ལྷ་སར་ཞོ་སྟོན་དགའ་གཏོང་བྱས་པ།

མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་8ཚེས་11ནས་17ཉིན་བར་ལྷ་སར་ཞོ་སྟོན་གྱི་ངལ་གསོ་ཉིན་བདུན་བཞག་ཅིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ཁྲོམ་ར་བསྐོར་བ་དང་། སྤྱི་གླིང་དུ་བསྐྱོད་པ། འཁྲབ་སྟོན་ལ་ལྟ་བ་བཅས་བྱས་ནས་ལྷ་ས་གྲོང་ཁྱེར་ཉིད་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཞོ་སྟོན་རིང་ནི་བོད་དུ་ཡུལ་སྐོར་བྱེད་མང་བའི་དུས་དང་ཏག་ཏག་འཁེལ་ཡོད། བསྡོམས་རྩིས་ལ་གཞིགས་ན། ཟླ་8ཚེས་10ཉིན་ཁོ་ནར་མཚོ་བོད་ལྕགས་ལམ་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་8.4དབོར་འདྲེན་བྱས་ཤིང་། ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་12སོང་རིང་གི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། གོང་གི་པར་རིས་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཞོ་སྟོན་རིང་ཆེད་མངགས་བཟོས་པའི“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”ཞེས་པའི་མེ་ཏོག་སྟེགས་བུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་གར་དྲན་རྟེན་པར་རྒྱག་ཡུལ་དུ་གྱུར་པའི་གནས་ཚུལ་ཡིན་པ་རེད།