ་ཞུང་དང་། ཞུས་ཚའེ་ཧོའུ་ཏང་ལ་བློ་མི་དཀར་བས། དམག་ཨུའི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་དེ་ཉིད་དོན་གྱིས་སྟོང་པར་བྱས། རང་ཉིད་རྩ་འཛུགས་ཀྱི་གོང་དུ་བཞག་ནས་དམག་དོན་ཨུ་ལྷན་གྱི་ལས་བགོས་དེ་སྒེར་གྱི་སྟོབས་ཤུགས་མངའ་ཁུལ་དུ་བརྩིས་ཏེ། ཤོག་ཁག་སྒྲིག་པ་དང་མི་ལས་དགུ་ལས་བྱས། ཏང་གིས་མེ་མདར་བཀོད་འདོམས་བྱེད་པར་གནོད་སྐྱོན་ཚབས་ཆེན་བཟོས། དེ་ལྟ་བུའི་“རྟ་ཁྱུར་གནོད་པའི་རྟ་ངན་”ནི་མ་འོངས་པར་གཏན་ནས་འབྱུང་མི་རུང་ལ། བསླབ་བྱ་དེ་ལྟ་བུ་ནི་སླད་ཕྱིན་རྩ་བ་ནས་བརྗེད་མི་རུང་། ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་ན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་དེ་རྩ་བའི་ཆབ་སྲིད་ཀྱི་ལས་འགན་དུ་འཛིན་རྒྱུ་ངེས་པར་དུ་སྲ་བརྟན་དུ་གཏོང་བ་དང་། “འདུ་ཤེས་བཞི་”དང་“སྲུང་སྐྱོང་གསུམ་”ཆབ་སྲིད་ཀྱི་ཐིག་ཤིང་དུ་བཟུང་སྟེ། གནས་ཚུལ་ལ་ཞིབ་ལྟ་ནན་མོ་དང་། ཕྱོགས་ཡོངས་ནས་དམག་ཨུའི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གཏིང་ཟབ་བྱེད་ཅིང་། མཐོ་རིམ་ཏང་ཨུའི་ཚན་ཁག་དང་མཐོ་རིམ་ལས་བྱེད་པས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་པོ་མེད་པ་དང་། རང་དཔེ་གཞན་སྟོན་ལེགས་པོ་མི་བྱེད་པ་བཅས་ཕྱོགས་གསུམ་ཐད་ཀྱི་གཞི་རྩའི་གནད་དོན་ཤེས་རྟོགས་ཡོང་ཆེད་སྟོབས་ཤུགས་འདོན་དགོས་ཤིང་། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་དེ་ཉིད་མཐའ་གཅིག་དང་། ཁྱོན་ཡོངས། བྱེ་བྲག ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས་ཏེ། དམག་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་འགན་འཁུར་བ། ཀྲུའུ་ཞི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་ཡོང་བ་བྱེད་དུ་འཇུག་དགོས། མཐོ་རིམ་ཏང་ཨུའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཚུལ་ལ་ངེས་པར་དུ་གཟིགས་ཞིབ་གཏིང་ཟབ་བྱེད་དགོས་ཤིང་། “མི་སྒེར་གྱི་མངའ་ཁོངས་”བགོ་བ་དང་། རང་ས་རང་བདག་བྱེད་པ། “རི་མགོ་རིང་ལུགས་”སྤེལ་བ། “ཚོགས་པ་ཆུང་ཆུང་”སྒྲིག་པ་སོགས་ཀྱི་གནད་དོན་ཤེས་རྟོགས་ཡོང་ཕྱིར་ཤུགས་འདོན་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་བཀོད་སྒྲིག་རིམ་པ་རེ་རེ་བཞིན་དོན་འཁྱོལ་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་རྒྱུ། ངེས་པར་དུ་མཐོ་རིམ་ལས་བྱེད་པའི་ཆབ་སྲིད་ཀྱི་ལྷག་བསམ་ལྡན་ཚད་ལ་གཟིགས་ཞིབ་གཏིང་ཟབ་བྱེད་ཅིང་། “མགོ་གཉིས་མ་”དང་“ངོ་གཉིས་མ་”བྱེད་པ་དང་། བཀའ་ཕབ་ཀྱང་དོན་མི་སྒྲུབ་པ། བཀག་སྡོམ་བྱས་ཀྱང་མཚམས་མི་འཇོག་པ། དེ་བཞིན་“བྱ་སྒྲོ་གཅེས་སུ་འཛིན་པ།” འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པ་སོགས་ཀྱི་གནད་དོན་ཤེས་རྟོགས་ཡོང་ཕྱིར་ཤུགས་འདོན་དགོས། ལྷག་པར་དུ་ཏང་ལ་བློ་མི་དཀར་བའི་མིར་ཞིབ་འབྱེད་བྱས་ཏེ། མེ་མདའ་དེ་ཏང་ལ་ལྷག་བསམ་རྣམ་དག་དང་བློས་འཁེལ་བའི་མིའི་ལག་ཏུ་དམ་པོར་འཛིན་ཐུབ་པར་ཁག་ཐེག་བྱ་དགོས།

