མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་ཡི་བྱ་འགུལ་སྤེལ།

སྟོན་ཟླ་དགུ་པའི་ནང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་དང་རིགས་སོ་སོའི་གུང་གཞོན་ཚོགས་མིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླའི་བྱ་འགུལ་རྒྱ་ཆེར་སྤེལ།

ཟླ་དགུ་པའི་ཟླ་སྟོད་དུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭ་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗོད་དོན་རུ་ཁག་ཉིན་མོའི་བྱ་འགུལ་སྤེལ་བ་མ་ཟད། བྱིས་པ་ཚོར་རིན་ཐང་སྒོར་སྟོང་གསུམ་གྱི་དཔེ་ཁུག་དང་ཚིག་མཛོད་སོགས་སློབ་སྦྱོང་ཡོ་ཆས་བྱིན། ཟླ་དགུ་པའི་ཟླ་སྟོད་དུ། གུང་གཞུང་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིསམཚོ་ཤར་གྲོང་ཁྱེར་ཕེན་ཨན་གྲོང་བརྡལ་ལྟེ་གནས་སློབ་གྲྭ་ནས་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ཆུང་བ་བྱེད་པའི་བརྗོད་དོན་རུ་ཁག་སློབ་ཁྲིད་བྱ་འགུལ་སྤེལ་ནས། བྱིས་པ་ཚོར་རིན་ཐང་སྒོར་སྟོང་གསུམ་གྱི་དཔེ་ཆ་དང་སློབ་སྦྱོང་ཡོ་ཆས་བྱིན། བྱ་འགུལ་སྐབས་སུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་བཅོ་བརྒྱད་པའི་ཁོངས་མི་རྩ་འཛུགས་བྱས་ནས་ཕེན་ཨན་ཆུའུ་ཀྲུང་ལུགས་སྨན་ཁང་དུ་མང་ཚོགས་ཉིས་བརྒྱ་ལྷག་ལ་འོས་འགན་སྨན་བཅོས་ཞབས་ཞུ་སྤེལ། ཟླ་དགུ་པའི་ཟླ་སྨད་དུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་སློབ་ཆེན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་སློབ་རར་སྐྱོད་པའི་བྱ་འགུལ་སྤེལ་ནས། རིགས་སོ་སོའི་སློབ་མའི་བརྩོན་སེམས་དང་གསར་གཏོད་རང་བཞིན་ཆེར་སྐྱེད་པ་དང་། མི་རིགས་རིག་གནས་འགྲེམ་སྟོན་དང་མི་རིགས་ཡིག་རིག་འགྲེམ་སྟོན། མི་རིགས་རིག་རྩལ་འགྲེམ་འཁྲབ། མི་རིགས་མཐུན་སྒྲིལ་བརྗོད་དོན་གློག་བརྙན་གཏོང་བ། བརྙན་རིས་བསྡུ་རུབ། ཤེས་བྱ་འགྲན་བསྡུར་སོགས་མུ་འབྲེལ་བྱ་འགུལ་སྤེལ་བ་དང་། སློབ་མ་སྟོང་ལྔ་ལྷག་བྱ་འགུལ་ལ་ཞུགས་ལ། དགེ་སློབ་ཚོའི་ཁྲོད་ཚུར་སྣང་ཆེན་པོ་ཐོབ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་དང་བསམ་བློ། ཁྲིམས་སྐྱོང་། དྲ་རྒྱའི་སློབ་གསོ་འདྲེན་བྱེད་དུ་བྱས་ཏེ། ན་གཞོན་སློབ་མས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗོད་དོན་རུ་ཁག་སློབ་ཁྲིད་བྱ་འགུལ་སྤེལ་བ་དང་། གཅིག་བསྡུས་སྒོས་མིག་སྔའི་མཚོ་སྔོན་གནས་ཚུལ་སྐོར་གྱི་བརྙན་རིས་ལ་བལྟས་པ་མ་ཟད། མཚོ་ལྷོ་དང་ཅང་སུའུ་ཡི་དབྱར་སྒར་བྱ་འགུལ་སྤེལ་ལ། ན་གཞོན་ལོ་ཆུང་ཁྲི་བཞི་ལྷག་དེའི་ཁྲོད་ཞུགས།

གུང་གཞོན་ཚོགས་པ་རྨ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གིས་རེབ་གོང་ཐང་ཆེན་ནས་རྒྱལ་སྟོན་དུས་ཆེན་བསུ་བ་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་བདེ་འཇགས་ལ་འགན་སྲུང་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། རིགས་མི་འདྲ་བའི་དྲིལ་སྒྲོག་ཡིག་ཆ་བརྒྱད་བརྒྱ་ལྷག་བཀྲམས་པ་དང་། བདེ་འཇགས་དཔེ་ཁུག་སྟེར་བའི་བྱ་འགུལ་སྤེལ་ནས། རིན་ཐང་སྒོར་འབུམ་བཞི་དང་ཁྲི་བདུན་སྟོང་དྲུག་ལྷག་གི་བདེ་འཇགས་དཔེ་ཁུག་སྟོང་གཉིས་བྱིན།

གུང་གཞོན་ཚོགས་པ་མགོ་ལོག་ཁུལ་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་སྐབས་བཞི་བ་དང་དམངས་ཡོངས་ཀྱི་གྱེར་འདོན་འགྲན་བསྡུར་སྐབས་གཉིས་པ། མགོ་ལོག་གི་ན་གཞོན་མཐུན་འབྲེལ་རྒྱུག་རེ་བྱ་འགུལ་བཅས་སྤེལ་ནས། སྲོལ་རྒྱུན་རིག་གནས་དང་རིག་གནས་ལུས་རྩལ་བྱ་འགུལ་བརྒྱུད་དེ་ཀྲུང་ཧྭ་མི་རིགས་དང་རབ་མཛེས་མཚོ་སྔོན་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས།

གུང་གཞོན་ཚོགས་པ་ཡུས་ཧྲུའུ་ཁུལ་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིག་དར་སྤེལ་བཏང་སྟེ། མཉམ་དུ་བསམ་པའི་ཁྱིམ་གཞི་བསྐྲུན་པའི་ན་གཞོན་འཆད་སྟེགས་གཏམ་རྒྱུད་མཉམ་སྤྱོད་བྱ་འགུལ་སྤེལ་ནས། ཉེ་འགྲམ་གྱི་ཕུལ་བྱུང་ན་གཞོན་གྱི་དཔེ་མཛོན་ལག་རྗེས་བཤད་པ་བརྒྱུད་དེ་རིགས་སོ་སོའི་ན་གཞོན་ཚོ་རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་བཏང་།

དེ་ལས་གཞན། མཚོ་སྔོན་དགེ་ཐོན་སློབ་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་སློབ་གླིང་བཅུ་བདུན་རྩ་འཛུགས་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗོད་དོན་ཚོགས་པ་ཉིན་མོའི་བྱ་འགུལ་སྤེལ། མཚོ་སྔོན་མི་རིགས་སློབ་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་སློབ་ཆེན་སློབ་མའི་སྐད་གཉིས་དང་བླངས་ཞབས་ཞུའི་ཚོགས་པ་བཙུགས་ནས། མཚོ་སྔོན་ཞིང་ཆེན་གྱི་འགྲན་ཚོགས་ཆེ་རིགས་དང་ཞབས་ཞུ་ལས་ཁུངས། མི་རིགས་ས་ཁུལ་བཅས་སུ་དང་བླངས་ཞབས་ཞུ་འདོན་སྤྲོད་བྱས།