ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་གུང་གསེང་བརྡ་སྦྱོར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས2018ལོའི་དུས་ཆེན་གྱི་གུང་གསེང་ཉིན་མོ་བཀོད་སྒྲིག་ཐད་ཀྱི་བརྡ་སྦྱོར་གཞིར་བཟུང་། སྤྱི་ཟླ9པའི་ཚེས22ཉིན་ནས་བཟུང་བསྟུད་མར་ཉིན་གསུམ་ལ་ཟླ་མཆོད་དུས་ཆེན་གྱི་གུང་གསེང་གཏང་རྒྱུ། ཟླ10ཚེས1ཉིན་ནས་ཚེས7ཉིན་བར་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་བསྡོམས་པས་ཉིན7ལ་གཏང་རྒྱུ་རེད། ཟླ9པའི་ཚེས29ཉིན(གཟའ་སྤེན་པ།)དང་ཟླ9པའི་ཚེས30ཉིན(གཟའ་ཉི་མ།)ལ་ལས་ཚོགས་སུ་ཞུགས་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་ནས།

2018ལོའི་ཟླ9པའི་ཚེས18ཉིན་ལ།

ལོ་ཙཱ་བ། ལྷ་ཆེན་རྒྱལ།