གཉིས། དམག་དཔུང་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་དམིགས་པ་གཏོད་པ་དང་། སྲོལ་ལེགས་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྱོང་བྱེད་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོར་བསྟན་དོན། ཏང་གི་འཛུགས་སྐྲུན་ནི་ཆབ་སྲིད་སྐྱེ་ཁམས་ཀྱི་རྨང་གཞི་ཡིན། ཆབ་སྲིད་སྐྱེ་ཁམས་ཀྱིས་ཏང་འཛུགས་སྐྱོང་གི་གྲུབ་འབྲས་ཕྱོགས་བསྡུས་སུ་མཚོན་གྱིན་ཡོད་པར་མ་ཟད། ཏང་གི་འཛུགས་སྐྲུན་ལ་ལྡོག་པའི་ནུས་པ་འདོན་བཞིན་ཡོད། ལས་ཁུངས་ཤིག་གི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོན་དམན་དང་ཆབ་སྲིད་སྐྱེ་ཁམས་བཟང་ངན་ཐད་མ་མཐའ་ཡང་ཐིག་ཤིང་གསུམ་ཡོད་པ་སྟེ། གཅིག་ནི་ཏང་ཨུ་ཚན་ཁག་གི་ཆབ་སྲིད་འཚོ་བའི་གནས་ཚུལ་དང་། གཉིས་ནི་མི་འདེམས་སྤྱོད་བྱེད་པའི་ཆབ་སྲིད་ཀྱི་ཁྲིད་ཕྱོགས། གསུམ་ནི་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་གནས་སྟངས་བཅས་ཡིན། ལོ་འགའི་སྔོན་གྱི་དམག་དཔུང་གི་སྐོར་གཟིགས་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་བལྟས་ཚེ། ལས་ཁུངས་ཁ་ཤས་ཀྱི་ཏང་ཨུས་ཏང་འཛུགས་སྐྱོང་ཐད་དམ་འཛིན་ནན་པོ་མི་བྱེད་པ་དང་། ཚད་གཞི་མཐོན་པོ་མེད་པ། ལ་ལས་མི་འདེམས་སྤྱོད་བྱེད་པའི་འགག་སྒོ་ནན་པོར་སྲུང་མ་ཐུབ་པའི་དབང་གིས་ལས་བྱེད་པ་ཉུས་ཤས་ལ་སྐྱོན་ཡོད་བཞིན་བསྐོ་འཐེན་བྱས་ལ། ད་དུང་འགོ་ཁྲིད་ལས་བྱེད་པའི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་འཁྱོངས་མེད་པ་དང་ཐ་ན་ཁྲིམས་འགལ་ལུགས་དཀྲུག་བྱེད་བཞིན་ཡོད། འདི་ལས་གསལ་པོ་བསྟན་པ་ནི། མིག་སྔའི་དམག་དཔུང་གི་ཆབ་སྲིད་སྐྱེ་ཁམས་ཉིད་སྤྱིའི་ཆ་ནས་བསྐྱར་བཞེངས་ཐུབ་ཡོད་མོད། འོན་ཀྱང་རི་སྔོ་ཆུ་དྭངས་དང་དུས་བདེ་ཞོད་འཇགས་ཀྱི་ཚད་དུ་སླེབས་མི་འདུག དམག་དཔུང་གི་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཞིབ་བསྡུར་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་བྱེད་པའི་རྩ་བ་ཉིད་འབུར་དུ་འདོན་ཞིང་། སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ལ་ཁྱོན་ཡོངས་ནས་ཆབ་སྲིད་ཀྱི་གཟུགས་དཔྱད་བྱེད་དགོས། གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱེད་དགོས་ས་ནི། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལམ་སྲོལ་ནན་