2018ལོའི་རབ་མཛེས་མཚོ་སྔོན(ཞང་ཀང)ཚོང་རྫས་སྣ་འཛོམས་ཞང་ཀང་ཟས་མཆོག་འགྲེམས་སྟོན་དུ་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་ཉོ་ཚོང་བརྗེ་སྤེལ་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དང་། ཞང་ཀང་གི་འཛད་སྤྱོད་པས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ལ་ཆ་རྒྱུས་ཇེ་ཆེ། ས་ཁོངས་ཕྱི་ནང་གི“ཁྲོམ་ར་གཉིས”“ཐོན་ཁུངས་རིགས་གཉིས”བེད་སྤྱོད་གང་ལེགས་སྒོས་ཕྱི་ནང་གི་ཉོ་ཚོང་མཉམ་འདྲེས་མཉམ་སྤེལ། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས“ཕྱིར་བསྐྱོད་པ”ཡི་གོམ་སྟབས་ཇེ་མགྱོགས།  ཞང་ཀང་དང་འཛམ་གླིང་གི་ས་གནས་ཁག་གི་ཁྲོམ་རའི་ཁྲོད་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་བར་སྟོང་རྒྱ་བསྐྱེད་བཅས་ཀྱི་ཕྱིར་དུ།  2018ལོའི་ཟླ8པའི་ཚེས16ཉིན་ནས་ཚེས20ཉིན་བར་དུ། རང་རེའི་ཞིང་ཆེན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པ་སྒྲིག་འཛུགས་སྒོས་ཞང་ཀང་གི་ཟས་མཆོག་འགྲེམས་སྟོན་ཆེན་མོ་སྐབས29པ་དང་དུས་མཉམ་དུ་སྤེལ་བའི2018ལོའི་རབ་མཛེས་མཚོ་སྔོན(ཞང་ཀང)ཐོན་རྫས་སྣ་འཛོམས་བྱེད་སྒོ་སྤེལ་རྒྱུ་རེད།

2018ལོའི་རབ་མཛེས་མཚོ་སྔོན(ཞང་ཀང)ཐོན་རྫས་སྣ་འཛོམས་བྱེད་སྒོ་དེ་ནི་ཞིང་ཆེན་ཚོང་ལས་ཐིང་གིས་གཙོ་སྒྲུབ་གནང་ཞིང་། བརྗོད་བྱང་ལ“རབ་མཛེས་མཚོ་སྔོན·སྐྱོན་བྲལ་འཛད་སྤྱོད” ཅེས་ཟེར་བ་དང་། ཞིང་ཆེན་ནང་ཁུལ་ནས་ཁེ་ལས60སྒྲིག་འཛུགས་བྱས་ནས་ཞུགས་ཡོད།  འགྲེམ་ཞུགས་ཐོན་རྫས་ནང་དུ་སྦྲང་རྩི་དང་། འཕང་འབྲས།  ཚགས་ཤ་དང་ལུག་ཤ་ལས་བཟོས་པའི་ཐོན་རྫས།  འོ་བཟོས་ཐོན་རྫས། བཏུང་ཆུ་དང་ཆང་རིགས། སྐྱེ་དངོས་ཐོན་རྫས་སོགས་ཐོན་རྫས་ཆེ་རིགས་དགུ་སྟེ།མཐོ་སྒང་གི་སྤུས་ཀ་ལེགས་ལ་མིང་དུ་གྲགས་པའི་ཐོན་རྫས་སྣ་བཞི་བརྒྱ་ལྷག་ཁྱབ་ཡོད།   བྱེད་སྒོའི་སྐབས་སུ། ཞང་ཁང་གི་ཟས་མཆོག་འགྲེམས་སྟོན་ཚོགས་འདུའི་འགོ་ཚུགས་མཛད་སྒོ་དང་། ཐོན་རྫས་སྣ་འཛོམས་གཉེར་བའི་མཛད་སྒོ།  མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་ཐོན་རྫས་གསར་པ་ཡུལ་དངོས་འགྲེམས་ཚོང་།  ཚོང་འགུགས་དངུལ་འདྲེན་འོས་སྦྱོར་ཚོགས་འདུ། ལས་གཞི་ཆིངས་འགོད་ལ་སོགས་ཀྱི་བྱེད་སྒོ་ཡོད་པས།  