གློག་བརྙན《ཆུ་ལྷམ་ཆུང་ཆུང》ལ་འཁྲབ་ཁྲིད་པ་རྩེ་གྲ་སོགས་བྱ་དགའ་ཆེན་མོ་དྲུག་གི་འོས་མིང་དུ་ཚུད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2018ལོའི་སྤྱི་ཟླ8པའི་ཚེས14ཉིན། རྒྱའི་ན་གཞོན་གློག་བརྙན་གླེང་སྟེགས་སྐབས་བཅུ་གསུམ་པའི་བྱ་དགའི་འོས་མིང་དུ་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་ལྟར་ན།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་བྱས་ཤིང་།ལྷ་དཔལ་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཆུ་ལྷམ་ཆུང་ཆུང》ཞེས་པ་ལ།འཁྲབ་ཁྲིད་པ་རྩེ་གྲ་དང་འཁྲབ་གཞུང་རྩེ་གྲ།བརྙན་ལེན་རྩེ་གྲ།སྒྲིག་སྦྱོར་རྩེ་གྲ།སྒྲ་ལེན་རྩེ་གྲ།བརྙན་སྐྲུན་པ་རྩེ་གྲ་བཅས་ཀྱི་བྱ་དགའ་ཆེན་མོ་དྲུག་གི་འོས་མིང་དུ་ཚུད་འདུག

ལོ་ཙཱ་བ། ཤ་མོ་འཚོ།