སྲུང་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་དང་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་བཅས་ཀྱི་གནས་ཚུལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པའི་གནས་ཚུལ། ཏང་ཨུས་འགོ་ཁྲིད་ནས་དམག་རྒྱག་ལ་གྲ་སྒྲིག་བྱེད་པའི་གཙོ་འགན་དང་གཙོ་ལས་ཀྱི་གནས་ཚུལ། “སྤྱོད་ཚུལ་བཞི་”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་བཅོས་སྐྱོང་གི་གནས་ཚུལ། དེ་བཞིན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན་དང་གཞི་རིམ་གྱི་རུལ་སུངས་ཙག་ཙིག་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་བཅས་དང་། དེར་བརྟེན་ནས་སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་དག་ཐེར་ནན་ཏན་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། མི་འདེམས་སྤྱོད་ཀྱི་ཕྱོགས་སྟོན་འདི་ལ་དམ་པོར་དམིགས་ཏེ། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་གི་ལས་བྱེད་པ་དོ་དམ་བྱེད་པའི་རྩ་དོན་གཙོད་གནད་དུ་བཟུང་ནས་ཞིབ་བཤེར་བྱེད་པ་དང་། དམག་དཔུང་གི་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་འཁྱོལ་བྱེད་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་འཇོན་ཐང་ཅན་བསྐོ་འཇོག་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་མི་འདེམས་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ་སོགས་ཀྱི་གནས་ཚུལ། གྱོད་འབྲེལ་ཚོགས་འབྲེལ་མི་སྣ་བཀོལ་སྤྱོད་བྱས་ཡོད་མེད་དང་། གཉེན་ཉེ་ཁོ་ན་བསྐོ་གཞག་དང་ཐོབ་རག་གསོལ་འདེབས་བྱས་ཡོད་མེད། རང་ཉིད་ཇུས་འགོད་དང་ལོ་རྒྱུས་མཛེས་བཟོ་བྱས་ཡོད་མེད་སོགས་ཀྱི་གནད་དོན་དང་། དེར་བརྟེན་ནས་གོམ་གང་མདུན་སྤོས་ཀྱིས་སྐོར་གཟིགས་བྱ་ཡུལ་ལས་ཁུངས་ཀྱི་ཏང་ཨུའི་འགོ་ཁྲིད་ཚན་པའི་འཛུགས་སྐྱོང་དང་ཆབ་སྲིད་སྐྱེ་ཁམས་ལ་གདེང་འཇོག་བྱས་པའི་གནས་ཚུལ་བཅས་ཡིན། འགོ་ཁྲིད་ལས་བྱེད་པ་ཞེས་པའི་“འགག་རྩའི་ཉུང་ཤས་”དམ་འཛིན་བྱས་ཏེ། མཐོ་རིམ་ལས་བྱེད་པའི་ཆབ་སྲིད་ཀྱི་དད་མོས་དང་། སྒྲིག་སྲུང་སྲོལ་བརྩི། ནུས་པའི་ཆུ་ཚད། གོང་གིས་འོག་ལ་སྣེ་ཁྲིད་སོགས་ཐད་ཀྱི་དངོས་ཡོད་རྣམ་འགྱུར་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་“སྣེ་འདྲེན་ཕན་འབྲས་”འདོན་སྤེལ་བྱེད་པར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་ཅིང་། འགོ་ཁྲིད་ལས་བྱེད་པ་གཙོ་བོར་ལྟ་སྐུལ་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས།