ཐེངས་འདིའི་ཐོན་རྫས་སྣ་འཛོམས་ཆེན་པོ་འདི་ནི་སྐམ་སའི་ཁེ་ལས་དང་འཛམ་གླིང་གི་ས་གནས་ཁག་གི་ཁེ་ལས་སྤྱི་དང་། ནང་སྒོས་སུ་ཞང་ཁང་དམིགས་བསལ་ཁུལ་གྱི་ཁེ་ལས་བརྗེ་སྤེལ་དང་འབྲེལ་འདྲིས། རྒྱལ་སྤྱིའི་ཁྲོམ་ར་བཅས་ལ་སྒོ་མོ་འབྱེད་པའི་སྟེགས་བུ་གལ་ཆེན་ཞིག་རེད་ལ།  ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་འབྲེལ་བ་འཚོལ་བའི་ཐབས་ལམ་སྟབས་བདེ་ཞིག་ཀྱང་རེད། ཤེས་གསལ་ལྟར་ན།2018ལོའི་རབ་མཛེས་མཚོ་སྔོན(ཞང་ཀང) ཚོང་འགུག་དངུལ་འདྲེན་འོས་སྦྱོར་བྱེད་སྒོ་ཐོག་སྔོན་རྩིས་བྱས་ན་ཧ་ལམ་ལས་གཞི་དགུ་ལ་གྲོས་ཆིངས་འཇོག་རྒྱུ་དང་། གྲོས་ཆིངས་ཀྱི་མ་དངུལ་དེ་ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར8ལ་སླེབས་ཡོད་པ་རེད།

ཤེས་གསལ་ལྟར་ན། མཚོ་སྔོན་གྱི་ཚོང་རྫས་སྣ་འཛོམས་ཆེན་པོ་དེ2010ལོར་སྤེལ་ཚུན་ལ། “ཕྱིར་བསྐྱོད་པའི”བསམ་བློ་རྒྱུན་བསྐྱངས་ཏེ།   འགྲེམས་ཚོང་དང་། བྲིན་རྒྱུག་ཆེ་བའི་ཚོང་རར་བརྟེན་ནས་ས་དེ་གའི་ཚོང་པ་ནང་འགུགས་ཀྱིས་ཡུན་རིང་གི་མཉམ་ལས་འབྲེལ་བ་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད་པ་དང་། མཚོ་སྔོན་གྱི་ཐོན་རྫས་ཀྱི་སྐད་གྲགས་དང་ཞིང་ཆེན་ཕྱིའི་ཁྲོམ་རར་ཟིན་ཚད་རྒྱ་བསྐྱེད་དེ། མཚོ་སྔོན་ཁེ་ལས་ཕྱི་ཕྱོགས་སུ་འཕེལ་བར་རྒྱུན་མ་ལྷོད་པར་སྐུལ་སྤེལ་བྱས་པ་དང་ཆབས་ཅིག   བྱེད་སྒོ་དེ་ལ་བརྟེན་ནས་མཚོ་སྔོན་གྱི་ཁེ་ལས་ཀྱིས་པེ་ཅིང་དང་། ཧྲང་ཧའེ། སི་ཁྲོན། ཧྥུ་ཅན་སོགས་ས་གནས་སུ་ཡུན་རིང་གི་ཚོང་ལམ་བཏོད་ནས་ཞིང་ཆེན་གྱི་ཐོན་རྫས་ཕྱིར་བྲིན་ཚོང་ཐུབ་པའི་ཁྲོམ་རའི་སྒོ་མོ་ཡངས་པོར་ཕྱེས་ཏེ། རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་ཕྱོགས་མང་དང་བར་ཐག་མེད་པའི་སྒོ་ནས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་མྱོང་ཚོར་ཐུབ་པའི་གོ་སྐབས་བཟང་པོ་བཏོན་ཡོད་པའི་མི་ཚད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཐོན་རྫས་དང་ཁེ་ལས“ཕྱི་རུ་བསྐྱོད་པ”ཡི་གོམ་སྟབས་ལ་སྐུལ་སྤེལ་བྱས་ཡོད་པ་རེད།   བསྡོམས་རྩིས་ལྟར་ན།  ཐོན་རྫས་སྣ་འཛོམས་ཆེན་པོའི་བྱེད་སྒོས་སྔ་གཞུག་ཏུ་མ་དངུལ་དམངས་སྒོར་དུང་ཕྱུར28ཀྱི་གྲོས་ཆིངས་བཞག་ཡོད་པ་དང་། ཡུལ་དངོས་བྲིན་ཚོང་མ་དངུལ་སྒོར་ཁྲི3000ལྷག་བྲིན་ཚོང་བྱས་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།