གསུམ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བར་དམིགས་པ་གཏད་དེ། ཏང་བདག་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་བརྟན་པོར་འཛིན་དགོས། དམག་དཔུང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དོན་འཁྱོལ་བྱེད་དགོས་ན། ངེས་པར་དུ་ཏང་རྩ་འཛུགས་རིམ་པ་ཁག་དང་ལྷག་པར་དུ་མཐོ་རིམ་ཏང་རྩ་འཛུགས་ལ་རྩེ་གཅིག་ཏུ་བརྟེན་ཞིང་། ཏང་ཨུའི་བྱེད་པོའི་འགན་འཁྲི་འདོན་སྤེལ་ཏན་ཏིག་བྱེད་དགོས་ལ། རིམ་པ་རེ་རེ་བཞིན་དམ་འཛིན་དང་། རིམ་པ་རེ་རེ་བཞིན་སྐུལ་ཁྲིད། རིམ་པ་འོག་མ་འོག་མར་གནོན་ཤུགས་བརྒྱུད་སྤྲོད་བྱེད་དགོས། དེ་སྔོན་ལོ་ཤས་རིང་གི་གནས་ཚུལ་ལ་བལྟས་ན། ལས་ཁུངས་དང་སྡེ་ཚན་འགའ་ཞིག་ཏུ་རུལ་སུངས་ཀྱི་གནད་དོན་འབྱུང་སླ་ལ་བྱུང་མང་བ་དང་། ད་དུང་ལས་བྱེད་མི་སྣ་འགའ་ཞིག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྔར་བཞིན་མཚམས་མི་འཇོག་པ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་འཐུས་ཤོར་དང་། འགན་འཁྲི་རྩད་གཅོད་ལ་བྱེད་ནུས་མི་ལྡན་པས་རེད། དམག་དཔུང་གི་སྐོར་གཟིགས་ཀྱི་མངག་གཏོང་བྱེད་པོ་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་དཔུང་དམག་རིགས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་ཨུ་ཡིན། ལྟ་སྐུལ་བྱ་ཡུལ་གཙོ་བོ་ནི་འོག་རིམ་ཏང་ཨུ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡིན། དམག་དཔུང་གི་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་དགོས་ན། ངེས་པར་དུ་ཏང་ཨུའི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུའི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ཡོང་བར་ལྟ་སྐུལ་སློབ་སྟོན་བྱེད་དགོས། ཏང་ཨུ་ཧྲུའུ་ཅིས་འགན་འཁུར་མཁན་དང་པོ་ཡག་པོར་བྱེད་དགོས་པ་དང་། རིམ་པ་ཁག་གིས་རང་སོ་སོའི་“འགན་འཁྲིའི་ཞིང་ས་”ཡག་པོར་འདེབས་པ་ལ་ལྟ་སྐུལ་སློབ་སྟོན་བྱེད་དགོས། ཏང་ཨུའི་འགོ་ཁྲིད་ཚན་པས་དོ་དམ་གཟབ་ནན་ཏན་ཏིག་བྱེད་པ་དང་། དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་ནན་མོ་བྱེད་རྒྱུ་བཅས་མི་འདང་བ་དང་། གནས་ཚུལ་ཤེས་ནའང་དྲན་སྐུལ་རོགས་རམ་མི་བྱེད་ཅིང་། མི་བཙན་པོ་དང་འཐབ་ཐུག་མི་བྱེད་པ། ཐ་ན་ངན་ལང་དུ་གཏོང་བ་དང་ཞན་ཆ་འགེབས་སྲུང་བྱེད་པའི་གནད་དོན་ལ་ཞིབ་བཤེར་ཡོ་བསྲང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་བདག་སྐྱོང་བྱེད་རྒྱུ་དེ་ཡངས་ལྷོད་མཉེན་གསུམ་ནས་ནན་དངོས་བཙན་གསུམ་གྱི་ཕྱོགས་སུ་བཙན་གྱིས་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་“མེ་ལོང་”འདི་ཉིད་བེད་ཡག་པོ་སྤྱད་དེ། དེའི་ཁྲོད་ནས་རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་དང་། འགན་འཁྲིའི་མཇུག་སྣེ་དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་གནང་དགོས་པ་མ་ཟད། ད་དུང་གཞི་རིམ་གྱི་གནད་དོན་བརྒྱུད་དེ་གོང་རིམ་ཏང་ཨུའི་འཛུགས་སྐྲུན་གྱི་ཧེ་བག་དང་མི་འདང་བའི་ཆར་ལྡོག་ལྟ་བྱེད་ཅིང་། དེར་དམིགས་ས་ཡོད་པའི་སྒོ་ནས་ལས་དོན་ལེགས་བཅོས་བྱེད་པར་ལྟ་སྐུལ་སློབ་སྟོན་བྱེད་དགོས། འགན་འཁྲི་བདའ་འདེད་ཀྱི་མཚོན་ཆ་ལེགས་པོ་སྤྱོད་དགོས། ཤེས་རྟོགས་བྱུང་བའི་གནད་དོན་དག་ཆབ་སྲིད་ཀྱི་མཐོ་ཚད་ནས་དབྱེ་ཞིབ་བྱེད་མཁས་པོ་དང་། མཐོ་རིམ་ཏང་ཨུའི་ཚན་པའི་ཁྲོད་ནས་རྒྱུ་རྐྱེན་འཚོལ་དགོས་ལ། གནད་དོན་གྱི་ངོ་བོ་དང་དེ་བཞིན་རིམ་པ་གང་ཞིག་དང་མི་གང་གི་འགན་འཁྲི་ཡིན་པ་བཅས་ལ་དབྱེ་འབྱེད་ཡང་དག་པ་བྱེད་ཅིང་། དངོས་དོན་ཐོག་འགན་འཁྲི་དེ་བྱེ་བྲག་གི་ལས་ཁུངས་དང་བྱེ་བྲག་གི་མིའི་ལུས་སྟེང་དུ་འགེལ་དགོས། སྐོར་གཟིགས་བཤུག་སྤྲོད་ཀྱི་གནད་དོན་གྱི་གཞི་རྐྱེན་ཞིབ་དཔྱད་དང་ཐག་གཅོད་བྱས་པ་ནན་ཏན་མིན་ཞིང་། གནད་དོན་དག་ཐེར་བཅོས་སྐྱོང་བྱས་པ་གནད་ལ་མི་འཁེལ་བ་ལ། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་བདའ་འདེད་ནན་པོ་གཏོང་བར་སྐུལ་འདེད་བྱེད་ཅིང་། མུ་མཐུད་དུ་ཏང་བདག་སྐྱོང་གི་འགན་འཁྲིའི་“གཅུས་གཟེར་”དམ་པོ་གཅུ་དགོས།

གསུམ་པ། བྱེད་ཐབས་སྔར་ལས་ནུས་ལྡན་ལ་བརྟེན་ནས་དམག་དཔུང་གི་ཆབ་སྲིད་སྐོར་གཟིགས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས།

ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་ཏུ་སྤེལ་དགོས་ན། གནད་དོན་ཤེས་རྟོགས་བྱ་རྒྱུ་དེ་སྲོག་རྩ་རུ་འཛིན་པ་དང་། གནད་དོན་ཐག་གཅོད་བྱེད་རྒྱུ་ལ་སྐུལ་འདེད་གཏོང་བ་དེ་རྐང་འཛུགས་ས་བྱེད་ཅིང་། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་ནན་པའི་བླང་བྱ་གཞིར་བཟུང་སྟེ། སྐོར་གཟིགས་ལས་ཀའི་བྱེད་ཤུགས་དང་། རྣོ་ཚད། སྤུས་ཚད་བཅས་ཇེ་མཐོར་གཏོང་ལ། ཐོག་མཐའ་བར་གསུམ་དུ་རལ་གྲི་རྣོན་པོ་མཐོ་རུ་འདེགས་པ་དང་། ཟིལ་ཤུགས་རྒྱུན་དུ་གནས་པར་བྱས་ཏེ། དངོས་འབྲེལ་ཐོག་ཏང་ནང་ཁུལ་དུ་ལྟ་སྐུལ་གྱི་ཆབ་སྲིད་ཕན་ནུས་ལེགས་པོ་འདོན་དགོས།

གཅིག་ནི་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་གནང་དགོས། སྐོར་གཟིགས་ནི་ལག་ལེན་རང་བཞིན་དང་གསར་གཏོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་ལས་ཀ་ཞིག་ཡིན། དེ་ལ་རིམ་བཞིན་ཚད་ལྡན་གྱི་ལམ་ལུགས་དང་ལམ་སྲོལ་འཛུགས་དགོས་པ་མ་ཟད། ད་དུང་གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཟམ་མི་ཆད་པར་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས། སྐོར་གཟིགས་དང་སྐོར་བཤེར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་དཔུང་དམག་རིགས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ནས་གོང་འོག་མཉམ་འགུལ་དང་། ལུགས་མཐུན་མཐུད་སྦྲེལ་བྱེད་པའི་སྐོར་གཟིགས་ལས་ཀའི་འཁོར་སྐྱོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། འབྲེལ་ཡོད་འཐབ་ཁུལ་གཞོན་པའི་རིམ་པ་དང་ཅུན་རིམ་པའི་སྡེ་ཚན་གྱི་ཏང་ཨུས་སྐོར་བཤེར་ལམ་ལུགས་འཛུགས་པ་དང་། སྐོར་བཤེར་ལས་དོན་སྤེལ་ཏེ། འཕྲེད་ཀྱི་མཐའ་ལ་ཐུག་པ་དང་། གཞུང་གི་མཐིལ་ལ་ཐུག་པ། ཁྱོན་ཡོངས་ལ་ཁེབས་པའི་ལངས་གཟུགས་ཅན་གྱི་ལྟ་སྐུལ་དྲ་བ་མགྱོགས་པོར་འཛུགས་དགོས། ལས་ཀའི་མཐུན་སྦྱོར་དང་གཞོགས་འདེགས་ཀྱི་སྒྲིག་ལུགས་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གི་སྐོར་གཟིགས་ལས་ཁུངས་དང་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་ཅིང་། ཕན་ཚུན་རྒྱབ་སྐྱོར་དང་མཉམ་དུ་བརྩོན་པ་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ། ཧུར་ཐག་སྒོས་སྐོར་གཟིགས་ལྟ་སྐུལ་གྱི་འགྲིལ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། སྐོར་གཟིགས་ལྟ་སྐུལ་གྱི་རྩ་འཛུགས་རྣམ་པ་གསར་གཏོད་བྱེད་དགོས་ཏེ། རྒྱུན་གཏན་སྐོར་གཟིགས་དང་ཆེད་དོན་སྐོར་གཟིགས་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། དམག་ཨུའི་ཐབས་ཇུས་གལ་ཆེན་གྱི་རྗེས་སུ་དམ་པོར་སྙེག་ནས་“རྗེས་འདེད་རྣམ་པའི་”སྐོར་གཟིགས་རྩ་འཛུགས་བྱེད་པ་དང་། སྣང་འཇོག་ཆེ་བའི་གནད་ཆེའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་“གནད་འཁེལ་རྣམ་པའི་”སྐོར་གཟིགས་རྩ་འཛུགས་བྱེད་པ། གནད་དོན་དག་ཐེར་དང་ལེགས་བཅོས་བྱེད་ཚུལ་ལ་དམིགས་ནས་“ལྟ་སྐུལ་བརྟག་དཔྱད་རྣམ་པའི་”སྐོར་གཟིགས་རྩ་འཛུགས་བྱེད་པ་བཅས་ཀྱི་ཐོག་ནས། སྐོར་གཟིགས་ལྟ་སྐུལ་གྱི་“ཐབས་མང་མཉམ་སྤྱོད་དྲག་རྩལ་”ཡག་པོར་རྒྱག་དགོས་། བྱེད་སྟངས་དང་བྱེད་ཐབས་ལེགས་བཅོས་ཧུར་ཐག་བྱེད་དགོས་པ་དང་། སྐོར་གཟིགས་ལས་དོན་སྲོལ་ཡིག་ནང་གཏན་འབེབས་བྱས་པའི་ལྟ་སྐུལ་བྱེད་སྟངས་བེད་སྤྱོད་ཡག་པོ་བྱེད་ཅིང་། ཕྱོགས་གསུམ་པའི་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐོར་གཟིགས་ཀྱི་རམ་འདེགས་ལས་ཀ་ལེགས་པོ་སྒྲུབ་དགོས་ལ། དུས་ཐོག་ཏུ་ནུས་ལྡན་དང་གོ་ཆོད་པའི་ལེགས་བཅོས་བྱེད་ཐབས་དག་ཕྱོགས་བསྡོམས་བྱེད་པ་དང་སྲ་བརྟན་གཏོང་དགོས།

གཉིས་ནི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་དགོས། སྐོར་གཟིགས་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་རྣམས་དག་ཐེར་མ་བྱས་པ་དང་ཐག་གཅོད་མ་བྱས་ཚེ། སྐོར་གཟིགས་མི་བྱེད་པ་ལས་ཀྱང་ཤུགས་རྐྱེན་ངན་པ་ཡོད། སྐོར་གཟིགས་སྙན་ཞུ་ལེགས་པོར་སྒྲུབ་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་“བྱུགས་རྫས་མི་སྣོན་པ་དང་། ཇི་མ་ཇི་བཞིན། ཁ་གསལ་གཏིང་གསལ། གནད་འགག་ཐད་སྟོན་”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། དུས་ཐོག་ཏུ་སྐོར་གཟིགས་བྱ་ཡུལ་ལས་ཁུངས་ཀྱི་ཏང་ཨུ་ལ་ལན་སྤྲད་དེ་དག་ཐེར་ལེགས་བཅོས་དུས་ཚད་དང་ཚད་གཞིའི་བླང་བྱ་ཁ་གསལ་བཟོ་དགོས། གནད་དོན་གལ་ཆེན་རྣམས་ཐད་ཀར་འགོ་ཁྲིད་པ་གཙོ་བོར་བཤད་དགོས། གནད་དོན་དག་ཐེར་ལྟ་ཞིབ་རྩིས་ཐོའི་དོ་དམ་ལམ་ལུགས་འཛུགས་པ་དང་། སྐོར་གཟིགས་དག་ཐེར་གནས་ཚུལ་ཡོངས་བསྒྲགས་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་འོས་འཚམ་གཏོང་ཞིང་། རེ་རེ་ལ་རྗེས་སྙེག་ལྟ་སྐུལ་དམ་འཛིན་ཡག་པོ་བྱས་ནས་“ལས་ཀ་སོ་སོ་དོན་ཐོག་ཏུ་འབབ་པ་”ལ་ཁག་ཐེག་བྱེད་དགོས། གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ལྟར་ལས་བགོས་བྱེད་པ་དང་དབང་ཚད་ལ་དོ་དམ་བྱེད་ཅིང་། སྐོར་གཟིགས་ཀྱི་འབྲེལ་ཡོད་གནས་ཚུལ་དང་སྒྲུབ་གཉེར་ལས་སྣ་རིགས་དབྱེ་བྱས་ཏེ་འབྲེལ་ཡོད་ཀྱི་འགན་ནུས་སྡེ་ཚན་ལ་བཤུག་སྤྲོད་བྱེད་དགོས། ལྷག་པར་དུ་སྐོར་གཟིགས་མཇུག་འབྲས་དེ་ཉིད་ཏང་ཨུའི་འགོ་ཁྲིད་ཚན་པར་དཔྱད་ཞིབ་དང་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱེད་པའི་གཞི་འཛིན་ས་གཙོ་བོ་བྱེད་དགོས། སྐོར་གཟིགས་བྱེད་ཐེངས་རེ་རེའི་རྗེས་སུ། ད་དུང་ཡོངས་ཁྱབ་རང་བཞིན་དང་། ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་ནན་ཏན་གྱིས་དབྱེ་ཞིབ་བྱེད་པ་དང་། འབྱུང་རྩའི་ནད་རོ་ཡང་དག་པར་འཚོལ་བ། འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་བརྡ་ཁྱབ་གཏོང་བ་བཅས་བྱས་ཏེ། རྩ་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་སྔར་བས་ལེགས་པ་འདོན་དགོས།

གསུམ་ནི་སྐོར་གཟིགས་དཔུང་ཁག་ལ་ཤུགས་སྣོན་རྒྱག་དགོས། སྐོར་གཟིགས་དཔུང་ཁག་ནི་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་སྒྲིག་བསྟར་བྱེད་པའི་གྲལ་མགོའི་དམག་མི་ཡིན་ཏེ། དེའི་ལས་ཀ་ནི་ལྟ་སྐུལ་བྱེད་པའི་ལས་ཀ་ཡིན་ལ། མི་ལ་ཕོག་ཐུག་གཏོང་བའི་ལས་ཀ་རང་ཡིན་པས། ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཚད་མཐོའི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཡོད་དགོས། སྐོར་གཟིགས་དཔུང་ཁག་གི་ཏང་གཤིས་ཀྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་བློ་དཀར་གཤིས་རྒྱུད་གྲུབ་པར་བྱེད་ཅིང་། ཆབ་སྲིད་ཀྱི་བརྟན་ཤུགས་དང་། སྒྲིག་ཁྲིམས་ཀྱི་བརྟན་ཤུགས། ཀུན་སྤྱོད་ཀྱི་བརྟན་ཤུགས། རུལ་འགོག་གི་བརྟན་ཤུགས་བཅས་ཆེ་རུ་བཏང་སྟེ། ཆབ་སྲིད་ཐོག་མཐའ་གཅིག་ཏུ་བློས་འཁེལ་ཆོག་པ་དང་། མཐའ་གཅིག་ཏུ་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས། སྐོར་གཟིགས་དཔུང་ཁག་གི་རྩ་དོན་རང་བཞིན་དང་འཐབ་འཛིང་རང་བཞིན་ཆེ་རུ་གཏོང་དགོས་ཏེ། རལ་གྲི་འཕྱར་ཕོད་པ་དང་། མཁྲེགས་པོར་བརྡབ་ཕོད་པ། “པའོ་ཀུང་གདོང་ནག་”བྱེད་ཕོད་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཞུམ་མེད་མདུན་སྐྱོད་ཀྱི་འཐབ་འཛིང་སྤྱོད་ཚུལ་འཛིན་དགོས། སྐོར་གཟིགས་དཔུང་ཁག་གི་སྒྲིག་ལམ་དང་ལུགས་སྲོལ་གྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས་ཏེ། བློ་ཐག་རྦད་བཅད་ཀྱི་སྒོ་ནས་སྲིད་ཇུས་ཀྱི་སྒྲིག་རིམ་དང་ལུགས་སྲོལ་ལྟར་ལས་ཀ་སྒྲུབ་པ་དང་། བསྒྲུབ་དགོས་རིགས་ཀྱི་འགྲོ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། བརྩི་དགོས་རིགས་ཀྱི་ལམ་ལུགས་བརྩི་སྲུང་ནན་པོ་བྱེད་དགོས། ལས་དོན་གྱི་དགོས་མཁོ་དང་། ལས་འགན་གྱི་དགོས་བྲེལ། འགན་བསྟར་གྱི་དགོས་ངེས་བཅས་ལ་དམིགས་ཏེ། སྐོར་གཟིགས་དཔུང་ཁག་གདམ་ག་ཡང་དག་དང་སྟོབས་ལྡན་བཀོད་སྒྲིག་བྱེད་པ་དང་། ལས་སྒོའི་སྦྱོང་བརྡར་དང་ལག་ལེན་གྱི་སྦྱོར་བརྡར་ལ་ཤུགས་སྣོན་རྒྱག་ཅིང་། སྐོར་གཟིགས་ལས་བྱེད་པས་སྲིད་ཇུས་ཁོང་དུ་ཆུད་པ་དང་། གནད་དོན་གསར་རྙེད་ཐུབ་པ། དབྱེ་ཞིབ་དང་ཞིབ་འཇུག་སོགས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། སྐོར་གཟིགས་ལས་བྱེད་པའི་ལས་ཀ་དང་འཚོ་བ་དང་། འཚར་ལོངས་དང་ཡར་ཐོན་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ལ། ཁོང་ཚོའི་ལས་རྒྱབ་སེམས་ཁྲལ་ཐག་གཅོད་ལེགས་པོ་བྱེད་དགོས་ལ། ཁོང་ཚོའི་གཟི་བརྗིད་ཀྱི་སྣང་བ་དང་། ཐོབ་རག་གི་སྣང་བ། བདག་ཅན་གྱི་སྣང་བ་བཅས་ཇེ་མཐོར་བ་གཏོང་བ་དང་། སྐོར་གཟིགས་དཔུང་ཁག་གི་སྐྱེས་སྟོབས་དང་གསོན་ཤུགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། སྐོར་གཟིགས་འགན་འཁྲི་ཚེ་གང་པོར་བདའ་འདེད་བྱེད་པའི་ལམ་ལུགས་འཚོལ་ཞིབ་དང་གསར་འཛུགས་བྱས་ཏེ། གྲི་ཁ་ནང་ལ་བསྐོར་ཕོད་པ་དང་། རང་ལ་“སྡོམ་ཐག་དམ་པོས་གཅུན་པ།” “སྒྲོན་འོག་གི་མུན་པ་”ནན་འགོག་བྱེད་པ། གནད་དོན་བྱུང་ཚེ་ངོ་ཚ་མི་འགེབས་པ་དང་ངན་པ་མི་སྲུང་བ་བྱེད་དགོས། འཇིགས་པ་མེད་པའི་ཧམ་ལས་མཁན་དང་། ཁྲིམས་འགལ་ལུགས་དཀྲུག་བྱེད་མཁན་ལ། “སྒྲིག་བསྟར་སྒྲིག་འགལ་གཏོང་མཁན་ལ་ཁྲིམས་ཆད་གཞན་ལས་ལྕི་བ་གཅོད་པ་དང་། ཁྲིམས་བསྟར་ཁྲིམས་འགལ་གཏོང་མཁན་ལ་ཉེས་ཆད་ཁ་སྣོན་རྒྱག་པའི་”རྩ་དོན་གཞིར་བཞག་སྟེ། བློ་ཐག་རྦད་བཅད་ཀྱིས་“ཁྱིམ་ནང་གཙང་བཤེར་”བྱས་ཏེ། སྐོར་གཟིགས་ཀྱི་ལྟ་སྐུལ་དབང་ཆ་གང་བྱུང་མི་སྤྱོད་པ་དང་། སྡིག་སྤང་དགེ་སྒྲུབ་ཀྱི་རལ་གྲི་མི་ནུབ་པར་ཁག་ཐེག་བྱེད་དགོས།

རྟ་མགྲིན་སྐྱབས་ཀྱིས་བསྒྱུར།